Skip to main content Skip to search
01 Sep 2018
4 min 21 sec
Video Overview
Creators: 
Duptho

A Bhutanese proverb states that 'Women are nature of wishdom' and this particular proverb is exactly suitable to the current story. The story of the bear focuses on the intellegence of a women during the critical point of her husband. The husband had an appointment, in which he will be eaten by the bear next day but with the help from his wife, the couple made a plan to kill the bear by disguising the wife as hunter. The husband went to meet bear as per the appointment and wife followed him. When he got near the bear, the wife shouted, who was near him. Then the bear out of fear requested the husband to tell her that he is a burned log with mushroom on it. Thus, the hunter (wife) told her husband to chop with an axe and killed the bear. Therefore, the women saved her husband through her intellegence. 

 

༉  བུད་མེད་ཤེས་རབ་རང་བཞིན་ཟེར་སླབ་དོ་བཟུམ་སྦེ་ ད་ལྟོའི་སྲུང་འདི་ནང་ ཨམ་སྲུ་ཅིག་གིས་ རིག་རྩལ་དང་གནས་སྐབས་ཀྱི་ཐོག་ལས་ མོ་རའི་རྨགཔ་འདི་ གཅན་གཟན་དོམ་ལས་སྲོག་སྐྱབས་འབད་བའི་སྐོར་ལས་ བཀྲིས་སྒང་གཤོང་ཕུག་ལས་ དབང་འདུས་ཀྱིས་བཏང་སྟེ་འདུག སྲུང་འདི་ནང་ ཕོ་སྐྱེས་འདི་ ནངས་པ་བཟུམ་ཅིག་ཁར་དོམ་གྱིས་བཟའ་ནི་སྦེ་ དུས་སྟབས་བཟོ་ཡོད་མི་འདི་ ཁོང་བཟའ་ཚང་གཉིས་ཀྱིས་ དོམ་འདི་གསད་ནི་གི་འཆར་གཞི་བརྩམས་ཏེ་ ཨཔ་འདི་དོམ་འབད་ས་འགྱོཝ་སྦེ་ ཨམ་སྲུ་དེ་གིས་ཤ་རོགསཔ་ཅིག་བཟོ་སྟེ་གོ་གྱོན་ཞིནམ་ལས་ རྨགཔ་འདི་དོམ་གྱི་སྦོ་ལོགས་ཁར་ལྷོདཔ་ཅིག་ ཨམ་སྲུ་འདི་གིས་ ཁྱོད་ཀྱི་སྦོ་ལོགས་ཁར་ཡོད་མི་འདི་ག་སྨོ་ ཟེར་སླབ་རྫུ་བཏབ་སྟེ་ ཁོང་གཉིས་ཀྱིས་གནས་སྐབས་བཏང་ཡི་ར་ དོམ་འདི་བསད་ད་པའི་སྲུང་ཅིག་བཏང་སྟེ་ཡོདཔ་ད་ སྲུང་འདི་གི་བརྗོད་དོན་དེ་ཡང་ བུད་མེད་ཤེས་རབ་ཀྱི་རང་བཞིན་ཨིནམ་སྦེ་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • དབང་འདུས Wangdi
    ང་འདི་ ངེའི་གིས་མིང་འདི་ དབང་འདུས་ཟེར་སླབ་ཨིན། ང་ནཱ་སྡོད་ས་འདི་ བཞུགས་ཁྲི་ཟེར་ ང་སྡོད་སའི་ས་སྒོ་འདི་ བཞུགས་ཁྲི་ཨིན་ལགས། ཨ་ནཱ་ལུ་ བཞུགས་ཁྲི་ཟེརཝ་ཨིན། ཨ་ནཱ་ལུ་ དང་པོ་གཏམ་ཅིག་ཞུ་སྟེ་ འབད་བ་ཅིན། དགོད་བྲ་གིས་གཏམ་ཅིག་ ཞུ་སྟེ་འབད་བ་ཅིན།
    My name is Wangdi. The place where I live is called Zhuthi. I would like to narrate a story, a comedy story originated from this place.
