Skip to main content Skip to search
01 Sep 2018
4 min 52 sec
Video Overview
Creators: 
Sherig Dentshog

This is a story about a poor boy, who had only one lane of a paddy field. He sowed barley and preserved the harvest for the future, but one day a demon came and took away the barley seed. He followed the footprints of the demon and finally reached his cave, where he saw a dead body was kept. He hid under the dead body and stole the demon’s food plate while the demon went for hunting. The poor boy took away plate with him, and never came out of the house afterwards. His neighbors became suspicious because before, the man would often come to them begging for food. One day, a rich man was spying on the poor boy. He saw a food plate and asked, "where did you get it?". The poor boy told the story in detail.  The rich man asked, "Is there any more in the demon's house?". The poor boy answered that yes, there was a big one, for he had only taken the small food plate.  Then the rich man asked, where the seed of barley should be kept. The poor boy replied to keep it outside the house. The next day the same thing happened and the rich man followed the demon and reached the cave. The demon arrived and suspected someone was there. The demon said that this person took away his plate, so the demon wanted to take his ear and nose in return. Due to his greed, the rich man’s ear and nose were eaten by demon. The main theme of this story is that greed can ruin one's life. The food plate was a gift of god to the poor man.  This story teaches us a very important lesson that one should not be jealous of successful people.

