Skip to main content Skip to search
28 Jun 2018
6 min 27 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • པདྨ་རྒྱལ་མཚན་
    དང་ཕུ་ ཨང་རྒས་དང་ཨ་རྒས་ ཏེ་ཚལ་མ་རྫམ་པར་འགྱོ་འགྱོཝ་མས་ལགས་ ད་ ཚལ་མ་རྫམ་པར་འགྱོཝ་ད་ལུ་ ཏེ་ལམ་ཁར་ཕྱད་ཕྱདཔ་མས་ ཨང་རྒས་ སྟ་རེ་འཕྱོག་ནི་ ཨང་རྒས་ཟོརཝ་འཕྱོག་ནི་རུ་ཀེང་ཀེང་ ཨ་རྒས་སྟ་རེ་འཕྱོག་ནི་ རུ་ཀེང་ཀེང་ཟེར་ སླབ་སླབ་མསས་སྦལཔ་གིས།
  • པདྨ་རྒྱལ་མཚན་
    དབའི་ ང་བཅས་གཉིས་ལུ་ སྟ་རེ་གཅིག་དང་ ཟོརཝ་གཅིག་ཡོད་མི་འདི་ཡང་ འཕྱོག་ནི་ཟེར་སླབ་མས་ཟེར་ འགྱོ་ཤིག་འགྱོ་ཤིག་ཨ་རྒས་ཟེར་ འགྱོ་ཤིག་འགྱོ་ཤིག་ཨ་རྒས་ཟེར་ ད་ ཨ་རྒས་ཁོང་གཉིས་འགྱོཝ་ཨིན་མས་སྨ་རེ།
  • པདྨ་རྒྱལ་མཚན་
    ལམ་བདའ་འགྱོཝ་ད་ ཏེ་ལམ་ཁར་ འ་ནཱི་ཨ་ཙི་ཅིག་མགྱོགས་སུ་སྦེ་འགྱོཝ་ད་ སྦུལ་གཅིག་བསྣད་ད་ཨིན་མས་
    ཏེ་སྦུལ་གྱིས་ སྒལ་ཏོ་གུ་ སྦུལ་ལུ་བསྣདཝ་ད་ སྦུལ་གྱིས་ཏེ་ ཨང་རྒས་དང་ ཨ་རྒས་ཀྱི་བསྣད་ད་ཡི་ཟེར་ དེ་ལས་ཏེ་ འདྲོག་སྟེ་བྱི་ཅུང་གི་ སྒོང་རྡོག་བཟའ་ད་ནུག
  • པདྨ་རྒྱལ་མཚན་
    འ་ནཱི་ བྱི་ཅུང་ཟེར་བྱ་འོང་མེན་ན་ལགས་ ཏེ་བྱི་ཅུང་གི་སྒོང་རྡོག་བཟའ་ནུག་ལགས་ ཏེ་བྱི་ཅུང་འདྲོག་སྟེ་ ཏེ་ཏ་མ་ བྱ་དགོ་བོ་གི་མཆོ་ཏོ་གུ་ ཨ་བ་བཏང་ནུག་ལགས།
  • པདྨ་རྒྱལ་མཚན་
    ད་ བྱ་དགོ་བོ་འདྲོག་སྟེ་ ད་རུང་ ཏེར་ཤའི་རུབ་སྦྱིས་ལུ་ ཏེ་ཆགས་ད་ནུག་ལགས་ ཏེ་ཏེར་ཤ་གི་ བཤེད་མ་ཚུགས་ པར་ ཏེར་ཤའི་བཤེད་མ་ཚུགས་པར་ ཏེ་ཆད་དེ་ཕར་ཀ་ཤའི་སྒལ་ཏོ་གུ་ཕོག་ཆེ་ནུག
  • པདྨ་རྒྱལ་མཚན་
