Video Overview
Lumo Tsering from Chuma village, Repgong tells the story of the reversal of fortunes of a generous poor man and a greedy rich man.
གཏམ་རྒྱུད་འདིས་ནང་དུ་དབུལ་བོ་ཆོག་ཤེས་ཅན་ཞིག་ཕྱུག་པོར་གྱུར་བ་དང་ཕྱུག་པོ་ཧམ་སེམས་ཅན་ཞིག་གི་ཚེ་སྲོག་ཤོར་བའི་བྱུང་རིམ་བརྗོད་ཡོད།
གནའ་གཏམ་ནི་སྒྲོ་བཏགས་དང་རབ་བཏགས་ཀྱི་ཆ་ལྡན་པའི་ཡབ་མེས་ཀྱི་ངག་ལས་བྱུང་བའི་སྤྲོ་སྣང་རང་བཞིན་ལྡན་ལ་གནས་ལུགས་གང་མང་ཞིག་ཀྱང་སྟོན་ཐུབ་པའི་ངག་རྒྱུན་ལ་ཟེར་ཞིང་།ཁྱིམ་ཚང་དབུལ་བོ་ཞིག་གི་བུ་དེ་ཉིན་རྒྱུན་དུ་འབུད་ཤིང་འཐུ་རུ་འགྲོ་བ་དང་ལམ་བར་ན་རྡོའི་སེང་གེ་ཞིག་ཡོད་པ་དེར་རྒྱུན་དུ་རང་གི་བྲོ་ཁའི་ཕྱེད་ཀ་དེར་བྱིན་པ་ཡིན། ཉིན་ཞིག་སེང་གེས་གསུང་བརྗོད་ནས་ཁོ་ལ་སང་ཉིན་ཞོགས་པར་གསེར་སྟེར་ཟེར་བ་དང་ཉི་མ་མ་ཤར་བར་ཏུ་བླང་ཆོག་ཅེས་བརྗོད། ཁོ་ནི་འདོད་ཆུང་ཆོག་ཤེས་ཅན་ཞིག་ཡིན་པས་གསེར་ཉུང་ཙམ་བླངས་ནས་བུད་སོང་། གནས་ཚུལ་དེ་ཕྱུག་པོ་ཚང་གི་བུ་དེས་ཤེས་ནས་ཉིན་རྒྱུན་དུ་རྡོ་སེང་གེ་ལ་ཟ་མ་བྱིན་པ་ན་ཁོ་ལའང་གསེར་སྟེར་ཟེར། རེད་ཀྱང་ཁོ་ལ་ཆོག་ཤེས་མེད་པས་ཉི་རྩེ་ཤར་བའི་བར་དུ་སེང་གེའི་ཁ་ནང་གི་གསེར་བླངས་པས་ལག་པ་སེང་གེའི་ཁ་ནང་ནས་ལུས་ཏེ་ཤི་སོང་བ་རེད། འདིར་མི་ཞིག་ཡིན་ཕྱིན་འདོད་ཆུང་ཆོག་ཤེས་དགོས་པ་བསྟན་ཡོད།
这段故事讲述了一位常怀知足心的穷人最后变为富有,和一位富人因贪心而丧命的过程。
故事是一种口头文化,总是用夸张的手段和拟人的手段来讲述一件事从而给别人讲道理。这段故事讲了一个平穷人家的儿子每天去砍柴的路上分一半的食物给石狮,很多天之后石狮既然说话了,答应第二天早上给他金子,他是个容易知足的人,所以装了一些就开心地回去了。此事被一位有钱人家的儿子知道后,按照他的方法也得到了金子,可是他太贪婪太阳快出来了还在从石狮嘴里取金子,最后想再取一些的时候石狮合上了嘴,手没取出来人也死了。本段故事说明了人要学会知足。
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན།
- ཕྱུག་པོ་ཚང་ཞིག་ཡོད་ནི་རེད།
- དབུལ་བོ་ཚང་ཞིག་ཡོད་ནི་རེད།
- དབུལ་བོ་མ་བུ་གཉིས་ཡོད་ནི་རེད།
- རྒན་མོ་དབུལ་བོ་མ་བུ་གཉིས་ལ་ཟ་རྒྱུ་མེད་པས།
- བུ་ཉིན་རྒྱུན་ནགས་བཏུ་རུ་སོང་ནས།
- ནགས་བཏུས་ནས་ཡོང་སྟེ།
- ནགས་བཙོང་ནས་ཁོ་མ་བུ་གཉིས་ཀྱིས་ཁ་གསོ་ཐབས་བྱས་ནས་བསྡད།
