Skip to main content Skip to search
31 Aug 2018
20 min 36 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel

Professor Chorten Tshering of the College of Language and Culture Studies has been there for around 30 years as faculty. He says he has been researching and observing Bhutanese culture, and it has been in decline. This change can be clearly seen by looking at the way Bhutanese eat, dress, style their hair, and speak today. Since the government was also worried about this decline of Bhutanese culture, there are researchers who focus on studying cultural traditions. He says doing research is the best way to preserve our culture and traditions.

 

ང་བཅས་རའི་རྒྱལ་ཁབ་ཀྱིས་ལམ་སྲོལ་སྐོར་ལས སྟག་རྩི་རིག་གཞུང་མཐོ་རིམ་སློབ་གྲཱའི་ ལེགས་སྦྱར་བ་ ཆོས་བརྟེན་ཚེ་རིང་གིས་སླབ་དོ་བཟུམ་ འབད་བ་ཅིན་ ཁོ་གིས་ལོ་༣༠་ལྷགཔ་ཅིག་ རིག་གཞུང་ནང་ལུ་ ཕྱག་ཞུ་འདི་ སྡོད་པའི་རིང་ལུ་ ཁོ་གིས་ཨ་རྟག་ར་ ང་བཅས་རའི་ རྒྱལ་ཁབ་ནང་གིས་ ལམ་ལུགས་སྲོལ་ཚུའི་ སྐོར་ལས་ བལྟ་འདི་ར་སྡོདཔ་ཨིན་ཟེར་ཨིན་མས། ང་བཅས་རའི་རྒྱལ་ཁབ་ཀྱིས་ ལམ་ལུགས་སྲོལ་འདི་ མར་ཉམས་འགྱོ་ས་ མཐོང་མས་ཟེར་ཨིན་མས། ང་བཅས་རའི་ ལམ་ལུགས་སྲོལ་འདི་ ཐ་ན་ ང་བཅས་ར་བཞེས་སྒོ་བཟའ་ཐངས་ལས་འབད་རུང་  སྐྱ་བཞག་ཐངས་ལས་འབད་རུང་ གོ་ལ་གྱོན་ཐངས་ ག་ར་གིས་ཤེས་ཚུགས་པས་ཟེར་ཨིན་མས། དེ་འབད་ཝ་ལས་བརྟེན་ ད་རེས་ནང་པ་ ཞིབ་ཚོལ་པ་ཚུ་ལས་བརྟེན་ ལམ་སྲོལ་འདི་ ཡར་རྒྱས་འགྱོ་དོ་ ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • མཆོད་རྟེན་ཚེ་རིང་
    ད་ང་ར་གི་མིང་མཆོད་རྟེན་ཚེ་རིང་ཟེར་སླབ་ཨིན་ ཏེ་ང་ར་སྐྱེས་ས་བཀྲིས་གཡང་རྩེ་ལས་ཨིན་ ཏེ་ང་ཆུང་ཀུ་བསྒང་ལས་ར་ ཏེ་མ་པ་ཕྱི་པའི་གི་སློབ་གྲྭ་ནང་ལུ་ཡང་ཨ་ཙི་རེ་དཔེ་ཆ་སློབ་སྦྱོང་འབད་ཡི།
  • མཆོད་རྟེན་ཚེ་རིང་
    དེ་ལས་ད་ ང་བཅས་ར་གི་དེ་ལས་བཤད་གྲྭ་ནང་ལུ་སོང་སྦེ་ཏེ་བཤད་གྲྭ་བལྟ་སྦེ་དེ་ལས་ད་ལྟོ་སེམས་རྟོགས་ཁ་ལུ་རིག་གཞུང་གི་སློབ་གྲྭ་ནང་ཕྱག་ཞུ་སྟེ་ད་ལྟོ་ཚུན་ཚོད་བར་ནང་ལུ་ད་ཧ་ལམ་ལོ་༣༠དེ་ཅིག་ཡར་སོང་ཡི་ཟེར་ཞུ་ནི་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཨ་སློབ་དཔོན་གྱིས་ད་སེམས་རྟོགས་ཁ་ལས་འགོ་བཙུགས་ དེ་ལས་ནཱ་སྟག་རྩེ་བཞུགས་སྦེ་ལོ་༣༠དེ་ཅིག་ཕྱག་ལཱ་གནངམ་ད་ལུ་ཏེ་རིག་གཞུང་སློབ་གྲྭ་དང་ད་རེས་ནངས་པ་ད་ལམ་སྲོལ་དང་སྐད་ཡིག་གི་སློབ་གྲྭ་ཟེར་ཞུཝ་མས་དེ་གི་འགྱུར་བ་ ཡར་གོང་འཕེལ་འགྱོ་བའི་ མར་ཉམས་ཏེ་འགྱོ་བའི་ འདི་གནས་སྟངས་ག་དེ་སྦེ་ལྷོད་དེ་ཡོད་གོ་ལགས?