སྲུང་འདི་ བུ་སྤྱང་ཀ་གཅིག་ལུ་ བྱཱ་ཞིང་ཆུང་ཀུ་ཅིག་ཡོད་མི་གི་སྐོར་ལས་ཨིན་མས། ཁོ་གི་ནག་བཏབ་ཞིནམ་ལས་ མ་འོངས་པའི་དོན་ལུ་བསག་བཞག་རུང་ ཉིནམ་གཅིག་ བདུད་ཀྱི་ ནག་གི་སོན་གེ་ར་འབག་འགྱོ་ནུག དེ་ལས་ ཁོ་གི་བདུད་ཀྱི་རྐང་རྗེ་རྟིང་བདའ་སྟེ་འགྱོ་ཞིནམ་ལས་ བདུད་ཀྱི་བྱག་ཕུག་ནང་ལྷོད་ནུག བྱག་ཕུག་ནང་ལུ་ ཁོ་གི་མི་ཤི་བའི་རོ་གཅིག་མཐོང་སྟེ་ རོ་གི་འོག་ལུ་གཡིབ་སྡོད་ནུག བདུད་འདི་ ཤ་བདའ་བར་འགྱོཝ་ད་ ཁོ་གི་ལྟོ་བྱིན་མི་ཐ་ལི་འདི་ཨརཝ་བརྐུ་སྟེ་འབག་ནུག བུ་འདི་གི་ཐ་ལི་འཐུག་འབག་ཞིནམ་ལས་ ཁྱིམ་གྱི་ཕྱི་ཁ་ར་མ་འཐོན་པས། ཧེ་མ་འབད་བ་ཅིན་ བུ་འདི་ ཁོང་ཚུ་འབད་ས་ལྷང་པ་འོང་ནི་ཡོད་ཟེར་ ཁྱིམ་ཚང་ཚུ་གི་སེམས་ཁར་དོགས་པ་ཆགས་ནུག ཉིནམ་གཅིག་འབདཝ་ད་ ཕྱུག་པའི་ཨཔ་གི་ གཡིབ་སྦེ་བལྟ་སྡོད་ནུག ཨཔ་གི་ ལྟོ་བྱིན་མི་ཐ་ལི་འདི་མཐོང་སྟེ་ ག་སྟེ་ལས་འབག་ཡི་ཟེར་དྲིཝ་ད་ བུ་འདི་གི་ ལོ་རྒྱུས་ཚུ་གེ་ར་ཕྲང་སྟེ་སླབ་ནུག ཨཔ་གི་ འདི་བཟུམ་ཐ་ལི་ད་རུང་འདུག་ག་ཟེར་དྲིཝ་ད་ ཐ་ལི་སྦོམ་གཅིག་འདུག་ ང་གི་འབག་མི་འདི་ ཆུང་ཀུ་འདི་ཨིན་ཟེར་སླབ་ནུག དེ་ལས་ད་རུང་ བྱཱའི་སོན་འདི་ག་སྟེ་བཞག་དགོཔ་སྨོ་ཟེར་དྲིཝ་ད་ ཁྱིམ་གྱི་ཕྱི་ཁར་བཞག་དགོ་པས་ཟེར་སླབ་ནུག དེ་གི་ནངས་པ་ བུ་འདི་བཟུམ་སྦེ་རང་ བདུད་ཀྱི་རྟིང་བདའ་སྟེ་ བྱ་ཕུག་ནང་ལྷོད་ནུག དེ་ལས་ བདུད་བྱ་ཕུག་ནང་ལྷོདཔ་ད་ ཁོ་གི་བྱག་ཕུག་ནང་ལུ་ མི་གཅིག་འོང་པའི་དོགས་པ་ཆགས་ཏེ་ བདུད་ཀྱི་ མི་འདི་གི་ངེ་ཐ་ལི་འབག་ནུག་ ད་འབདན་ང་གི་ མི་འདི་གི་རྣམ་ཅོ་དང་ ལྷ་པ་འབག་ནི་ཟེར་སླབ་ནུག ཨཔ་ཕྱུགཔ་གི་འདོད་ཆགས་ཀྱི་སྦེ་ ཁོ་རའི་རྣམ་ཅོ་དང་ ལྷ་པ་འདི་བདུད་ཀྱི་བཟའ་ནུག སྲུང་གི་བཅུད་དོན་འདི་ རང་གི་རྒྱུད་ལུ་འདོད་ཆགས་བསྐྱེད་ནི་མི་འོང་ཟེར་བའི་དོན་ཨིན་མས། སྲུང་འདི་ནང་ བུ་སྤྱང་ཀ་གི་ལྟོ་བྱིན་མི་ཐ་ལི་འཐོབ་མི་འདི་ ཁོ་རའི་ཚེ་སྔ་མའི་ལས་ཀྱི་འཐོབ་འཐོབ་ཨིན་མས། དེ་མ་ཚད་ སྱུང་གི་ གཞན་གྱི་མི་ཚེ་གནས་སྟངས་ལུ་བལྟ་སྟེ་ མིག་སེར་དང་ ཕྲག་དོག་བསྐྱེད་ནི་མི་འོང་ཟེར་ཨིན་མས།

Transcript search
No results found for this search
0 of 0
  • རྡོ་རྗེ་ Dorji
    ཧེ་མ་མི་སྤྱང་ཀ་གཅིག་ཡོདཔ་མས། ཁོ་ལུ་ཟ་ནི་ཡང་མེད་ འཐུང་ནི་ཡང་མེད་ ག་ཅི་ཡང་མེདཔ་ཨིན་པས། ཨིན་རུང་མེན་རུང་ཨ་རིང་ལེབ་གཅིག་འབད་མི་ཅིག་ཡོདཔ་མས། ཨ་རིང་ལེབ་གཅིགཔོ་ནང་ ཁོ་གིས་ཀར་བཏབ་ཆི་ནུག་ དེ་ལས་ ཀར་བསྡུ་བཞིནམ་ལས་ ཁོ་ཟ་ནི་མེད་པར་ནང་དོགཔ་ད་རྐྱངམ་ཅིག་ཟ་ནི་སྦེ་བཞག་ནུག་ ཁོ་གི་ཉེ་འདབས་ལུ་ཡོད་མི་ཚུ་ག་ར་ཕྱུགཔོ་ཨིན་པས། དེ་ལས་ ཁོ་ཉལ་སྡོདཔ་ད་ སྲིན་པོ་འོང་སྟེ་ ཁོ་གི་ཀར་འདི་ འབག་ཡར་སོང་ནུག
    once upon a time there live a poor boy. He had only lane of paddy field in this he sowed barly. He colled it and preserved it for future but one day a demon came and took away.