- ཁོ་ལ་བྲོ་ཁ་ཉིན་རྒྱུན་ནགས་ལ་སོང་ན་ཉུང་ཙམ་རེ་ཁྱེར་རྒྱུ་ཡོད་ནི་རེད།
- ནགས་ལ་སོང་ན་ནགས་ལམ་ན་རྡོ་སེང་གེ་ཞིག་ཡོད་ནི་རེད།
- བྲོ་ཁ་གཉིས་སུ་བགོས་ནས་ཕྱེད་ཀ་རྡོ་སེང་གེ་ལ་བྱིན།
- ཕྱེད་ཀ་ཁོ་ཡིས་ཟོས།
- དེ་ལྟར་འཚོ་བ་རོལ་ནས་བསྡད།
- ཉིན་ཞིག་ལ་ཁོ་ཡིས་དེ་ནས་བྲོ་ཁ་བྱིན་ནས།
- ངལ་གསོ་བྱས་ནས་རྡོ་སེང་གེ་ཡི་རྩིབ་ནས།
- ངལ་གསོ་བྱས་ནས་བྲོ་ཁ་ཕྱེད་ཀ་རྡོ་སེང་གེ་ལ་བྱིན་པ་དང་།
- ཕྱེད་ཀ་ཁོ་ཡིས་ཟོས་ནས་བསྡད་དུས།
- དེ་ནས་རྡོ་སེང་གེ་གིས་གསུང་བརྗོད་པ་རེད།
- ཁྱོད་ཀྱིས་ང་ལ་ད་ལྟ་བར་དུ་ཁྱོད་ཀྱི་བྲོ་ཁ་དེ་བྱིན་ནས།
- ངེད་གཉིས་ཀྱིས་མཉམ་ཟ་མཉམ་འཐུང་བྱས་ནས་བསྡད་ནི་རེད།
- ངས་ཀྱང་ཁྱོད་ལ་དྲིན་ལན་མཇལ།
- སང་ཉིན་ནངས་མོར་སྔ་མོ་ནས་ཁྱོད་ཀྱིས་ཁུག་མ་ཆེན་པོ་ཞིག་ཁྱེར་ནས་ཤོག་དང།
- ངས་ཁྱོད་ལ་གསེར་གནང་ཟེར།
- ཡ་་་རྡོ་སེང་གེ་དྲིན་ཆེན་པོ་ཡིས་གསུང་བརྗོད་ཐལ་ཞེས་བཤད་ནས།
- དགའ་ནས་བུ་ཡུལ་ལ་ཡོང་ནས།
- ཨ་མ་་་ང་ལ་རྡོ་སེང་གེ་ཡིས་གསུང་བརྗོད་པ་རེད།
- ང་ལ་སང་ཉིན་རྡོ་སེང་གེ་ཡིས་གསེར་གནང་རྒྱུ་རེད་ཅེས་བཤད་ནས།
- ཧེབ་ཡོད་པ་མ་རེད།
- ཅི་ཡང་མེད་པའི་མི།
- དལ་མོ་བྱས་ནས་ལངས་ཏེ་ཁུག་མ་ཆུང་ཆུང་ཞིག་ཁྱེར་ནས།
- སོང་དུས་རྡོ་སེང་གེ་ཡིས་ངས་ཁ་གདང་ནས་འདུག
- ཁྱོད་ཀྱིས་ངའི་ཁ་ནང་གི་གསེར་ལེན་གི་སྡོད།
- རི་མགོར་ཉི་རྩེ་རྒྱབ་དུས་གསེར་མ་ལེན།
- ངའི་ཁ་དམ་འགྲོ་ནི་རེད།
- ཁྱོད་ཀྱི་ལག་པ་ངའི་ཁ་ནང་ནས་ལུས་འགྲོ་ནི་རེད།
- དེ་ལྟར་བྱས་ན་མ་འགྲིག་ནི་རེད་ཟེར།
- ཡ་་ཞེས་བཤད་དེ་རྡོ་སེང་གེ་ཡིས་ཁ་གདང་ནས་བསྡད།
- བུ་དེས་གསེར་མུ་མཐུད་དུ་བླངས།
- ད་ཆོག་གི་ཨ་ཁུ་རྡོ་སེང་གེ་ལོ་ལོ།
- ངའི་རྩམ་ཁུག་ནང་ན་མང་པོ་ཞིག་བབས་ཡོད་པས་ཆོག་གི་ཟེར།
- ད་རུང་ལོངས་ཟེར།
- དེ་ནས་མུ་མཐུད་དུ་བླངས།
- ཨ་ཁུ་རྡོ་སེང་གེ་ལོ་ལོ་ད་ཆོག་གི་ཟེར།
- ང་ལ་མང་པོ་ཞིག་གནང་ཡོད་པས་ད་ཡིན་ཟེར།
- དེ་ན་ཆོག་ནི་བྱོས།
- ཁྱོད་ཆོག་པ་རེད་དམ་ཅེས་དྲིས།
- ང་ལ་ཆོག་གི་ང་ལ་མང་པོ་ཞིག་གནང་བ་རེད།
- ཨ་ཁུ་རྡོ་སེང་གེ་ལོ་ལོ་ཟེར།