  • མཆོད་རྟེན་ཚེ་རིང་
    ད་མ་པ་འདི་ཨ་་ཨ་ནཱི་ད་ཨ་་ཁག་གཉིས་ཀ་ཁག་གཉིས་སྦེ་ཞུ་གེ་ཟེར་ཞུ་ནི་ལགས་ ག་ཅིམ་ཟེར་བ་ཅིན་གཅིག་ལས་མནོ་བསམ་བཏང་པ་ཅིན་ང་བཅས་སློབ་གྲྭ་འདི་ཏེ་སློབ་གྲྭ་འདི་ནང་ལུ་སྡོད་དེ་ང་ལོ་ཧ་ལམ་ཅིག་ལོ་༣༠དེ་ཅིག་ཨ་་འགྱོ་ཡི།
  • མཆོད་རྟེན་ཚེ་རིང་
    འདི་མ་ཚད་ཏེ་ང་གིས་ འབྲུག་རྒྱལ་ཁབ་ཤར་ལྷོ་ནུབ་བྱང་ ག་ཏེ་ལས་ཕར་ཡང་བལྟ་སྟེ་འབད་རུང་ང་བཅས་ར་གི་ལམ་སྲོལ་གྱི་གནས་སྟངས་དེ་འདི་ཕྱོགས་གཅིག་ལས་བལྟ་བ་ཅིན་ཏེ་ཉམས་ཏེ་རང་འགྱོ་དོ་ཟེར་ར་ཞུ་ནི།
  • མཆོད་རྟེན་ཚེ་རིང་
    དེ་ག་དེ་སྦེ་ཨིནམ་ཟེར་བ་ཅིན་ཏེ་དང་ཕུག་གི་ང་བཅས་ར་གི་ཨ་་་གོ་ལ་གྱོན་ཐངས་དེ་ལས་ཏེ་ མགུ་ཏོག་ཁར་ལུ་ སྐྱ་བཞག་ཐངས་ཏེ་མི་འདི་ཚུ་གི་ཁ་སླབ་ཐངས་བཞེས་སྒོ་བཟའ་ཐངས།
  • མཆོད་རྟེན་ཚེ་རིང་
    ཏེ་ག་ར་མ་འདྲཝ་མ་འདྲཝ་སྦེ་ཏེ་དེང་སང་འཛམ་གླིང་གཅིག་འགྱུར་གྱི་ཏེ་དུས་ཚོད་འབད་ནི་དེ་གིས་ཏེ་ ག་ར་འགྱུར་འགྱོ་བའི་བསྒང་ལས་ཏེ་ང་བཅས་ར་གིས་ བཀག་ཐབས་མེད་པའི་གི་དེམ་སྦེ་ཨིན་མས།
  • མཆོད་རྟེན་ཚེ་རིང་
    ད་ཨ་ནཱི་འབདན་དེ་གིས་ འདི་ལས་མནོ་བསམ་བཏང་པ་ཅིན་ང་བཅས་ཀྱིས་ཏེ་ད་ ན་གཞོན་ཟེར་སླབ་ནི་མེད་ཏེ་གཡུས་ཁ་གི་མི་ཟེར་སླབ་ནི་མེད་ཏེ་ཧ་ལམ་ཅིག་ ང་བཅས་ཀྱི་ལམ་སྲོལ་འདི་ལུ་ཏེ་གནམ་མེད་ས་མེད་ར་ཉམས་འགྱོ་དོ་བཟུམ་སྦེ་ར་སྣང་བ་ཤརཝ་ཨིན་མས།
  • མཆོད་རྟེན་ཚེ་རིང་
    ཨིན་ཏེ་འབད་རུང་ལོག་གཅིག་ཁར་ལས་བལྟ་བ་ཅིན་ཏེ་ཏེ་ང་བཅས་ར་གི་གཞུང་གི་ཐུགས་ཁར་བསྣམས་ཏེ་གིས་སྦེ་ལྷག་པར་དུ་ང་བཅས་རའི་ ཏེ་ང་བཅས་ར་མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་འདི་ཚུ་གིས་ང་བཅས་རའི་རྒྱལ་ཁབ་འདི་དང་པ་གི་ཕ་མའི་གི་ཤུལ་བཟང་པོ་འདི་ཚུ་མ་ཉམས་པར།
