Video Overview
In this video, Dupthop Zangmo tells a story about a mother and her son who sleeps all day long. One day, the mother tells him to stop sleeping, and go outside in order to experience life. Following his mother’s advice, he goes out, meets a beautiful girl, and later gets married to her.
སྲུང་བཏང་ནི་འདི་ བཟའ་ཚང་ནང་འཁོད་དང་ མི་མང་འཛོམས་ས་ལུ་ སྤྲོ་སྟོན་གྱི་ལས་སྣང་ཅིག་ཨིན་རུང་ འཛམ་གླིང་སྤྱི་འགྱུར་གྱི་དུས་དང་བསྟུན་ རྒྱ་མཐོང་དང་ འགྲུལ་འཕྲིན་ལ་སོགས་པའི་ འཕྲུལ་འབྲེལ་གྱི་སྤྲོ་སྟོན་ཚུ་ལུ་བརྟེན་ སྲུང་བཏང་ནི་འདི་ ཉམས་སོང་ནུག། ད་ལྟོ་ནཱ་གི་ སྲུང་འདི་འབད་བ་ཅིན་ ཨའི་དང་བུ་གཅིག་གི་སྐོར་ལས་སྦེ་ བུ་འདི་ཨ་རྟག་ར་ ཉལ་སྡོད་དོ་ཡོདཔ་ལས་ ཉིནམ་ཅིག་འབདཝ་ད་ ཨའི་གིས་ ཁོ་ལུ་མ་ཉལ་མ་སྡོད་པར་ མི་ཚུའི་ལྟ་བྱ་མཐོང་བྱ་རེ་ ཧ་གོ་ནིའི་དོན་ལུ་ ཁྱིམ་གྱི་ཕྱི་ཁར་ སོང་ལྟ་ཟེར སླབ་སླབ་མས། འདི་འབདཝ་ལས་ ཁོ་ཕྱི་ཁར་སོང་ཞིནམ་ལས་ ཨམ་སྲུ་འཇའ་རིངམ་ཅིག་དང་ཕྱད་དེ་ ཤུལ་ལས་མོ་དང་གཅིག་ཁར་ གཉེན་རྐྱབ་རྐྱབ་ཏེ་དགའ་ཏོག་ཏོ་སྦེ་སྡོད་པའི་སྐོར་ལས་ཨིན་པས།
- Sakteng
- Demkhar
- གྲུབ་ཐོབ་བཟང་མོཏེ་ ཨ་ལོ་གཅིག་ ཨའི་འདི་ལཱ་ར་ལཱ་འབད་དེ་ ལཱ་ར་འབད་དེ་སྡོད། དེ་ལས་ བུ་འདི་ཉལ་ཏེ་ར་སྡོད་དོ་ཡོདཔ་མས། བུ་འདི་ཉལ་ཏེ་ར་སྡོད་དེ་ ཨའེ་ཟེར་ ཉལ་ཏེ་སྡོད་མི་ཟེར།
- གྲུབ་ཐོབ་བཟང་མོལོང་ས་ཁྱོད་ཟེར། ཨ་ཙི་འདི་ ལོང་ཏེ་སྡོད་བལྟ་ད་ཟེར། དེ་ལས་ ཁོ་ཨ་ལོ་གིས་མ་ཉནམ་མས་ ཉལ་ཏེ་ར་སྡོད། ད་རུང་རང་ ཨའི་གིས་ ཨའེ་ ཉལ་ཏེ་སྡོད་མི་ཟེར།
