Skip to main content Skip to search
01 Sep 2018
3 min 56 sec
Video Overview
Creators: 
Duptho

This is a fiction story of an old couple and a monkey, who deceived an old couple for several times. While the couple were planting potato in the field, the monkey came and adviced them the procedures to plant potato. Firstly, the monkey adviced that potato should be cooked, secondly it should be covered in a banana leaf and then each potato should be located with a peace of stick next to it. The couple agreed and planted all the potatos in a large feild. Later the monkey ate all the potatos and went back to couple's house. The couple got annoyed and beat the monkey but the monkey made an excuses and angain deceived several time and later ran away. Thus, the key message of the story is deception.

 

༉  སྲུང་གི་རིགས་ལེ་ཤ་ཅིག་ཡོད་པའི་གྲས་ལས་ བཀྲ་ཤིས་སྒང་རྫོང་ཁག་གཤོང་ཕུག་རྒེད་འོག་ལས་ ཀརྨ་ཚེ་རིང་གིས་གཏང་མི་སྲུང་འདི་ ཧེ་མ་ རྒན་རྒས་བཟའ་ཚང་གཉིས་ལུ་ སྤྱ་གིས་མགུ་སྐོར་རྐྱབ་སྟེ་ཞིང་ནང་ཀེ་བ་བཙུགས་ཐངས་སྟོན་བྱིན་པའི་སྐོར་ལས་ཨིན་པས། སྲུང་འདི་གིས་ གཅིག་ལས་འབདན་ མི་ཟེར་རུང་འབྱུང་ཁུངས་མེདཔ་བཟུམ་ཅིག་དང་ གཅིག་ལས་འབདན་ རོགས་ཀྱིས་ག་སླབ་མི་འདི་འབད་ནི་མེན་པར་ རང་གིས་ར་བརྟགས་ཤིང་དཔྱད་དགོ་ ཟེར་བའི་དོན་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ཀརྨ་ཚེ་དབང་། Karma Tshewang
    ལ་སོ་ལགས། ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ད་རུང་རང་ ང་གིས་ ཨང་རྒས་དང་ཨ་རྒས་གཉིས་ཀྱིས་ ཏེ་ཚལ་མ་ཀེ་བ་[བོ་ཟོང་] བཙུགས་པའི་གཏམ་ཅིག་ཞུ་ནི་ལགས། ཏེ་ ཨ་ནི་ཚལ་མ་ཀེ་བ་[བོ་ཟོང་]འདི་ ག་དེ་སྦེ་བཙུགས་ཡི་ཟེར་བ་ཅིན་ ཏེ་ཨང་རྒས་དང་ཨ་རྒས་གཉིས་ ཏེ་ཞིང་ནང་ཚལ་མ་ཀེ་བ་[བོ་ཟོང་]ཅིག་ ཏེ་བཙུགས་ནི་གིས་ཟེར་ སྡོད་པའི་སྐབས་ཏེ་ སྤྱ་གཅིག་འོང་ནུག་ལགས།
    Okay. I will now narrate a story about an old man and women who were planted wild potato. One day, the old man and women were working in the field to plant wild potato when the monkey appeared.
  • ཀརྨ་ཚེ་དབང་། Karma Tshewang
    ཏེ་ སྤྱ་འོང་སྟེ། སྤྱ་གིས་སླབ་ནུག་ དབའི་ཨང་རྒས་དང་ཨ་རྒས་ཟེར། ཏེ་ ད་ ཚལ་མ་ཀེ་བ་[བོ་ཟོང་]བཙུགས་ནི་གིས་འདི་ ཨ་ནཱི་སྦེ་མེན་མས། ཁྱོད་གཉིས་ཀྱིས་ བཙུགས་ཐངས་ཟེར་སླབ་ནུག ཏེ་ བཙུགས་ཐངས་ ཨ་ནཱི་སྦེ་མེན། ཏེ་ དབའི་ ག་དེ་སྦེ་བཙུགས་ནི་སྨོ་ཟེརཝ་ད་ལུ་ དེ་ལས་ ཏེ་ ཏེ་ ད་ ཏེ་ ཚལ་མ་ཀེ་བ་[བོ་ཟོང་]འདི་བཙོ་སྟེ་ སྤག་ཀོ་ཤུབས་ཏེ་ མར་ལུ་བརྔོས་ཏེ་ ཤིང་གི་འདབ་མ་[གླ་ག་]གིས་སྤུར་ཏེ་ ཏེ་ཕ་ལུ་བཙུགས་དགོ་ཟེར་ ཏེ།
    The monkey said the old couple is planting the wild potato in a wrong way. “Then how do we plant the wild potato,” asked the couple. The monkey said first of all, the wild potato should be boiled, peel the cover, fry in the butter and cover it with banana leaves and plant it.