  • མཆོད་རྟེན་ཚེ་རིང་
    ནང་པ་གི་ཆོས་འདི་ཚུ་ མ་ཉམས་པར་བཞག་ནི་གི་ཐུགས་ཀྱི་བརྩོན་ཤུགས་སྦོམ་བསྐྱེད་དེ་གིས་སྦེ་ ལམ་སྟོན་བསླབ་བྱ་ལེགས་ཤོམ་སྦེ་ གནང་བ་ལས་བརྟེན་ཏེ་གིས་སྦེ་ གཞུང་གི་ཁུར་བཞེས་ཏེ་གིས་སྦེ་ཏེ་ང་བཅས་ར་ག་སྟེ་ར་འབད་རུང་ཐདམ་ཐད་ཁར་གནམ་མེད་ས་མེད་ཀྱི་ཟད་འགྲོ་སྦོམ་སྦེ་བཏང་སྟེ་གིས་འབད་ལམ་སྲོལ་ལུ་ཏེ་འབད་ནཱེམ་འབད་དོ་ཟེར་ཞུ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    དཔེ་འབད་བ་ཅིན་ ཏེ་ང་བཅས་ར་གིས་ཏེ་ཨ་ནང་སྲིད་ལྷག་ཁག་ནང་ མནོ་བསམ་བཏང་བལྟ་བ་ཅིན་དེ་ལས་སྒྲིག་ལམ་རྣམ་གཞག་གི་སྡེ་ཚན་སོ་སོར་འཆམ་དང་ཞབས་བྲོ་རྐྱབ་ནི་གི་སྡེ་ཚན་སོ་སོར།
  • མཆོད་རྟེན་ཚེ་རིང་
    དེ་ལསན་འདི་བཟུམ་སྦེ་ང་བཅས་ར་གི་དེ་ལས་ཏེ་ད་ཤེས་ཡོན་གྱི་ ང་བཅས་ར་ལག་བཟོ་གི་ཏེ་འདི་བཟུམ་སྦེ་ག་ར་བཙུགས་ཏེ་གིས་སྦེ་རྩ་འགེངས་ཏེ་གིས་སྦེ་ཨ་ནཱེ་སྦེ་མཛད་གནང་མི་ལུ་བལྟ་བ་ཅིན་ཏེ་ཧེ་མ་མེད་པའི་གི་ལས་རིམ་ལེ་ཤ་ཅིག་ར་ང་བཅས་ལམ་སྲོལ་གྱི་ཨ་ནང་པ་གི་ཨ་ང་བཅས་ར་ལམ་སྲོལ་གྱི་ལུགས་སྲོལ་བཟང་པོ་འདི་ཚུ་ཡང་ཏེ་སྤེལ་ཏེ་ར་འགྱོ་དོ་ཟེར་ཞུ་ནི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ད་སློབ་གྲྭ་གི་སློབ་ཚན་དང་ཏེ་སློབ་སྦྱོང་གནང་ཐངས་ཀྱི་ཐད་ཁ་ལས་འབད་བ་ཅིན་ད་ལྟོ་རྒྱལ་གཞུང་རྒྱན་ཨ་་་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་སྲིད་བྱུས་ནང་ག་དེ་སྦེ་འདུག་ལགས?
