Skip to main content Skip to search
19 Oct 2017
5 min 46 sec
Video Overview
Creators: 
Yeshi Wangchuk

This short video is an account of Garp Lungi Khorlo (a wind-like man), narrated by Sangayla. According to this oral history, Garp Lungi Khorlo was a fast messenger, who could travel on foot from Trongsa to Punakha and back within a day (a day-long journey by car today). Although there is not any written documentation, it believed that Lungi Khorlo is from Ura because people he was well-known to people of that region in the past. Legend also says that Lungi Khorlo's soul was taken away by Nyala (a dreadful demon between Trongsa and Punakha) while he was travelling to deliver messages between Trongsa and Punakha.

གློག་བརྙན་ཐུང་ཀུ་འདི་ནང་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སངས་རྒྱས་ཀྱིས་བཤད་མི་ལོ་རྒྱུས་འདི་ སྒརཔ་རླུང་གི་འཁོར་ལོའི་སྐོར་ལས་ཨིནམ་ད་ ཁ་རྒྱུན་གྱི་ལོ་རྒྱུས་དང་འཁྲིལཝ་ད་ སྒརཔ་རླུང་གི་འཁོར་ལོ་ཟེར་མི་འདི་ ལམ་མགྱོགས་དྲགས་འགྱོ་ཚུགས་མི་ ཡིག་སེྐྱལ་པ་ཅིག་འབདཝ་ལས་ ཁོ་གིས་ ཉིནམ་གཅིག་ནང་ ཀྲོང་གསར་ལས་སྤུན་ན་ཁ་སོང་སྟེ་ ལོག་ཀྲོང་གསར་ལུ་ལྷོད་ཚུགས་པའི་ཟེར་ཨིན་པས། མ་གཞི་ དེ་བསྒང་ དེ་སྦེ་ཨིན་ཟེར་བའི་ གློག་བརྙན་དང་ ཡང་ན་ བདེན་ཁུངས་ཀྱི་གནད་གཞི་ག་ནི་ཡང་མེད་རུང་ རླུང་གི་འཁོར་ལོ་ཟེར་མི་འདི་ བུམ་ཐང་ཨུ་རཔ་ཚུ་གིས་ དང་ཕུགགས་ཁོ་གིས་སྐོར་ལས་ བློ་ལེ་ཤ་ཅིག་སླབ་ནི་ཡོདཔ་ལས་ སྒརཔ་རླུང་གི་འཁོར་ལོ་འདི་ ཨུ་ར་ལས་ཨིནམ་སྦེ་ བཤདཔ་ཨིན་པས།  ཏེ་སྲུང་དང་འཁྲིལ་བ་ཅིན་ སྒརཔ་རླུང་གི་འཁོར་ལོ་འདི་  ཀྲོང་གསར་དང་ སྤུན་ན་ཁའི་བར་ན་ གཞུང་འབྲེལ་གྱི་ཡི་གུ་ ཁག་ཆེ་ཏོག་ཏོ་ཅིག་ སྐྱེལ་བ་འགྱོ་བའི་སྐབས་ གནམ་མེད་ས་མེད་ཀྱི་ འཇིགས་སྐྲག་ཅན་སྦེ་ཡོད་མི་ ཉ་ལ་བདུདམོ་གིས་འབག་ཡོདཔ་སྦེ་ཨིན་པས། 

Transcript search
No results found for this search
0 of 0
  • སངས་རྒྱས་ལ Sangayla
    གཏམ་རྒྱུད་ཅིག་ ང་གིས་ཡང་ གཏམ་རྒྱུད་ཅིག་གོ་གོཝ་ཨིན་ལགས། སློབ་དཔོན་གྱིས་ སྒརཔ་རླུང་གི་འཁོར་ལོ་གི་དྲི་བ་ཅིག་གསུང་དེས་ ཏེ་གཏམ་རྒྱུད་ཅིག་གོ་ཡི་ རོགས་ཀྱིས་འདི་ ག་ར་བཤད་བཤདཔ་འོང་ དེ་འབདཝ་ད་ང་གིས་ ལ་ལུ་ཅིག་བརྗེད་སོངཔ་འོང་ཏེ་ བརྗེདཔ་མས་ཏེ་ དང་ཕུ་སྒརཔ་རླུང་གི་འཁོར་ལོ་ཟེར་མི་ ང་བཅས་ཀྱིས་མིག་གིས་མཐོང་མཐོངམ་ག་ནི་ཡང་མེད།
  • སངས་རྒྱས་ལ Sangayla
    ཏེ་ད་ གཏམ་རྒྱུད་རྐྱངམ་ཅིག་གོ་གོཝ་ཨིན་ ཕམ་ལུ་ལུ་ཅིག་གི་ཞལ་རྒྱུན་ཅིག་སྦེ་ ང་གིས་གོ་ཡི་ དེ་འབདཝ་ད་ ལ་ལུ་ཅིག་བརྗེད་བརྗེདཔ་འོང་ ད་བརྗེད་སོང་རུང་ང་གིས་ ང་རའི་སེམས་ཀྱི་ནང་ན་མནོ་མནོཝ་འདི་ ང་གིས་ཞུ་བལྟ་ནི་ཟེར་ཨིན། ཏེ་དང་ཕུ་ཏེ་ད་ སྒརཔ་རླུང་གི་འཁོར་ལོ་ཟེར་མི་ ང་བཅས་ཀྱིས་ བརྒྱུད་འདི་ནཱ་ཨུ་ར་ལས་རང་ཨིན་པས་ཟེར་གོ་ཡི་ལགས།
  • སངས་རྒྱས་ལ Sangayla
    ཁོ་རའི་ད་ཏེ་ དང་ཕུ་ཁོ་རའི་ཁྱིམ་འབད་རུང་ གཟིམ་ཅུང་ཨིན་ན་ ཏེ་མར་ཨུ་ར་སྦང་པ་གི་གདོང་ཁར་ཁྱིམ་ཅིག་སྡོད་ནུག འདི་ང་བཅས་ཀྱིས་ཚོར་བའི་སྐབས་ གྱང་ཁོག་སྦེ་མཐོང་ཡི་ དེ་ལས་མར་ངེའི་ཨམ་སྲུ་གི་ཨའི་གིས་འབད་བ་ཅིན་ ཁོ་སྡོད་སྡོད་པའི་རྩིགཔ་གི་གདོང་ དེ་སྦེ་ སྐྱིལ་ཀྲུང་འབད་སྡོད་སྡོདཔ་ སྐྱིལ་ཀྲུང་འབད་རང་སྡོད་ནུག དེ་ལས་ གླིངམ་ཅིག་ཡང་འཕུ་སྟེ་ སྡོད་སྡོདཔ་འོང་ནི་མས་ཁོ་གིས།