- གྲུབ་ཐོབ་བཟང་མོཉལ་ཏེ་སྡོད་མི་ཁྱོད། ཉལ་ནི་མེན་ས་ཁྱོད་ཟེར། ལོང་ས་ཟེར། ལོང་བ་འདི། ཉལ་ས་ལས་ ལོང་། ལོང་བ་འདི་འགྱོ་ཟེར་ ཏེ་ སྡོད་དེ། སྡོད་བ་འདི་ འགྱོ་ཟེར། འགྱོཝ་ད་ལུ་ ཏེ་ ཁྱོད་ ཨེང་ འགྱོཝ་ད་ལུ་ ཏེ་ ཚོང་གཅིག་ཐོབ་ཟེར། ཁྱོད་ག་ཅི་ཅིག་ ལཱ་ཅིག་ཐོབ་ཟེར་ ཨའི་གིས་ཨ་ནཱི་འབད་སླབ་སླབ་མས།
- གྲུབ་ཐོབ་བཟང་མོདེ་ལས་ ཨ་ལོ་གིས་འགྱོ་ ཏེ་ ག་བཟུམ་འབདཝ་ད་ ལོང་བ་འདི་འགྱོ། འགྱོ་བ་འདི་ འགྱོ་ ཏེ་ ཕར་ཚུར་འགྱོ་ཏེ་འབདཝ་ད་ལུ་ ལོང་ཏེ་འགྱོ་ ཏེ་ དེ་ལས་ ཨ་ནཱ་ལས་ ཚོང་ཅིག འགྱོཝ་ད་ལུ་ ཨམ་སྲུ་ཅིག་ཐོབ་ཐོབ་ཨིན་མས་ཁོ།
- གྲུབ་ཐོབ་བཟང་མོཨམ་སྲུ་གཅིག་ཐོབ་སྟེ་ ཨམ་སྲུ་གཅིག་ཐོབ་སྟེ་ དེ་ལས་ ཨམ་སྲུ་འཁྱིད་སྟེ་ ཚོང་ཅིག་ ཚོང་འབག་འོང་འོངམ་ཨིན་མས། ཁོ་ དེ་ལས་ གནམ་མེད་ས་མེད་ཕྱུགཔོ་འཐོན་འཐོནམ་ཨིན་མས་ ཁོ།
- གྲུབ་ཐོབ་བཟང་མོང་གིས་སླབ་ཅི་བ་ ཁྱོད་ལུ་ཟེར། ཉལ་སྡོད་མི་ཁྱོད་ ཉལ་ཏེ་ར་མ་སྡོད་ཟེར་ འགྱོ་ཟེར། ལོང་། ལོང་བ་འདི་འགྱོ། འགྱོ་བ་ལས་ ཚོང་ཅིག་ཐོབ་ཟེར་ཁྱོད། ཁྱོད་ག་ཅི་ཅིག་ཐོབ་ཟེར། ཨམ་སྲུ་ཨ་ནཱི་འབད་སླབ་ཅི་བ་ཁྱོད།
- གྲུབ་ཐོབ་བཟང་མོདེ་ལས་ ཨའི་གིས་ཨ་ནཱི་སླབ་ཅི། ཏེ་ ཨམ་སྲུ་ཡང་འཇའ་རིངམོ་ཅིག་ཐོབ་ཐོབ་ཨིན་མས་ཁོ། ཨམ་སྲུ་འཇའ་རིངམོ་ཅིག་ཐོབ། དེ་ལས་ ཨ་ནཱ་ལས་ ཏེ་ ཨམ་སྲུ་ཅིག སླབ་ཅི་བ་ ང་གིས་ཁྱོད་ལུ་ ཁྱོད་འགྱོ་བ་ལས་ ཉལ་བ་ལས་ ལོང་བ་དྲག ལོང་བ་ལས་འགྱོ་བ་དྲག་འོང་།
- གྲུབ་ཐོབ་བཟང་མོའགྱོ་བ་ལས་ ཨ་ནཱི་འབདཝ་ད་ ཁྱོད་ཐོབ་པས་མེན་ན་ སླབ་ཅི་བ་ ང་གིས་ཁྱོད་ལུ། དེ་ལས་ ཨའི་གིས་ཨ་ནི་སྦ་ཞིནམ་ལས་ ཁོ་ཨ་ནཱ་ལས་ ག་ཅི་ག་ཅི་་ ཨ་ནི་ཅིག་ལས་ རྫོགས་ཡི།