  • མཆོད་རྟེན་ཚེ་རིང་
    ད་མ་པ་ང་བཅས་ཀྱི་ སེམས་རྟོགས་ཁ་གི་སློབ་གྲྭ་ཧེ་མ་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ང་བཅས་ར་གི་ འདིནང་ལུ་ག་ཅིག་སླབ་ཨིན་ད་ཨ་ནཱི་ སྐད་ཡིག་དང་ལམ་སྲོལ་ཟེར་ཏེ་སྡེ་ཚན་སོ་སོར་སྦེ་དབྱེ་བ་ཕྱེ་སྟེ་གི་སྦེ་ད་ཨ་ནཱི་ club (སྡེ་ཚན)སྦེ་བཟོ་སྟེ་གི་འབད་དེ་ནང་ལུ་ལེ་ཤ་སླབ་ནི་ཡོད།
  • མཆོད་རྟེན་ཚེ་རིང་
    ཏེ་ཨིན་ཏེ་འབད་རུང་ང་བཅས་ཀྱི་ད་ང་བཅས་ར་གི་ ལམ་སྲོལ་གྱི་ནང་ན་ལས་ཨ་་ལག་ག་ཅི་སླབ་ཨིན་ད་ཨ་ནཱི་ད་ཨིང་སྐད་ནང་ལས་འབད་བ་ཅིན་ད་རོགས་Performing Art (ཟློས་གར)ལོ་fine Arts (ལག་ཤེས་སྒྱུ་རྩལ།)ལོ་ཟེར་ ཨ་ནཱེ་སྦེ་ཡོད་སྦ་ལགས།
  • མཆོད་རྟེན་ཚེ་རིང་
    ད་ཨ་ནཱི་འདི་ཚུ་འདི་ཏེ་གནམ་མེད་ས་མེད་ ང་བཅས་ཀྱི་ནཱ་བཙོན་ཤུགས་མ་བཏོན་ཏེ་འབད་རུང་ཡང་ཏེ་རོགས་དེ་(གཙུག་ལག་སློབ་སྡེ)སོ་སོར་སྦེ་ར་བཙུགས་གནང་སྟེ་ཡོད་ཨ་ནཱེ་འབད་ནི་དེ་གིས་ ང་བཅས་ནཱ་ག་ཅི་འབད་དགོཔ་ཟེར་བ་ཅིན་གཙོ་བོ་ར་ང་བཅས་ར་གི་ཏེ་སྐད་ཡིད་དང་དེ་ལས་ཏེ་སྐད་ཡིད་དེ་དང་འབྲེལ་བ་ཡོད་པའི་གི་ལམ་སྲོལ་འདི་ཚུ་ང་བཅས་འདི་ཚུ་བདག་འཛིན་འབད་དགོཔ་ཨིན།
  • མཆོད་རྟེན་ཚེ་རིང་
    དེ་སྦེ་འབད་ནི་དེ་གི་ད་ཨ་ནཱི་སྐད་ཡིད་དང་ལམ་སྲོལ་ཡོད་པའི་གི་སྐད་ཡིག་དང་འབྲེལ་བ་ཡོད་པའི་ ལམ་སྲོལ་ཟེརཝ་ད་ག་ཅི་བཟུམ་ཅིག་ལུ་སླབ་ནི་སྨོ་ཟེར་བ་ཅིན་ཞབས་བྲོ་མས།
  • མཆོད་རྟེན་ཚེ་རིང་
    ཞབས་བྲོ་འདི་ཏེ་ལུས་ཀྱི་ལུས་ཀྱིས་ཞབས་བྲོ་རྐྱབ་ནི་རྐྱངམ་ཅིག་མེན་པ་འབད་ཞིནམ་ན་ཞབས་བྲོ་གི་དགོས་དོན་འབྱུང་ཁུངས་རྐྱབ་དགོ་པའི་འོས་འབབ་ག་ཅི་ལུ་ག་ཅི་རྐྱབ་དགོཔ་ཨིན་ན་ཨ་ནཱི་དེ་ཚུ་སློབ་སྦྱོངས་ང་བཅས་ཀྱི་འབད་དགོ་པས།
  • མཆོད་རྟེན་ཚེ་རིང་