  • སངས་རྒྱས་ལ Sangayla
    གླིང་བུ་ཟེར་སླབ་མས་རོགས་ རྫོང་ཁའི་ནང་གླིང་བུ་ཨིན་པས། ང་བཅས་ཨུ་ར་པའི་ཁ་ལས་འབད་བ་ཅིན་ ཞིང་ཟེར་སླབ་ཨིན། ཏེ་འ་ནཱི་བཙུགས་ནི་འདི་ཚུ་ཡང་ ལྡེབས་རིས་འབད་བཟོ་སྟེ་སྡོད་ནུག་ ཡར་རྡོ་གི་དོང་ཧོག་ཀ་འབད་ འ་ནཱི་ཚུ་ངེའི་ཨམ་སྲུ་གི་ ཨའི་ཚུ་གིས་ མིག་གིས་ཡང་མཐོང་ནུག
  • སངས་རྒྱས་ལ Sangayla
    མར་ནང་ན་ཅིག་ཁ་ལུ་ ཏེ་གླིང་བུ་ཟེར་ ཏེ་འ་ནཱི་ ནཱ་ལས་ ཨུ་ར་ལས་ཨིན་ཟེར་སླབ་དགོཔ་འདི་ཨིན་ཟེར་ བསམ་འཆར་དེ་སྦེ་ བསམ་ཨིན་པས། ཏེ་ད་ ཁོ་ཏེ་ ཨིན་རྒྱུ་དང་ཕུ་རོགས་ འདི་ཨིན་པས་ལགས་ རོགས་གྱད་རྩ་ཟེར་ སྨུག་བཙན་ལོ་ བཙན་ལོ་ཡར་ལོ་མར་ལོ་ཟེར་མི་ཚུ་ག་ར་རོགས་ དང་ཕུ་གྱད་རྩ་ཡོད་མི་ཚུ་ག་ར་སྨུག་བཙན་གྱི་འབྲང་ཨིནམ་འོང་ནི་མས་ཏེ།
  • སངས་རྒྱས་ལ Sangayla
    སྒརཔ་རླུང་གི་འཁོར་ལོ་ཡང་ ཁོ་སྨུག་བཙན་གྱི་འབྲང་ཨིནམ་འོང་ནི་མས་ཟེར་ མནོ་དགོ་པས། ཨུ་ར་གདུང་གནག་པོ་ལོ་ ཀྲོང་གསར་གྱི་ཏེ་ སྨུག་བཙན་ལོ་ དེ་ལས་ཡར་དགེ་བསྙེན་ལོ་ཚུ་ག་ར་བཙན་ཨིན་ནི་འདི་གིས་ དང་ཕུ་ཆོས་མ་དར་བའི་ཧེ་མ་ལུ་ སྨུག་བཙན་ཚུ་གིས་ འབྲང་རང་བཟོ་སྟེ་ གྱད་རྩ་གྱད་རྩ་འབད་ཡོད་མི་ཚུ་ དེ་སྦེ་ཨིནམ་འདྲས་ཟེར་ མནོཝ་མས་ལགས་ང་བཅས་ཀྱིས།
  • སངས་རྒྱས་ལ Sangayla
    ཏེ་འ་ནཱི་སྦེ་ སྒརཔ་རླུང་གི་འཁོར་ལོ་ཟེར་མི་ དང་ཕུ་ཁོ་ཀྲོང་གསར་དང་ སྤུ་ན་ཁ་གི་བར་ན་ དང་ཕུ་གཞུང་དེ་སྦེ་སྡོདཔ་ད་ ཀྲོང་གསར་དང་ བུམ་ཐང་གི་བར་ན་ འགྲེམས་སྐྱེལ་པ་འབད་དེ་སྡོད་སྡོདཔ་འོང་ནི་མས་ལགས། འགྲེམས་སྐྱེལ་པ་འབད། ཡི་གུ་ཕར་ཚུར་བརྗེ་སོར་འབད་མི་འབད་ ཕར་གྱི་ཡི་གུ་ནཱ་སྐྱེལ་སྦེ་སྡོད་སྡོདཔ་མས།
  • སངས་རྒྱས་ལ Sangayla