  • རྡོ་རྗེ་ Dorji
    ང་ཟ་ནི་མེད་འཐུང་ནི་མེད་པར་དཀའཝ་སྤྱོད་དེ་བཞག་མི་འདི་ཡང་ ཨརཝ་བརྐུ་འབག་མི་འདི་ མི་ག་བཟུམ་ཅིག་གིས་ འབག་ཡར་སོངམ་ཨིན་ན་ཟེར་ ཀར་འབག་འགྱོ་བའི་ཤུལ་བདའ་སྟེ་ འགྱོཝ་ད་ ཀར་ རེ་གཉིས་ འབོ་སྟེ་རང་འབག་ཡོདཔ་ཨིན་པས། རྐང་རྗེས་བདའ་སྟེ་རང་འགྱོཝ་ད་ལུ་ ནམ་སྲོ་ཁམས་ལུ་ བྱག་དོང་ཡོད་སར་ལྷོད་ནུག་ ཀར་འདི་སྲིན་པོ་གིས་ འབག་འབགཔ་ཨིན་པས། འདི་ནང་འགྱོ་བལྟཝ་ད་ལུ་ མི་གི་རོ་ ཕར་ཧོང་ལས་སྡེ་ཚན་ཅིག་དང་ ཚུར་ཧོང་ལས་སྡེ་ཚན་ཅིག་བཟོ་བཞག་སྟེ་ཡོདཔ་མས།
    "i had preserved it with out taking it, what type of men took away my barly" thought poor boy. He followed the grain of barly left on the way. Finally when dark was fallen he reached in the cave of demon, were a bundle of death body was kept every where.
  • རྡོ་རྗེ་ Dorji
    དནི་སྲིན་པོའི་ཁྱིམ་ནང་ཨིན་པས། ལོག་སྟེ་འགྱོ་བ་ལུནི་མི་ལྷོད་ནི་ཨིན་པས། འདི་ན་རང་ཉལ་ སྡོད་ད་ནི་ཟེར་ མིའི་རོ་གི་འོག་ལུ་ འཛུལ་ཏེ་ཉལ་སྡོད་ནུག། ཉལ་སྡོདཔ་ད་ལུ་ སྲིན་པོ་འདི་འོངམ་ཅིག་ གཅིག་ཕར་བཀོ་ གཅིག་ཚུར་གྱི་སྡེ་ནང་བཀོ་བཏང་ད་ནུག་ དེ་ལས་ཁོ་གིས་ སྲིན་པོ་ག་ཅི་འབདཝ་ཨིན་ན་ བལྟ་སྡོདཔ་ད་ ཐབ་ནང་ རག་ ཟེར་བཏངམ་ཅིག་ མེ་ བག་བཏང་སྟེ་འབརཝ་མས་ལོ།
    He thought it demon's home, if i returm i will not reach, lets sleep here, so he slept bewteen death bodies. Demon came with bodies he threw one there and other here. He was piping what was demon doing. Demon lit the fire.
  • རྡོ་རྗེ་ Dorji
    དེ་ལས་ ག་ཅི་འབདཝ་མས་ག་བལྟ་སྡོདཔ་ད་ ལྟོ་དང་ཚོདམ་གང་འདོད་བྱུང་བའི་བང་ཅུང་ འདུག་ཟེར་ཨིན་པས། དེ་ལས་ ག་ཅི་འབདཝ་མས་ག་བལྟ་འདི་སྡོདཔ་ད་ལུ་ ཧེ་མ་རང་ ཁ་སྐོམ་ཏེ་ཡོདཔ་ལས་ ཆུ་བྱུང་བྱུང་ ཟེརཝ་ད་ ཆུ་འཐོན་མས་ལོ། ཆུ་འཐུང་ཚརཝ་ཞིནམ་ལས་ དེ་ལས་ལྟོ་བྱུང་བྱུང་ཟེརཝ་ད་ ལྟོ་འཐོན་མས་ལོ། ཚོདམ་བྱུང་བྱུང་ཟེརཝ་ད་ ཚོདམ་འཐོནམ་ཨིན་པས། སྡོད་མ་རེད། འ་ནཱི་འདི་ངེའི་ཧོངས་ལུ་ ཚུད་འོང་ སྲིན་པོ་འདི་ནམ་འགྱོ་འོང་ག་ཟེར་བལྟ་སྡོད་ནུག་ དེ་ལས་ སྲིན་པོ་འདི་ ད་རུང་སྲིན་པོ་འདི་མི་ཐོབ་དོ་འོང་ ཟེར་ཡི་རང་ཡར་སོང་ནུག
    There was a plate which give food, water, etc. First of all demon was thirsty, he said fatch water, so water appeared. Then said fatch me food, food came and curry. The poor boy was eagrly waitin g for chance. The demon went for hunting again.