  • ཀརྨ་ཚེ་དབང་། Karma Tshewang
    ཨ་ནཱ་བཙུགས་སའི་ ཤུལ་ལུ་འདི་ འཁརཝ་རེ་རེ་བཙུགས་བཞག་དགོ་ཟེར་ ཁྱོད་གཉིས་ ཨང་རྒས་དང་ཨ་རྒས་ཟེར། དེ་ལས་ སྤྱ་གིས་ ཨ་ནཱི་སྦེ་སླབ་སྟེ་ ཨང་རྒས་དང་ཨ་རྒས་གཉིས་འདི་ ཨིན་མས་ ད་ ཡ་ ཟེར་ ཏེ་ ཚལ་མ་ཀེ་བ་[བོ་ཟོང་]བཙོ་སྟེ་ སྤག་ཀོ་ཤུབས་ཏེ་ ཤིང་གི་འདབ་མ་གྱིས་་སྤུར་ཏེ་ མར་ནང་བརྔོས་ཏེ་ ཤིང་གི་འདབ་མ་ནང་ སྤུར་ཏེ་ སྡོང་སྤེད་སྟེ་ བཙུགས་ཏེ་ དེ་ལས་ འཁརཝ་རེ་རེ་བཙུགས་བཞག་བཞགཔ་ཨིན་པས།
    The monkey further advised the couple to put sticks along the potatoes. Then the couple boiled the potato, fried it in the butter, covered it with banana leaves and planted it along with the stick.
  • ཀརྨ་ཚེ་དབང་། Karma Tshewang
    ཏེ་ དེ་ལས་ ཨ་ནཱ་ལུ་ འཁརཝ་རེ་རེ་བཙུགས་བཞག་སྟེ་ དེ་ལས་ ཏེ་ ཏེ་ཧ་ལམ་ཅིག་ལས་ ཨང་རྒས་དང་ཨ་རྒས་མ་ཤེས་པར་སྡོདཔ་ད་ལུ་ ཏེ་ སྤྱ་གིས་འོང་སྟེ་ ཚལ་མ་ཀེ་བ་[བོ་ཟོང་] འདི་ ག་ར་སློང་སྟེ་ ཟ་བཞག་ནུག་བ་ལགས ཏེ་སློང་སྟེ་ཟ་སྟེ་ ཚར་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ རྫོགས་ཏེ། ནངས་པ་ ཞག་གཉིས་གསུམ་དེ་ཅིག་ནང་ ལྷོདཔ་མས་ལོ་ སྤྱ་འདི་ཚུ། ཨ་ནི་ ཀེ་བ་སློང་ཟ་མི་ སྤྱ་འདི། ཏེ་ཨ་ནི་ཚལ་མ་ཀེ་བ་[བོ་ཟོང་]ཟ་མི།
    Then the monkey dug the potato and ate it all. Then the couple realized that the monkey ate it all.
  • ཀརྨ་ཚེ་དབང་། Karma Tshewang
    ད་ེལས་ ཏེ་ ཨང་རྒས་གིས་སླབ་ནུག་ ཡ་ ང་གིས་ཨ་ནཱ་ སྒོ་གི་རྒྱབ་ཁར་གཡོབ་སྡོད་གེ་མས། ཏེ་ ཨང་རྒས་ཁྱོད་ཀྱིས་ ལེགས་ཤོམ་འབད་ཁོ་ལུ་དྲི་མས་ཟེར་ བློ་སླབ་ནུག ཏེ་ དེ་ལས་ ཏེ་ སྒོའི་རྒྱབ་ཁར་ གཡིབ་སྟེ་སྡོད་ ཨང་རྒས་འབད་སར། ཏེ དེ་ལས་ ཨང་རྒས་ཡོད་ག་ཟེར་སླབ་སླབ་མས་སྤྱ་གིས་ ཨང་རྒས་ཀྱིས་ ཡོད་ཡོད་ཟེར་ ཤོག་ ཡར་ཤོག་ཟེར་སླབ་ནུག ཏེ་ སྤྱ་ནང་ན་བཙུགས་བཞག་སྟེ་ དེ་ལས་ ཏེ་ ཨང་རྒས་ཀྱིས་ སྒོ་ཕྱེ་གཏངམ་ད་ལུ་ ཨ་རྒས་ཀྱིས་རྒྱབ་ལས་ སྒོའི་རྒྱབ་ལས་འཐོན་ཏེ་ ཏེ་ སྤྱ་འདི་བརྡུང་གཏང་ནུག་ལགས།
    Then the old man hid behind the door and the old woman was asked to verify the facts. After sometime, the old man asked old women, “Old women are you there.” The old women said, “Yes, yes, come here, come here.” The old man came out of his hiding and move towards the monkey.