    ཏེ་དཀའཝ་སྤྱད་དེ་ ཉིནམ་གཅིག་གི་ནང་སྤུ་ན་ཁ་དང་ ཀྲོང་གསར་ བུམ་ཐང་གི་བར་ན་ ཉིནམ་གཅིག་གི་ནང་ཕར་ལྷོདཔ་སྦེ་ཨིན་པས། དེ་ལས་ཚར་གཅིག་འབདཝ་ད་ ཚེམ་དཔོན་གྱི་བུཚ་གཅིག་ མགརཝ་གི་བུཚ་ དེ་ལས་ ཁོ་ཏེ་ ཁ་འཐབ་ཡར་སོང་ནུག་ ཁ་འཐབ་སོང་ནུག་ཟེར་གོ་ཡི་ དེ་ལས་ ཁ་འཐབ་འགྱོ་སྟེ་ ག་དེ་སྦེ་སོང་ཡི་གོ་ཟེར་བ་ཅིན།
  • སངས་རྒྱས་ལ Sangayla
    མགར་བའི་བུཚ་གིས་འབད་བ་ཅིན་ སྒརཔ་རླུང་གི་འཁོར་ལོ་གིས་འབད་བ་ཅིན་ ང་གིས་ནཱ་ལས་ སྤུ་ན་ཁ་ལུ་འགྱོ་ སྤུ་ན་ཁ་ལས་ ཉིམ་འཛུལཝ་ཅིག་ ཉིམ་གསལ་རི་རི་འཛུལཝ་ཅིག་ང་གིས་ཀྲོང་གསར་ལུ་ལོག་ལྷོད་འོང་ཟེར།
  • སངས་རྒྱས་ལ Sangayla
    མགར་བའི་བུཚ་གིས་འབད་བ་ཅིན་ ལྕགས་ཀྱི་ཐོ་བ་ཅིག་སྡོད་ནུག་འདི་ང་གིས་ ཁོ་གིས་བརྡར་ཞིནམ་ལས་ ཏེ་ང་གིས་ཁབ་སྦེ་བཟོ་ཚུགས་ཟེར་ དེ་ལས་ ཚེམ་དཔོན་གྱི་བུཚ་གིས་ ཆོས་གོ་ དང་ཕུ་ང་བཅས་རའི་ཆོས་གོ་ཟེར་ ཆོས་གོ་ཡོད་དོ་མས་ཏེ་ ཆོས་གོ་ཉིནམ་གཅིག་གི་ནང་བཙེམ་ཚུགས་ཟེར་ འ་ནཱི་སྦེ་ ཁོང་གསུམ་ཁ་འཐབ་འགྱོཝ་ད་ སྒརཔ་རླུང་གི་འཁོར་ལོ་གིས་ སྤུ་ན་ཁ་ལུ་སོང་སྟེ་ ལོག་ལྷོདཔ་ད།
  • སངས་རྒྱས་ལ Sangayla
    ཡར་ལྕང་མའི་ལབ་རྩ་ལྷོདཔ་ད་ སྒརཔ་རླུང་གི་འཁོར་ལོ་གིས་ཏེ་ རྫོང་ནང་ལྷོདཔ་ད་ མར་ལུ་ལྕགས་ཀྱི་ཐོ་བོ་འདི་ ཁབ་ཅིག་ལུ་འགྱུར་ཏེ་འདུག་ཟེར་ཨིན་པས། དེ་ལས་ ཚེམ་དཔོན་གྱི་བུཚ་འདི་ ཆོས་གོ་སྤུད་པའི་བསྒང་འདུག་ཟེར་ཨིན་པས། གཏམ་རྒྱུད་དེ་སྦེ་གོ་ཡི་ལགས།
  • སངས་རྒྱས་ལ Sangayla
    དེ་སྦེ་ཨིན་པས། ཤུལ་ལས་ཁོ་དེ་སྦེ་འབད་དེ་ དཀའཝ་རང་སྤྱད་དེ་ ཕར་ཚུར་འགྲེམས་སྐྱེལ་ལེན་པ་འབད་དེ་ དཀའཝ་སྤྱད་དེ་ཏེ་ དེ་ལས་ཁོ་ཧ་ལམ་ཅིག་ཁ་ལས་ [ཧོར་ཁྲ་སྟེ་?] ད་ཉ་ལ་ཨམ་བདུདམོ་ ད་ང་སྒརཔ་རླུང་གི་འཁོར་ལོ་ སྲོག་གཅོད་པའི་འདྲེ་ཅིག་འབད་བྱིན་གནང་ཟེར་ ཁོ་ར་གིས་གསོལཝ་བཏབ་བཏབ་འོང་ནི་མས།