  • དབང་འདུས Wangdi
    ཧེ་མ་ཏེ་ ཕོ་རྒནམ་རྩ་རྒས་དང་ དེ་ལས་ ཨ་ཞེམོ་རྩ་རྒསམོ་གི་ གཏམ་ཅིག་སྡོད་ནུག ཨ་ནཱི་གིས་དོན་ལས་ ང་གིས་ ཏེ་ཨ་ཕ་ཏེ་ ཏེ་ རྩེ་རི་གི་ཤིང་ལུ་འགྱོཝ་ད་ ཏེ་དོམ་ཅིག་དང་འཕྱད་པའི་གཏམ་ཅིག་ ཞུ་སྟེ་འབད་བ་ཅིན། གནམ་མེད་ས་མེད་ཤེས་ནི་འདི་མེད། མ་ཤེས་ཏེ་འབད་རུང་ ཏེ་ང་གིས་ ཐུགས་ཁར་མ་འབབ་སྟེ་སྦེ་རུང་ ཏེ་ཨ་ཙི་ཙི་ཐུང་ཀུ་ཅིག་ཞུ་ནི།
    I would like to narrate a story on a dumb husband and his wife who went to forest to fetch fire wood and met a bear. Though I may not be able to narrate in detail but will try to narrate briefly.
  • དབང་འདུས Wangdi
    ཏེ་ཧེ་མ་ དང་པོ་ཏེ ཕོ་རྒནམ་རྩ་རྒས་དང་ དེ་ལས་ ཨ་ཞེམོ་རྩ་རྒསམོ་གི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ཕོ་རྒནམ་རྩ་རྒས་འདི་ ཏེ་རྩེ་རི་ལུ་ ཤིང་ལུ་སོང་ཡོདཔ་ཨིན་མས། ཤིང་ལུ་འགྱོཝ་ད་ལུ་ ཏེ་ ཁོ་གིས་ཤིང་ལུ་འགྱོ་སའི་ ས་སྒོ་ནང་ལུ་ འ་ལམ་ཁར་དོམ་ཅིག་དང་འཕྱད་ནུག དོམ་གྱིས་ཏེ་ ཁྱོད་ ཕོ་རྒནམ་རྩ་རྒས་ཁྱོད་ ག་སྟེ་འགྱོཝ་སྨོ་ཟེརཝ་ད་ལུ་ ང་ཤིང་ལུ་འགྱོ་དོ་ཟེརཝ་ད་ལུ།
    Once there lived a dumb couple, a husband and a wife. One day the brother went to the forest to fetch firewood. On his way to the forest, he met a bear. When the fox asked him where he was heading to, the husband replied that he is going to fetch firewood.
  • དབང་འདུས Wangdi
    དེ་ལས་ ཁྱོད་ག་ཅི་ལུ་འགྱོ་དོ་ཟེརཝ་ད་ལུ་ ང་ཤིང་ལུ་འགྱོ་དོ་ཟེར་ ཏེ་ཁྱོད་ག་ཅི་འབད་བར་འགྱོ་དགོ འགྱོ་ནི་ཟེརཝ་ད་ལུ་ འགྱོ་ནི་མི་འོང་མེན་ན་ཁྱོད་ཟེརཝ་ད་ལུ་ དེ་ལས་ ང་གིས་ཟ་ནི་ ཁྱོད་ཟེརཝ་ད་ལུ་ ཨའེ་ང་མ་ཟ་ཟེར་སླབ་སྟེ་ ཏེ་ང་མ་ཟ། ཁྱོད་ཀྱིས་ཟ་བ་ཅིན་ ཚེས་ ༡༥ གི་ཚེ་ཟ་ཟེར། ང་ད་རིས་འདི་ མ་ཟ་ཟེར། ཏེ་ད་ ཚེས་ ༡༥ གི་ཚེས་ཟ་ཟེར།
    The bear then said he must not go to fetch firewood and the bear is going to eat him up. The husband then pleaded the bear not to eat him and instead wait till the full moon coinciding to date 15th of the Bhutanese calendar. “Spare me today. You can eat me during the full moon,” the man assured the bear.