  • རྡོ་རྗེ་ Dorji
    སྲིན་པོ་འདི་ཡར་སོང་ཞིནམ་ལས་ ཁོ་གིས་བང་ཅུང་འདི་ ཧེམ་ཅུ་ནང་བཙུག་འབག་སྟེ་ བྱོག་ཡར་སོང་ནུག་ ཁོ་གིས་ངེའི་ཀར་འབག་ཡོད་པའི་ ཚབ་མ་ཨིན་ཟེར་ཡར་སོང་ནུག་ དེ་ལས་ཁོ་ཁྱིམ་ནང་སོངམ་ཞིནམ་ལས་ ལྟོ་བྱུང་བྱུང་། ཚོདམ་བྱུང་བྱུང་ཟེར་ཡི་རང་བཟའ་སྡོད་ནུག་ དེ་ལས་ མི་ཕྱུགཔོ་ཚུ་ཡར་མར་འགྱོཝ་ད་ ཁོ་མཐོང་ནི་མེདཔ་ལས་ དབའི་ ཨ་ནཱི་ཨ་ལོ་སྤྱང་ཀ་འདི་ ཕྱི་ཁར་འཐོན་ནི་རང་མིན་འདུག་ གཞན་ང་བཅས་འབད་སར་དྲོ་པ་ཕྱི་རུ་མེད་པར་ ཟ་བར་འོང་ནི་ཡོད་ཟེར་མནོ་ནུག
    So finally poor boy took away plate with him. The boy never came out so the neighbour became suspicious. Because before he came to us for food.
  • རྡོ་རྗེ་ Dorji
    དེ་ལས་ཁོ་གི་ཁྱིམ་ནང་འགྱོ་སྟེ་ ཙང་ཙ་སྦེ་བལྟཝ་ད་ ཁོནི་ལྟོ་བྱུང་བྱུང་། ཚོདམ་བྱུང་བྱུང་ཟེར་ཡི་རང་ཟ་སྡོད་ནུག་ལོ། དེ་ལས་ ཨ་ལོ་སྤྱང་ཀ་འདི་ལུ་ འདྲི་དགོ་པས་ཟེར་ སེར་སྣ་བསྐྱེད་དེ་ ཨུ་ཚུགས་རྐྱབ་ནུག་ སེར་སྣ་འབད་དེ་ དབའི་ཨ་ལོ་སྤྱང་ཀ་ འ་ནཱི་བང་ཅུང་འདི་ ག་ཏེ་ལས་འབག་འོང་ཡི་ ཟེར་འདྲིཝ་ད་ ཁྱོད་ཚུ་ལུ་ ཀར་རྒྱགས་ཚད་འདུག་མེན་ན། ང་ལུ་ཨ་ཙི་ལས་མེད་རུང་ཨརཝ་ཤོར་སོང་ཡི། དེ་ལས་ རྐང་རྗེས་བདའ་སྟེ་རང་འགྱོཝ་ད་མཐོང་ཡི་ཟེར་སླབ་ནུག
    One day a rich man was spying on him. He saw all the merical of food giver plate. The rich man asked "hey poor boy where did you got it?" "One day my little barly got stollen, i followed the footstep and got it, you got lot of barly rite"said poor boy.
  • རྡོ་རྗེ་ Dorji
    ད་རུང་འདུག་ག་ ཟེར་དྲིས་ནུག། སྦོམ་འདུག་ ཁྱོད་ཕྱུགཔོ་ཚུ་འདི་ སྦོམ་ཧིང་དང་ ལེགས་ཧིང་བལྟ་སྟེ་འབག་འོང་ནི་མས། ངནི་སྤྱང་ཀ་ཨིན་ཟེར་ ཆུང་ཀུ་གཅིག་ལས་འབག་མ་འོང་ ང་རང་གཅིག་ལུ་བཏུབ་མནོ་སྟེ་ ཟེར་སླབ་ནུག་ ཀར་འདི་ག་ཏེ་བཞག་ནི་སྨོ་ཟེར་འདྲིཝ་ད་ ཕྱི་ཁར་བཏོན་ཏེ་ གྱལ་སྒྲིག་བཞག་ནི་མས། དོང་ཆུང་ཀུ་རེ་ཡང་སྤེད་དེ་བཞག་མས་ཟེར་ སླབ་ནུག་ དེ་ལས་ དོང་སྤེད་དེ་བཞག་ནུག
    The man asked is there any more? Yes big one, you can choose and bring big one i bought only small one. Then the men asked where shell he keep the barly? The boy said keep it out side with small hole at bottom.