- དེ་ན་རི་མགོར་ཉི་རྩེ་རྒྱག་ལ་ཉེ།
- ཁྱོད་སོང་ནས་མི་གཞན་ལ་མ་བཤད་ཟེར།
- ཡ་ཞེས་བཤད་དེ་བུ་དགའ་ནས་ཡོང་སྟེ།
- གསེར་དེ་ཁ་ཤས་བཙོང་ནས།
- མ་བུ་གཉིས་ཀྱིས་ཁང་བ་ཡང་བསྐྱར་ལས་ནས།
- ནང་ལ་སྣོད་ཇ་ལག་བསྒྲིགས་ནས།
- ཁོ་གཉིས་ལ་གོན་པ་གསར་བ་ཉོས་ནས།
- ཟ་མ་བསྒྲིགས་ནས་ཁོ་གཉིས་ཀྱིས་འཚོ་བ་སྐྱིད་པོ་རོལ་ནས་བསྡད་པས།
- ཕྱུག་པོ་ཚང་ཡ་མཚར་ནས།
- དེ་ཚང་གིས་ཉིན་རྒྱུན་ནགས་ཏག་ཏག་བཏུས་ནས་བསྡད་ཡོད།
- གློ་བུར་དུ་དེ་འདྲའི་ཕྱུག་པོ་ཚང་ཞིག་ཏུ་ཅི་ལྟར་གྱུར་ཞེས།
- ཡོང་ནས་བུ་དེ་ལ་དྲིས།
- དྲིས་པས་བུ་དྲང་མོ་ཡིན་པས་བཤད་པ་རེད།
- ང་ནགས་ལ་སོང་ནས།
- ཨ་ཁུ་རྡོ་སེང་གེ་ཡིས་ང་ལ་གསེར་གནང་བས།
- ངེད་མ་བུ་གཉིས་འདི་འདྲའི་ཕྱུག་པོ་ཞིག་ཏུ་གྱུར་བ་ཡིན།
- ཕྱུག་པོ་ཚང་གི་བུ་དེས་ལད་མོ་བྱས་ནས།
- ཉིན་རྒྱུན་ནགས་ལ་སོང་ནས།
- བྲོ་ཁ་ཕྱེད་ཀ་རྡོ་སེང་གེ་ལ་བྱིན།
- ཕྱེད་ཀ་ཁོ་ཡིས་ཟོས།
- བུ་གཞན་པ་དེས་ལད་མོ་བྱས་ནས།
- ཉིན་ཞིག་རྡོ་སེང་གེ་ཡིས་ཁྱོད་ཤོག་དང་སང་ཉིན་ངས་ཁྱོད་ལ་གསེར་གནང་ཟེར།
- ཡ་ཞེས་བཤད་དེ་ནངས་མོར་སྔ་མོ་ནས་ཁུག་མ་ཆེན་པོ་ཞིག་འཁུར་ནས།
- ཧེབ་རྐྱལ་ཡིན་པས་སོང་ནས།
- རྡོ་སེང་གེ་ཡིས་ངས་ཁ་གདང་ནས་འདུག
- ཁྱོད་ཀྱིས་མུ་མཐུད་དུ་ལེན་གི་སྡོད།
- རི་མགོར་ཉི་རྩེ་རྒྱབ་ནས་ཡོང་དུས་ཁྱོད་ཀྱིས་མ་ལེན།
- ངའི་ཁ་ནང་ནས་ཁྱོད་ཀྱི་ལག་པ་ལུས་འགྲོ་ནི་རེད།
- ངའི་ཁ་དམ་འགྲོ་ནི་རེད།
- ཁྱོད་མ་འགྲིག་ནི་རེད་ཟེར།
- ཡ་ཞེས་བཤད་ནས་མུ་མཐུད་དུ་བླངས།
- ད་ཆོག་གི་་་རི་མགོར་ཉི་རྩེ་རྒྱག་ལ་ཉེ་བས་ཆོག་གི་ཟེར།
- ཨ་ཁུ་རྡོ་སེང་གེ་ཡིས་དེ་ལྟར་བཤད་རུང་བུ་དེ་ཧེབ་རྐྱལ་ཡིན་པས།
- ཨ་ཁུ་རྡོ་སེང་གེ་ལོ་ལོ་ང་ལ་ད་རུང་གནོངས་ཟེར།
- ཡང་མུ་མཐུད་དུ་བླངས།
- ད་ལྟ་རི་མགོར་ཉི་རྩེ་རྒྱབ་ཡོད་པས་ཆོག་གི་ཟེར།
- ཧེབ་རྐྱལ་ཡིན་པས་ཡང་བསྐྱར་ངས་ལེན་དགོས་ཞེས་བཤད་དེ།
- ཡང་བསྐྱར་བླངས་པས་ཁོའི་ལག་པ།
- རྡོ་སེང་གེ་ཡིས་ཁ་དམ་སོང་བ་རེད།
- ཁོའི་ལག་པ་ཁའི་ནང་ནས་ལུས་ཏེ་དེ་ལྟར་བུ་དེ་ཤི་སོང་།
- ཧེབ་རྐྱལ་ཡིན་པས་དེ་ལྟར་བརླག་པ་རེད།
- དེ་ལྟར་ཚར་སོང་།