    ཏེ་ཀ་ཤ་ཙིགཔ་ཟ་སྟེ་ དེ་ལས་ཏེ་ ལེ་ཀོ་མ་སྨད་ཚུ་ཁ་གཏོར་བཏང་བཏངམ་ཨིན་མས་ ཚལ་མ་ནའི་ལེ་ཀོ་མ་སྨད་ཟེར་ཡོད་སྦ་ལགས་ ཏེ་འ་ནཱེ་སྦེ་ ལེ་ཀོ་མ་སྨད་ཚུ་གཏོར་བཏངམ་ད་ དེ་ལས་ཏེ་ ད་ལེ་ཀོ་མ་སྨད་ཚུ་འདྲོག་སྟེ།
  • པདྨ་རྒྱལ་མཚན་
    དེ་ལས་ཏེ་ རྒྱལ་པོའི་ཐངམ་བརྡལ་བཞག་མི་དེ་ ཐངམ་བཟའ་ད་ནུག་ ཡ་ ཁོང་ཤོག་ཟེར་ ཁོང་ཚུ་ཤོག་ཟེར་སླབ་ད་ ས་ ལྡུམ་རེའི་ས་ཁར་ ངེའི་ཐངམ་མ་བཟའ་བ་ཅིན་ ཏེ་འ་ནཱི་ལེ་ཀོ་མ་སྨད་ཚུ་ བཟའ་ནི་གི་ས་སྒོ་མིན་འདུག་ག་ཟེར་ རྒྱལ་པོ་གིས་ སླབ་སླབ་མས་ལགས།
  • པདྨ་རྒྱལ་མཚན་
    ཏེ་དེ་ལས་ སླབ་ད་ལུ་ བླ་མ་མཁྱེན་ནོ་རྒྱལ་པོ་ཟེར་ ང་འདི་ འ་ནཱི་ཀ་ཤ་གཅིག་འོང་སྟེ་ ང་བཅས་མ་སྨད་ཚུ་ག་ར་ ཁ་འཕྱེལཝ་ད་ འདྲོག་སྟེ་བཟའ་ཡར་སོང་ཡི་ཟེར་ ཞུ་ནུག་རྒྱལ་པོ་ལུ་ ཀ་ཤ་འཁྱིད་ཤོག་ཟེར་གསུངས་ནུག
  • པདྨ་རྒྱལ་མཚན་
    ཏེ་ཀ་ཤ་འཁྱིདཔ་འོངམ་ད་ བླ་མ་མཁྱེན་ནོ་རྒྱལ་པོ་ཟེར་ ང་འདི་ ཏེ་ཏེར་ཤ་རུབ་སྦྱིས་ཆད་དེ་ སྒལ་ཏོ་ཁར་ཕོགཔ་ད་འདྲོག་སྟེ་ ཁོང་མ་སྨད་ཚུ་ ཁ་འཕྱེལ་ཡར་སོང་ཡི་ཟེར་ རྒྱལ་པོ་ལུ་ཞུ་ཞུཝ་མས།
  • པདྨ་རྒྱལ་མཚན་
    ད་ ད་རུང་ ད་ ཏེར་ཤ་རུབ་སྦྱིས་ལུ་ ག་ཅི་ལོ་ ཏེར་ཤ་རུབ་སྦྱིས་འཁྱིད་ཤོག་ཟེར་ ག་ཅི་ལོ་ཨིན་མས་ལགས་ ཏེ་ཏེར་ཤ་རུབ་སྦྱིས་འཁྱིད་ཤོག་ཟེརཝ་ད་ ཁྱོད་ ཁོ་ ཀ་ཤའི་སྒལ་ཏོ་ཁར་མ་བླུག་པ་ཅིན་ ཏེ་གཞན་ས་ལྡུམ་རེ་ས་ལུ་ཨིན་ སྒལ་ཏོ་ ས་ཁར་ཕོག་ནི་གི་ས་སྒོ་མིན་འདུག་ག་ཟེར་ཟེརཝ་མས།
  • པདྨ་རྒྱལ་མཚན་
    དེ་ལས་ བླ་མ་མཁྱེན་ནོ་ ང་ བྱ་དགོ་བོ་གིས་ཆགས་འོང་ལས་ ཆད་དེ་ཀ་ཤའི་སྒལ་ཏོ་ཁར་ཕོག་ཡི་ཟེར་སླབ་སླབ་མས་ ཏེ་བྱ་དགོ་བོ་འཁྱིད་ཤོག་ཟེར་ རྒྱལ་པོ་གིས་གསུངས་གསུངསམ་མས།
  • པདྨ་རྒྱལ་མཚན་