    དེ་འབད་ནི་དེ་གིས་ ད་ང་བཅས་ ཨིང་སྐད་ནང་ཞུ་བ་ཅིན་ཨ་་ག་ཅི་སླབ་ཨིན་ན་ད་ཨ་ནཱི་ Theory(རྣམ་གཞག)དང་Practical (ལག་ལེན་ངོ་མ་ནི)ཟེར་ ང་བཅས་ཀྱི་འདི་མང་ཤོས་ར་ Theory (རྣམ་གཞག)གི་སྐོར་ལས་འབད་ཨིན་ཟེར་སླབ་ནི་ཨིན།
  • མཆོད་རྟེན་ཚེ་རིང་
    འཆམ་ཡང་ཡོད་ དེ་འབདཝ་ད་ང་བཅས་མང་ཤོས་ཅིག་ར་Theory (རྣམ་གཞག) གི་ཨ་་འབད་ཨིན་དེ་སྦེ་ཡོད་དགོ་མི་འདི་ཡང་ཏེ་རོགས་འཆམ་གྱི་སྡེ་ཚན་སོ་སོར་འབད་ར་གཞུང་གི་བཙུགས་ཏེ་ཡོད།
  • མཆོད་རྟེན་ཚེ་རིང་
    དེ་འབདཝ་ད་ ང་བཅས་ནཱ་གི་འདི་འཆམ་གྱི་འབྱུང་ཁུངས་དགོས་པ་རྐྱབ་དགོ་པའི་དོན་དག་ཏེ་ཨ་ནཱི་དེ་ཚུ་གི་སྐོར་ལས་ང་བཅས་ཀྱི་སློབ་སྦྱོང་འབད་མི་འདི་ཨ་ནི་ཨིན་ལགས།
  • མཆོད་རྟེན་ཚེ་རིང་
    དེ་ལས་དེ་བཟུམ་སྦེ་ལྷ་བྲིས་ཡོད་དེ་ལསན་ཏེ་ ང་བཅས་ཀྱི་འདི་ནང་ལུ་ཨཱ་ཆད་ཆད་འཆམ་དང་སྙན་ཆ་ཨ་ནཱི་འདི་ཚུ་ག་ར་ཡོད་ཟེར་ཞུ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    ད་དེ་ཚུ་ག་ར་ང་བཅས་ཀྱི་ ནང་པའི་ལམ་སྲོལ་འདི་ གཙོ་བོ་མང་ཤོས་ཅིག་ར་ ང་བཅས་ཀྱི་ཨ་ཨ་ད་ཨིང་སྐད་ནང་ཞུ་བ་ཅིན་Theory (རྣམ་གཞག)མས་Theory (རྣམ་གཞག)ལུ་base (གཞི་བཞག)འབད་སྦེ་ ཨ་ནཱེ་སྦེ་ ཨ་་་སློབ་སྦྱོང་འབད་མི་འདི་ ཨ་ནཱི་ཨིན་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ཨེ་་ནཱ་གི་སློབ་གྲྭ་ནང་ལུ་འདི་ལམ་སྲོལ་དང་སྐད་ཡིག་གི་སློབ་སྦྱོང་གནང་ནི་འདུག་སྨོ་ལགས? དེ་འབདཝ་ད་ལུ་ ནཱ་གི་སློབ་གྲྭ་འདི་ཨེ་་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་སློབ་ཁང་ལེ་ཤ་ཡོད་པའི་ནང་ལས་ཕུད་རྡོག་གཅིག་རྐྱངམ་ཅིག་མས། ཏེ་གཞན་མི་འདི་ཚུ་ནང་ལུ་བརྩི་མཐོང་ཤེས་ཡོན་དང་ ལམ་སྲོལ་སྦྱོང་སྐད་ཡིག་སློབ་སྦྱོང་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་དེ་ཚུ་ ང་བཅས་འབྲུག་ལུ་ཉེ་བར་མཁོ་བ་ཨིན་ན་མེན་ན་ག་དེ་སྦེ་ཡོདཔ་སྨོ་ལགས?