  • རྡོ་རྗེ་ Dorji
    ནངས་པ་བཟུམ་འབདཝ་དནི་ ག་ར་འབག་ཡར་སོང་ནུག་ལོ། དེ་ལས་ ཁོང་ཕྱུགཔོ་གཉིས་འགྱོ་ནུག་ རྐང་རྗེས་བདའ་སྟེ་རང་འགྱོཝ་ད་ལུ་ ཕྱི་རུ་ཕར་ཀྲིག་ཀྲི་ལྷོད་ནུག། ལྷོད་ཞིནམ་ལས་ གཅིག་ཕར་ཧོང་ལས་ གཅིག་ཚུར་ཧོང་ལས་རོ་གི་འོག་ལས་འཛུལ་ ཨ་ལོ་སྤྱང་ཀ་བཟུམ་ཉལ་སྡོད་ནུག་ དེ་ལས་ སྲིན་པོ་འདི་ནམ་ཕྱི་རུ་ལྷོདཔ་མས་ལོ། དེ་ལས་ ད་རིས་ཤ་གསརཔ་གི་ དྲིམ་མནམ་དོ་མས། ད་ལྟོ་འབག་འོང་མི་ ཤ་འདི་ལས་ཨིནམ་འོང་ནི་མས། མི་འདི་ཚུ་གིས་ ངེའི་བང་ཅུང་འདི་ཡང་བརྐུ་ཆི་ཡི་ ག་ཅི་ཡང་མིན་འདུག། ཧེ་མ་རང་ ཤ་མེན་པར་ རྣམ་ཅོག་དང་ལྷ་པ་བཏོག་ཟ་དགོ་པས་ཟེརཝ་མས་ལོ།
    The next day same happend. Rich man followed and reach the demon dan. The demon arrived, 'today i smell differnt saint, it most be from the fresh one. This people took away my plate, got no thing to drink and eats. Frist of all i want to take ear and nose', said demon.
  • རྡོ་རྗེ་ Dorji
    བང་ཅུང་འདི་ག་ལས་འོང་ནི་ གཅིག་རྐྱངམ་ཅིག་ཡོདཔ་མས་བ་ཏེ་ ཁོ་གི་ཤོབ་རྐྱབ་ནུག་ དེ་ལས་ སྲིན་པོ་འདི་གིས་རྣམ་ཅོ་བཏོག་ཟཝ་ད་ ཨ་ཙ་ ཟེར་ཡང་མ་སླབ་པར་རྩ་འགེངས་ནུག་ ཁོང་ ༢ སེར་སྣ་བསྐྱེདཝ་ལས་ རྣམ་ཅོ་དང་ལྷ་པ་བཏོག་ཟ་ད་ནུག
    There is no more plate but [poor boy lied. The demon took the ear but he was so afried and cant anything. So therefore due to his greed his nose and ear was eatten by demon.
  • རྡོ་རྗེ་ Dorji
    དབའི་ཁྱོད་ཀྱིས་ག་ཅི་སྦེ་ཤོབ་སླབ་སྨོ? སྦོམ་འ་ནེམ་རེ་ཡོད་ཟེརཝ་མས་ རྣམ་ཅོ་དང་ལྷ་པ་གཉིས་ཆ་རང་བཏོག་ཟ་ད་ཡི་ཟེར་ སླབ་ནུག་ འ་ནཱི་སྦེ་ཟ་འོང་ ང་སྤྱང་ཀ་ལུ་ ག་ཅི་སྦེ་སེར་སྣ་འབདཝ་སྨོ? ཁྱོད་ཚུ་ལུ་ ག་དེམ་ཅིག་ཡོད་རུང་ཟ་མ་ཚར་ འཐུང་མ་ཚར་ སྦྱིན་པ་བཏང་མ་ནུམ་ག་ཅི་འབད་ནི་ ཁྱོད་རང་ཡང་ ཟ་མ་ཚར་བར་ མེདཔ་བཏང་ ང་སྤྱང་ཀ་ལུ་ དངོས་གྲུབ་གནང་གནངམ་ཨིན། ཁྱོད་སེར་སྣ་མ་འབད་ཟེར་སླབ་ནུག་ ང་བཅས་ར་སེར་སྣ་འབད་ནི་མི་འོང་ཟེར་བའི་དོན་ཨིན།
    The man was so angry and said hey, you said there was big one but i lost my ear and nose too. The biy said "they will eat like this, you have anything but your so greedy, the plate was a gitf of god to me, do't be greedy" Its morle is do't be greddy.