    ཏེ་ རྒྱལ་པོ་གིས་ ནཱེ་སྦེ་གསུངས་སྟེ དེ་ལས་ཏེ་ ག་ཅི་ལོ་ད་ རྒྱལ་པོ་གིས་ འ་ནཱེ་སྦེ་གསུངསམ་ད་ དེ་ལས་ཏེ་ བྱ་དགོ་བོ་འཁྱིད་འོང་སྟེ་ བྱ་དགོ་བོ་ཁྱོད་ ཏེ་ཁོ་ལུ་ ག་ཅི་ཅིག་མ་འབད་བ་ཅིན་ ཏེ་འ་ནཱ་ ས་གོ་མིན་འདུག་ག་ཟེར་ཟེརཝ་མས།
  • པདྨ་རྒྱལ་མཚན་
    བླ་མ་ ང་ བྱི་ཅུང་གིས་ ངེ་མཆོ་ཏོ་གུ་ ཨ་བ་བཏང་བྱིནམ་ལས་ ང་འདྲོག་སྟེ་ དེ་སྦེ་འཛེག་དགོཔ་བྱུང་ཡི་ཟེར་ སླབ་ནུག་ ཏེར་ཤ་རུབ་སྦྱིས་ལུ་ དེ་ལས་ཏེ་ ད་རུང་ར་ ཏེ་འ་ནཱ་ བྱི་ཅུང་འཁྱིད་འོང་འོངམ་མས།
  • པདྨ་རྒྱལ་མཚན་
    བྱི་ཅུང་གིས་ ལ་ད་ བྱི་ཅུང་ཁྱོད་ ས་ལྡུམ་རའི་ས་འ་ནཱེམ་ཅིག་ནང་ ཏེ་ཁྱོད་ཀྱིས་ བྱ་དགོ་བོ་མཆོ་ཏོ་གུ་ ཨ་བ་མ་བཏང་པ་ཅིན་ ཨ་བ་བཏང་སའི་ ས་སྒོ་མིན་འདུག་ག་ཟེར་ གསུངས་ནུག་རྒྱལ་པོ་གིས།
  • པདྨ་རྒྱལ་མཚན་
    དེ་ལས་ རྒྱལ་པོ་ཟེར་ ང་འདི་ ད་ད་རུང་ ངེའི་སྒོང་རྡོག་ ཏེ་ལམ་འོག་ལུ་བུད་མི་དང་ ལམ་ལྟག་ལུ་བུད་མི་འདི་ སྦུལ་གྱི་བཟའ་ནུག་ཟེར་ དེ་སྦེ་འབདཝ་ལས་འདྲོག་སྟེ་ དེ་སྦེ་བཏང་དགོཔ་བྱུང་ཡི་ཟེར་སླབ་སྟེ་ དེ་ལས་འདི་ སྦུལ་འཁྱིད་ཤོག་ཟེར།
  • པདྨ་རྒྱལ་མཚན་
    ཏེ་སྦུལ་འཁྱིད་འོང་སྦེ་བལྟཝ་ད་ ཏེ་སྦུལ་འཁྱིད་འོང་སྦེ་བལྟཝ་ད་ ད་རུང་ ཏེ་སྦུལ་གྱིས་སླབ་ཨིན་མས བླ་མ་ ཨང་རྒས་དང་ཨ་རྒས་འོང་སྟེ་ ངེའི་སྒལ་ཏོ་གུ་ཨེབ་བྱིན་ཏེ་ ད་ང་འདྲོག་སྟེ་ ཁོའི་སྒོང་རྡོག་བཟའ་ ཡར་སོང་ཡི་ཟེར་སླབ་སླབ་མས་ལགས།
  • པདྨ་རྒྱལ་མཚན་
    དེ་སྦེ་འབདཝ་ད་ ཏེ་ད་རུང་ འ་ནཱི་ ཨང་རྒས་དང་ཨ་རྒས་འཁྱིད་ཤོག་ཟེར་ སླབ་སླབ་ཨིན་མས་ལགས་ ཨང་རྒས་དང་ཨ་རྒས་འཁྱིད་ཤོག་ཟེརཝ་ད་ ཨང་རྒས་དང་ཨ་རྒས་འཁྱིད་དེ་བལྟཝ་ད་ ཁྱོད་ད་ ཁོ་ ས་འ་ནཱེ་ཅིག་ན་ལྡུམ་རེའི་ས་ཁར།