  • དབང་འདུས Wangdi
    དེ་ལས་ ཕོ་རྒནམ་རྩ་རྒས་ ཁོ་ཐག་ཆད་དེ་ ད་ཚེས ༡༥ གི་ཚེ་ ང་ཟ་འོང་སྨོ་ཟེར་ཏེ། ད་ང་འདི་ ཏེ་ ཟ་འོང་ཟེར་ སྡུག་བསྔལ་འབག་སྟེ། ཨ་ནཱི་ཨ་རྒས་ ཤིང་མ་འབག་བར་ བཀོག་བཞག་སྟེ་ དེ་ལས་ ཁྱིམ་ནང་ལུ་སོང་ནུག ཁྱིམ་ནང་སོང་སྟེ་ དེ་ལས་ ཨམ་སྲུ་གི་གདོང་ཁར་ ལྟོ་ཡང་མ་ཟ་བར་ ཆུ་ཡང་མ་འཐུང་པར་ ཏེ་ ཁོ་ཐག་ཆད་དེ་ ཉལ་ཏེ་སྡོད་ནུག ཕོ་རྒནམ་རྩ་རྒས་དབུགས་འགམ་ཏེ།
    The man was sad and worried that he would be eaten by the bear on the full moon. He left for home without collecting firewood. That night he did not eat food or drink any water and slept with agony.
  • དབང་འདུས Wangdi
    དེ་ལས་ ཨ་ཞེམོ་རྩ་རྒསམོ་གིས་སླབ་ནུག ཨའེ་ ཁྱོད་ག་སྟེ་ལས་བརྟེན་ ཁོ་ཐག་ཆད་དོ། ག་ཅི་ལས་བརྟེན་ ལྟོ་མ་ཟཝ་སྨོ་ཟེར། ལྟོ་ཟ་ཟེར། ལྟོ་ཟ་དགོ་ཁྱོད་ཟེར་ སླབ་ད་ལུ་ ཨའེ་ང་ཟེར་ ད་ཚེས་ ༡༥ གི་ཚེས་འདི་ ང་ཟ་འོང་སྨོ་ཟེར་ཏེ་ ཟ་ནི་ཟེར་ བཞག་སྟེ་ཡོད་ ཁ་ཚིག་ཟེར་ སླབ་ད་ལུ་སྟེ། ཨ་ཞེམོ་རྩ་རྒསམོ་གིས་ སླབ་ནུག ཨའེ་ཁྱོད་སྡུག་བསྔལ་མ་འབག་ཟེར།
    The wife later asked him the cause of his sorrow. “Brother why are you sad and what is causing you pain? Please eat food.” He replied that he has promised the bear to eat him during the full moon. The wife assured him not to worry.
  • དབང་འདུས Wangdi
    ཐབས་དང་ཤེས་རབ་འདི་ ང་ལུ་ཡོད་བ་ཟེར། ད་ལྟོ་ ཨམ་སྲུ་གིས་ ཐབས་དང་ཤེས་རབ་ མཁས་པ་ག་དེམ་ཅིག་ཡོད་ཟེར་རུང་ ཨམ་སྲུ་མཁས་པ་འོང་ ཟེར་སླབ་མི་འདི་ ཨ་ནི་ཨིན། ཏེ་ཨ་ནཱི་གིས་ སྲུང་ཨིན། དེ་ལས་ ཨམ་སྲུ་གིས་ ཨའེ་མ་ཟ་ཟེར། དེ་ལས་ ང་གིས་ཁྱོད་ལུ་ སེམས་གསོ་ཅིག་ འབད་ནི་ཡོད་ཟེར། ཁྱོད་ད་རུང་ ལོག་སྟེ་ཤིང་ལུ་འགྱོ། ཚེས་ ༡༥ གིས་ཚེས།
    I have an idea,” she said. “Men may be sharp and wise but when compared to women, women are sharper and wiser.” She said she has a plan and asked him to go to the forest during the full moon.