  • ཀརྨ་ཚེ་དབང་། Karma Tshewang
    ཏེ་ སྤྱ་བརྡུང་གཏངམ་ད་ལུ་ ཏེ་ སྤྱ་གིས་ ཏེ་ དབའི་མ་བརྡུང་། ཨ་ནཱི་སྦེ་མ་འབད་ ད་འབདན་ ང་ ཏེ་ གེ་ཛ་གིས་ལག་གཟེམ་སྦོམ་ནང་ན་ བཙུགས་བཞག་ཟེར་སླབ་ནུག་ ཁོ་གིས། དེ་ལས་ཏེ་ ཁྱོད། མ་བརྡུང་ཁྱོད་གཉིས་ཀྱིས། ཏེ་ ཨང་རྒས་དང་ཨ་རྒས་གཉིས་འདི་ ཨིན་ན་མནོ་སྟེ་ གེ་ཛ་གིས་ལག་གཟེམ་སྦོམ་ནང་ན་བཙུགས་བཞག་ནུག་ ཁོ་ ཏེ་ གེ་ཛ་འདི་ དབའི་ གེ་ཛ་ཟ་ཚར་ཡི། ཡ་ད་འབདན་ བསྐྱལ་སར་བསྐྱལ་ནུག སྤྱ་གིས་གེ་ཛ་ཟ་ཚར་ནུག ད་རུང་ ཨ་རྒས་ཙིགཔ་ཟ་སྟེ་ རྟས་ཐག་བརྡུང་ནི་འབད་ནུག
    When the old man was beating the monkey, he pleaded the old couple not to beat him instead to lock him up in the maize silo. The old couple thought it was best and locked the monkey in the silo. Then the monkey ate up all the maize. The old man became disappointed and marched to the monkey to beat him.
  • ཀརྨ་ཚེ་དབང་། Karma Tshewang
    རྟས་ཐག་བརྡུང་ནི་འབདཝ་ད་ དབའི་ ཨ་རྒས་ ཨ་ནི་འབད་མ་མཛད་ ད་འབདན་ ང་སྲནམ་ཅུང་བཞགས་སའི་ལག་གཟེམ་ནང་ན་ བཙུགས་བཞག་ཟེར་སླབ་ད། ད་རུང་ ཨ་རྒས་སྤྱ་གིས་བློ་ལུ་ཉན་ཏེ་ ཏེ་ སྲནམ་ཅུང་བཞགས་སའི་ལག་གཟེམ་ནང་ན་ བཙུགས་བཞགཔ་ད་ལུ་ ཏེ་ ད་རུང་ སྲནམ་ཅུང་ཟ་ཚར་ནུག ཡ་ད་འབདན་ མི་བཏུབ་ནི་མས། ཁོ་ཐད་རི་བ་རི་ར་ བསད་ནི་ད་འབདན་ཟེར། དེ་ལས་ ཨང་རྒས་དང་ཨ་རྒས་ ཡ་ ཨང་རྒས་ལུ་སླབ་ནུག ཡ་ ད་རིས་འབདན་ ཨ་ནཱི་སྤྱ་འདི་བསད་ནི་ཟེར་སླབ་ནུག
    Then the monkey asked the old man to lock him in the soya bean silo. Then the couple locked the monkey in the soya bean silo. Later the monkey ate up the entire soya bean. The old man said to his wife, “Now, I will kill the monkey for sure.”
  • ཀརྨ་ཚེ་དབང་། Karma Tshewang
    ཏེ་ སྤྱ་གིས་སླབ་ནུག་ དབའི་ཨང་རྒས་དང་ཨ་རྒས་ ང་བསད་ད་ལུ་ ཏེ་རྒྱུ་ལེ་ཤ་དགོ་མས་ཟེར་སླབ་ནུག ག་ཅི་དགོ་ནི་ཟེར་སླབ་ད་ལུ་ ཏེ་ ད་ ང་བཅས་ཤིཝ་ད་ལུ་ ཟས་ག་དེ་སྦེ་བཞག་སྨོ་ཟེར། ཏེ་ ལྟོ་འབད་དེ་ ཤ་བཙོ་སྟེ་ ཏེ་ རྔ་དང་རིལམོ་བཤེད་དེ་ དེ་ལས་ མར་ཆུ་གཤམ་མདའ་ལུ་འབག་སྟེ་ ང་མགུ་ཏོག་མར་ལུ་ ཨ་བུག་གནམ་ཁར་ལྷོང་སྟེ་ ཨ་བུག་ལུ་ བྱེམ་བཙུགས་ཏེ་ བསད་མས་ཁྱོད་གཉིས་ཀྱིས་ཟེར། དེ་ལས་ ལྟོ་དང་ཨ་ནཱི་ གདོང་ཁར་བཞག་སྟེ་ ཏེ་ ང་ ག་ཅི་ལོ་ མགུ་ཏོག་མར། ཨ་བུག་ལུ་ བྱེམ་བཙུགས་ཏེ་ བྱེམ་ ཨ་བུ་གུ་ལུ་ བྱེམ་བཙུགས་ཏེ་ ཨ་ནི་འབད་བསད་ཟེར་ ཨ་ནཱི་སྦེ་སླབ་ནུག
    The monkey said it will require enormous wealth to kill him. When the couple asked on what are the things that the old couple have to do. The monkey said, they have to cook food and boil meat. The monkey said like the traditional offering made to dead people, the couple will also need cymbal and drum. The monkey further asked the couple to take him to the river, hang him upside down and fill up his butts with sand and kill him.