  • པདྨ་རྒྱལ་མཚན་
    ཏེ་རོགས་སྦུལ་གྱིས་ སྒལ་ཏོ་གུ་ར་ མ་ཨེབ་པ་ཅིན་ ཨེབ་སའི་གོ་མིན་འདུག་ག་ཟེར་ རྒྱལ་པོ་གིས་གསུངས་གསུངསམ་ཨིན་མས་ལགས།
  • པདྨ་རྒྱལ་མཚན་
    དེ་སྦེ་འབདཝ་ད་ ལ་ ཨང་རྒས་སྟ་རེ་འཕྱོག་ནི་ ཨ་རྒས་སྟ་རེ་འཕྱོག་ནི་རུ་ཀེང་ཀེང་ཟེར་ ཨང་རྒས་ཟོརཝ་འཕྱོག་ནི་རུ་ཀེང་ཀེང་ཟེར་ ང་བཅས་གཉིས་འདི་ སྟ་རེ་གཅིག་ཡོད་མི་ཡང་ ཏེ་འཕྱོག་ནི་ཟེར་ ཟོརཝ་གཅིག་ཡོད་མི་ཡང་ འཕྱོག་ནི་ཨིན་ཟེར་འབདཝ་ལས།
  • པདྨ་རྒྱལ་མཚན་
    འ་ནཱེ་འབད་ནི་འདི་གིས་ ང་བཅས་གཉིས་ ཨ་ཙི་མགྱོགས་སུ་ཅིག་སྦེ་འགྱོཝ་ད་ ཨེབ་ཡར་སོང་ཡི་རྒྱལ་པོ་ཟེར་ ཞུ་ནུག་ལགས་ ཏེ་དེ་སྦེ་སླབ་མི་ག་སྨོ་ཟེར་སླབ་ནུག
  • པདྨ་རྒྱལ་མཚན་
    སྦལཔ་ཨིན་ཟེར་སླབ་ནུག་ སྦལཔ་འཁྱིད་ཤོག་ཟེར་ ཏེ་སྦལཔ་ལས་ ཏེ་སྦལཔ་འཁྱིད་འོང་འོངམ་ ཏེ་སྦལཔ་གིས་ སླབ་ནི་ག་ནི་ཡང་མིན་འདུག
  • པདྨ་རྒྱལ་མཚན་
    སྦལཔ་གིས་ ད་ལྟོ་ ད་ཁོ་ལྗང་ཁུ་གཅིག་ དམརཔོ་གཅིག་ རིགས་མ་འདྲཝ་མ་འདྲཝ་ ལེ་ཤ་ཅིག་ཡོད་ ཏེ་སྒལ་ཏོ་རྒྱ་གྲམ་རྒྱ་གྲམ་རྒྱ་གྲམ་སྦེ་ཡོད་མི་འདི་ སྦལཔ་འདི་ ག་ཅི་སྨོ་ཟེར་བ་ཅིན།
  • པདྨ་རྒྱལ་མཚན་
    དང་ཕུ་རྒྱལ་པོའི་བཀའ་མ་ཉན་པར་ ཏེ་རྒྱལ་པོ་གིས་ ལྕགས་སྲེག་མེ་བཏང་སྟེ་ དབུར་དབུརཝ་ཨིན་ཟེར་ཞུ་ནི་ དེ་འབདཝ་ད་ ཁོ་གིས་འདི་ རྒྱལ་པོ་ཁྱོད་ལས་ང་སྦོམ་ སྐུ་ཀྲུག་རྐྱེན་ཟེར་འབདཝ་ད།
  • པདྨ་རྒྱལ་མཚན་
    རྡོའི་འོག་ལུ་འཛུལ་ཏེ་ དེ་ལས་ཏེ་ ང་ལས་ཁྱོད་སྦོམ་ཟེར་བ་ཅིན་ ཡ་ཨ་ནཱི་ ག་ཅི་ལོ་ འ་ནཱ་ ལྕགས་སྲེག་གི་ དབུར་བཏང་བཏངམ་ཨིན་ཟེར་ཞུ་ནི་ལགས།