  • དབང་འདུས Wangdi
    དེ་ལས་ སྟ་རི་རྣོས་བཟོ་སྟེ་ དེ་ལས་ ཨ་ནི་འབག་སྟེ་ སོང་ནུག་ ཕ་ོརྒནམ་ཨ་རྒས་སོང་སྟེ་ མར་ལུ་ལྷོདཔ་ད་ལུ་ ཚེས་ ༡༥ གི་ཚེས་ དཀྲིགས་དཀྲིགས་དོམ་ལྷོད་ནུག་ཟེར་ཨིན་པས་ ཁོ་འབད་སར་ བྱང་ས་ལུ། དེ་ལས་ ཨ་ནཱ་བྱང་ས་ལུ་ དོམ་ལྷོད་དེ་ འགུག་སྡོད་ནུག་ཟེར་ཨིན་མས། ཡ་ ད་འབདན་ཁྱོད་ དོད་རིལ་རི་བཟོ་སྟེ་འོང་ཡི་གམ། ད་འབདན་ ད་རེས་ཟ་ནི་མས་ ཁྱོད་འདི། ད་རེས་ཐད་རི་བ་རི་ཟ་ནི་ཟེརཝ་ད་ལུ།
    The man, sharpen his axe and took it with him. When the man reached to the place, the bear as promised was waiting for him during the full moon. “Have you made yourself healthy? Today I am going to eat you for sure,” said the bear.
  • དབང་འདུས Wangdi
    དེ་ལས་ ཡར་ལས་མར་ ཀུའི་ཀུའི་ཟེར་ཏེ་ དེ་ལས་ ཨམ་སྲུ་གིས་ ཤ་རོགསཔ་གིས་རྒྱན་ཆ་བཟོ་སྟེ་ སྣམ་བུ་དམརཔོ་གྱོན་སྟེ་ མདའ་དང་ཞུ་དཔྱང་སྟེ་ སོག་རས་དཔྱང་སྟེ་ དེ་ལས་ཤུལ་ལུ་ འཐོན་འོང་ནུག ཕོ་རྒནམ་རྩ་རྒས་ཤུལ་ལུ། དེ་ལས་ འཐོན་འོངམ་ད་ལུ་ ཏེ་ ཀུའི་་ཀུའི་ཟེར་ཏེ་ ཨ་ནཱི་ཨམ་སྲུ་གིས་ སྐད་བརྐྱབ་ནུག་བ་ ཨམ་སྲུ་གིས་ ཡར་ལས་མར། སྐད་བརྐྱབ་ད་ལུ་སྟེ་ དབའི་ ཟེར་སླབ་ནུག་བ།
    Then the women disguised as a hunter, wearing red namboo (clothe), carrying bow and arrow; and shouting ‘kui kui’ appeared behind the man.
  • དབང་འདུས Wangdi
    ཁྱོད་ཀྱི་རྩ་བ་ ག་སྨོ་ཟེར་ སླབ་ནུག་བ་ལགས། སླབ་ད་ལུ་སྟེ་ དབའི་ ཏེ་ག་དེ་སྦེ་སྨོ་ཟེར། ཁྱོད་ཀྱི་རྩ་བ་ ག་སྨོ་ཟེར་ སླབ་མས་མས་ ད་འབདན། ཁྱོད་ག་དེ་སྦེ་སྨོ་ཟེར་ སླབ་ད་ལུ་སྟེ། དེ་ལས་ དོམ་གྱིས་ ཤིང་བོ་དུམ་(ཕུར་ཏུ་མ་) ཨིན་མས་ཟེར་སླབ་ ཟེར་སླབ་མས་ལོ་ དོམ་གྱིས། ཨ་ནཱི་ མི་གིས་ ཕ་རྒནམ་རྩ་རྒས་ལུ། དེ་ལས་ ཤིང་བོ་དུམ་(ཕུར་ཏུ་མ་) ཨིན་མས་ ཟེར་སླབ་མས་ལོ།
    “Who is beside you? What is happening?” asked the women. The bear then asked the man to answer her that it is the root of the chopped tree.