  • ཀརྨ་ཚེ་དབང་། Karma Tshewang
    དེ་ལས་རྐྱངམ་ཅིག་ ཨིན་མས་སྨོ། ཨང་རྒས་དང་ཨ་རྒས་ཀྱིས་ འབག་འགྱོ་སྟེ་ སྤྱ་འབག་སྟེ་ མར་ལུ་སོང་སྟེ་ མར་ཆུ་གཤམ་མདའ་ལུ་འབག་སྟེ་ དེ་ལས་ ལྟོ་དང་ཨ་ནཱི་ གདོང་ཁར་བཞག་སྟེ་ རྔ་དང་རོལམོ་བཞག་སྟེ། དེ་ལས་ བྱེམ་བཙུགས་ནུག་ ཏེ་ ཨང་རྒས་དང་ཨ་རྒས་ཀྱིས་ སྤྱ་གི་ཨ་བུག་ལུ། བྱེམ་བཙུགསཔ་ད་ལུ་ ཏེ་ ཡ་ ཨང་རྒས་དང་ཨ་རྒས་ཟེར་སླབ་ནུག་ཏེ་ ཏེ་ ག་ཅི་སྨོ་ ཟེརཝ་ད་ལུ་ གང་ནུག་ག་ བལྟ་དབའི་ཟེར་སླབ་ནུག་ ཏེ་ སྤྱ་གིས།
    As directed by the monkey, the couple prepared food, boiled meat and offered him cymbal and drum. Then the couple took the monkey to the river, hung him upside down and filled his butt with the sand. Then the monkey called the old man. “What do you have to say?” asked the old man. The monkey replied, “Make sure that butt is filled with the sand.”
  • ཀརྨ་ཚེ་དབང་། Karma Tshewang
    གང་ནུག་ག་ བལྟཝ་ད་ ཨང་རྒས་དང་ཨ་རྒས་ མིག་ཏོག་བལྟཝ་ད་ལུ་ སྤྱ་གིས་ཕྱེན་གཏང་བྱིནམ་ད་ལུ་ ཨང་རྒས་དང་ཨ་རྒས་ཀྱི་ མིག་ཏོག་གུ་ བྱེམ་འཛུལ་སོང་ནུག་ ཏེ་ བྱེམ་འཛུལ་འགྱོ་ད་ལུ་ ཧ་ལམ་ ཨང་རྒས་དང་ཨ་རྒས་ མིག་ཏོག་འཕྱག་སྡོདཔ་ད་ལུ་ འ་ སྤྱ་གིས་བྱོག་ཡར་སོང། ལྟོ་དང་ཤ་ག་ར་འབག་སྟེ་ རྔ་དང་རོལམོ་འབག་སྟེ་ ཤིང་ཐོག་ཁར་འཛེག་སྟེ་ དེ་ལས་ ཨང་རྒས་དང་ཨ་རྒས་ དེ་ སྤྱ་གིས་ ཨ་རྒས་དང་ཨང་རྒས་འགྱོཝ་ད་ ཆེ་ལེམ་ཆེ་ལེམ་ ཟེརཝ་ལས་ལོ་ ཤིང་ཐོག་ཁ་ལས། དེ་ལས་ ཨང་རྒས་དང་ཨ་རྒས་ དབུགས་འགམ་སྟེ་ ལོག་འོང་ཡི་ལོ་ལགས།
    When the old couple peeped through his butt to see if it is filled with the sand, the monkey farted. The sand moved into the eyes of both the couple. The monkey ran away when the couple was rubbing their eyes. The monkey took away the food, meat, drum and the cymbal and climbed up the tree and shouted ‘chelem chelem’. The couple became disappointed and went back.