  • སངས་རྒྱས་ལ Sangayla
    བཏབ་བཞིན་དུ་ ཁོ་ཚར་གཅིག་སྤུ་ན་ཁ་ལུ་འགྱོཝ་ད་ ཕར་ཚངས་ཁ་གི་མཇུག་ ཧ་ལམ་ཕར་འགྱོཝ་ད་ ཆུ་གཅིག་ཡོད་ ང་བཅས་ཀྱིས་ཡང་མཐོང་ཡི་ ཧེ་མ་ནཱ་ལུ་རྡོ་ཆུང་ཅིག་ཡོད་ འ་ནཱ་ལུ་ ཨམ་སྲུ་ཆུ་འཁྱུ་སྟེ་ འདི་ཅིག་ཆུ་འཁྱུ་དོ་མས་ རྒྱུ་མ་ཅིག་ཆུ་འཁྱུཝ་མས་ཟེར་ཨིན་པས།
  • སངས་རྒྱས་ལ Sangayla
    ཏེ་དབའེ་ཁྱོད་ག་ཅི་ཆུ་འཁྱུཝ་སྨོ་ཟེརཝ་ད་ ང་གླང་གི་རྒྱུ་མ་ཅིག་འཁྱུ་དོ་ཟེར་ སླབ་མས་ཟེར་ཨིན་པས།
  • སངས་རྒྱས་ལ Sangayla
    ཏེ་ཁོ་གི་ལོ་འདི་ གླང་ཨིན་དོཝ་མས་ གླང་ཨིན་པས། དེ་ལས་གླང་གི་རྒྱུ་མ་འཁྱུ་དོ་ཟེར་སླབ་སྟེ་ དེ་ལས་ཁོ་ཕར་ལས་ལོག་འོང་སྟེ་ ཀྲོང་གསར་ལྷོདཔ་ད་ ཏེ་ཁོ་ཕར་ ཉ་ལ་བདུདམོ་དེ་གིས་སྲོག་བཅད་དེ་ དེ་ལས་ཁོ་ལྷོདཔ་ཅིག་རང་ཤི་ནུག་ལགས།
  • སངས་རྒྱས་ལ Sangayla
    དེ་ལས་ཁོ་གི་མི་རྒྱུད་འ་ནཱི་ཅིག་སྦེ་མཇུག་བསྡུ་ནུག མི་རྒྱུད་འབད་མིན་འདུག་ལགས་ ཧེ་མ་གི་ཕམ་འབད་བ་ཅིན་ཏེ་ ཁོ་གི་སྐྱེས་ས་སྦོམ་ས་ག་ར་ ཨུ་ར་ལས་ཨིན་པས་ལགས། ཨུ་ར་སྦང་པ་གི་གདོང་ཁར་ཁྱིམ་གཅིག་སྡོད་ཡི་ གྱང་ཁོག་སྦེ་སྡོད་ཅི་ འ་ནཱ་ལས་ གྱང་ཁོག་འདི་ང་བཅས་ཀྱིས་ཡང་ཚོར་ཡི་ ད་རེས་ནངས་པར་ བར་ན་ཁོང་གིས་ལྡུམ་ར་བཟོ་སྟེ་ཡོད་ལགས།
  • སངས་རྒྱས་ལ Sangayla
    ཏེ་ཨ་ནཱི་ས་འདི་ ད་ལྟོའི་བར་ན་ཡང་ ས་འདི་ད་ལྟོའི་བར་ན་ཡང་ མགུཔ་དབང་ཆེན་གྱི་ ཨ་ནཱི་ཁྲམ་ནང་ སྦང་པ་གི་ཁྲམ་ནང་མེད་ སྤྱོད་ནི་ཁོང་སྤྱོད་མས་ དེ་འབདཝ་ད་མགུཔ་དབང་ཆེན་གྱི་ཁྲམ་ནང་ཡོདཔ་ཨིན་ལགས་ འ་ནཱི་སྦེ་ཨིན་ལགས། དེ་ལས་ ང་གིས་ ཤེས་ནི་འདི་ག་ནི་ཡང་མི་ཤེས་ གཏམ་རྒྱུད་ཅིག་ ལ་ལུ་ཅིག་བརྗེད་ཡང་བརྗེད་སོངཔ་འོང་ལགས་ དེ་སྦེ་ཨིན་ལགས།། །།