  • དབང་འདུས Wangdi
    དེ་ལས་ཏེ་ དབའི་ ཏེ་ཁྱོད་ཀྱི་གདོང་ཁར་ བྱང་ཁོག་དཀརཔོ་ག་ཅི་སྨོ་ཟེར་ སླབ་མས་ལོ། དེ་ལས་ དབའི་ བྱང་ཁོག་དཀརཔོ་ ག་ཅི་སྨོ་ཟེར་སླབ་མས་མས་ ད་འབདན། དེ་ལས་ ད་རིས་ ག་དེ་སྦེ་སླབ་ནི་སྨོ་ ང་གིས་འདི་ཟེར་ སླབ་མས་ལོ། ད་ག་ཅི་སྨོ་ཟེརཝ་ད་ ཤ་མུ་སྐྱེས་ནུག་ ཟེར་སླབ་ ཟེར་སླབ་མས་ལོ། དེ་ལས་ ད་ ཤ་མུ་སྐྱེས་ནུག་ཟེར་སླབ་ཟེར། ཤ་མུ་སྐྱེས་ནུག་ཟེར་སླབ་སླབ་མས།
    “What is that white like chest infront of you?” she asked again. As directed by the bear the man answered that it was mushroom growing on the chopped tree root.
  • དབང་འདུས Wangdi
    དེ་ལས་ཏེ་ ཕོ་རྒནམ་རྩ་རྒས་ཀྱིས་ དེ་ལས་ད་རུང་ ཏེ་ཨམ་སྲུ་གིས་ དབའི་ སྟ་རི་རྒྱབ་ཀྱིས་ བླུགས་བལྟ་ད་ ཟེར་ཏེ། ད་འབདན་ ཤ་མུ་སྐྱེས་ཏེ་ ཡོད་པ་ཅིན་ སྟ་རི་རྒྱབ་ཀྱིས་ བླུགས་བལྟ་ད། ཁྱོད་ཀྱིས་ཟེར་སླབ་ད་ལུ་ ཏེ་ འགྲོས་ཀྱིས་སྦེ་ཁོང་གཉིས་ ཏེ་ ཧེ་མ་ར་ ཕོ་དང་མོ་གཅིག་ཁར་ ཨ་ནཱི་ལས་ཡང་ བློ་སླབ་སྟེ་བཞག་ཡོདཔ་ཨིན་མས་བ།
    She said if it is the mushroom growing on the tree, the man must hit it with the back of his axe to prove it was the mushroom. Prior to the incident, the man and his wife discussed and hatched the plan to kill the bear with the axe.
  • དབང་འདུས Wangdi
    ཨ་ནཱ་ལས་ ཏེ་ དེ་ལས་ སྟ་རི་རྒྱབ་ཀྱིས་ བླུགས་བྱིནམ་ད་ལུ་ དེ་ལས་ ཏེ་ ལྷ་པ་གུ་ལུ་ བླུགས་གཏངམ་ད་ལུ་ ཏེ་ སྟ་རི་རྒྱབ་ཀྱིས་ ཏེ་ ཤ་མུ་འདི་ ཨ་ནཱ་ཤུགས་གཏང་ཡོདཔ་ཨིན་མས། དེ་ལས་ དོམ་འདི་ཨ་ནཱ་ བསད་བསདཔ་ཨིན་ལགས། བཀྲིན་ཆེ་ལགས།
    The man then hit the bear’s nose with the axe and the bear was killed. Thank you.