Skip to main content Skip to search
27 Sep 2016
4 min 35 sec
Video Overview
Creators: 
Kalwangjyid, Tibetan and Himalayan Library

This kind of steamed porridge is called kar nyok in Chentsa County, Amdo.

དཀར་ཉོག་བླུགས་ནས་ཐབ་ལ་བསྐྱོན་རྒྱུར་གྲ་སྒྲིག་བྱས་ཡོད།

碗坨是一种盛行于安多尖察地区的蒸制的面糊。

དཀར་ཉོག་ནི་ཨ་མདོའི་གཅན་ཚ་གཙོ་བྱས་པའི་ས་ཆར་ཡོད་པའི་ཟ་མའི་རིགས་ཤིག་སྟེ། ས་ཆ་ལ་ལ་རུ་དཀར་ཚོད་དུ་ཡང་འབོད་ལ། དེ་ནི་དཀར་ཡོལ་གྱི་ནང་དུ་ཚོད་མའི་ཚུལ་དུ་བཞག་ཡོད་པའི་དེ་ལྟར་བཏགས་སྐད། དཀར་ཉོག་ནི་ཉིན་རྒྱུན་གྱི་ཟ་མ་ཞིག་མ་ཡིན་པར་མཚམས་ལན་རེར་བསྐོལ་ནས་ཁ་ཟས་བརྗེ་བར་བྱེད་པ་ཞིག་ཡིན་ལ། ཨ་མདོ་ས་ཆའི་དཀར་ཉོག་ལའང་བཟོ་ཚུལ་མི་འདྲ་བ་འགའ་རེ་ཡོད་དེ། ལ་ལ་ཞིག་གིས་ཕྱེ་ཁུ་ཡི་ནང་དུ་གཡིས་བླུགས་ནས་ཐབ་ལ་བསྐྱོན་ན་དཀར་ཉོག་བཟོ་བ་དང་། ཡང་ས་ཆ་ཁ་ཤས་སུ་དཀར་ཡོལ་ནང་དུ་ཤ་ཆུང་ཆུང་ཁ་ཤས་གཙབས་པ་དང་དེའི་ནང་དུ་ཆུ་ཅུང་ཙམ་བླུགས་ཏེ་དཀར་ཡོལ་གྱི་ཁ་ཕྱེ་ལེབ་སྲབ་མོ་ཞིག་གིས་བཀབས་ནས་ཐབ་ལ་བསྐྱོན་ན་དེ་ལ་དཀར་ཉོག་ཟེར། ཕྱེ་ཁུ་ཡི་དཀར་ཉོག་ཐབ་ལ་མ་བསྐྱོན་གོང་གི་རྣམ་པ་ནི་འདི་འདྲ་ཡིན་ནོ།

碗坨是一种盛行于安多尖察地区的蒸制的面糊。不同的地方有不同的做法和名称,有些地方是在面粉里加水和油后搅合而成,而有些地方则会放入一些肉和水,然后用压好的面盖住碗口并入蒸笼蒸制。图片展示的用面粉做好尚未蒸制的碗坨。