  • མཆོད་རྟེན་ཚེ་རིང་
    ད་དེ་འདི་ད་མ་གཞི་ཏེ་མནོ་བསམ་བཏང་སྟེ་གིས་སྦེ་བལྟ་བ་ཅིན་འདི་ང་བཅས་ར་གི་ཏེ་ལོག་ཅིག་ཁར་ལས་མནོ་བསམ་བཏང་བ་ཅིན་ཏེ་ང་བཅས་ར་གི་ཨ་ཙི་ཅིག་ཏེ་སེམས་ཏེ་ཏེ་ཨ་ཙི་ཅིག་ཤི་སུ་ཅིག་མས་ཟེར་མནོཝ་མས་ལགས།
  • མཆོད་རྟེན་ཚེ་རིང་
    ག་ཅིམ་ཟེར་བ་ཅིན་དེང་སང་འདི་ཏེ་རོགས་མི་ན་གཞོན་འདི་ཚུ་ག་ར་རང་བཞིན་གྱིས་ཏེ་རྒྱལ་ཁབ་ཀྱི་རོགས་ཕྱིའི་རྒྱལ་ཁབ་ཀྱི་སྙན་ཞུ་དེ་ལསན་ཏེ་རྒྱུ་ཅ་ལ་འབད་རུང་ཕྱི་ཁར་ལས་གསརཔ་འཐོན་འོངམ་མས།
  • མཆོད་རྟེན་ཚེ་རིང་
    དེ་དང་འཁྲིལ་བའི་སྐད་ཡིག་ཐོན་འོངམ་མས་དེ་དང་འཁྲིལ་བའི་ལམ་སྲོལ་ཐོན་འོངམ་མས་དེ་ལསན་ཏེ་ཨ་ནཱེ་སྦེ་ཐོན་འོང་མི་བསྒང་ལས་ཏེ་ང་བཅས་ཀྱི་ལམ་སྲོལ་འདི་ཏེ་མ་པ་ལས་ར་ཉམས་འགྱོ་ནི་གི་དུས་ཚོད་ཤར་ཏེ་ར་འགྱོཝ་ཨིན་མས།
  • མཆོད་རྟེན་ཚེ་རིང་
    ཨིན་ཏེ་གི་འབད་རུང་ད་མ་པ་འདི་ང་བཅས་ཀྱིས་ ད་ལྟོ་ནཱ་རིག་གཞུང་ལུ་ཨ་་་་བློ་གཏད་དེ་གིས་སྦེ་རིག་གཞུང་གཅིགཔ་དེ་གིས་སྤེལ་ནང་སྦེ་འབྲུག་རྒྱལ་ཁབ་ནང་ཡང་སྲོག་ཤིང་ལྟ་བུ་སྦེ་ བཟུང་སྡོད་ནི་ཨིན་ན་ཟེར་བ་ཅིན་ཏེ་བཟུང་མི་ཚུགས་ཟེར་ཞུ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    དེ་སྦེ་འབད་ནི་དེ་གི་ཏེ་ང་བཅས་ར་གི་རྒྱལ་ཁབ་འདི་ནང་ལུ་ཡང་སློབ་གྲྭ་ཐདམ་ཐད་ཁར་ནང་ལུ་ དེ་ལསན་ཏེ་ག་ཏེ་ར་འབད་དེ་འབད་རུང་མི་སྡེ་ཏེ་ག་ཅི་ནང་འབད་དེ་འབད་རུང་ང་བཅས་ར་གི་ལམ་སྲོལ་འདི་ཏེ་ཨ་་་ག་ལུ་ར་འགན་ཁུར་ཕོག་ཟེར་སླབ་ནི་ཨིན་ འབྲུག་པའི་མི་ཨིན་པ་ཅིན་དེ་ལས་ལམ་སྲོལ་འགན་ཁུར་ག་ར་ཕོག་དགོཔ་ཨིན་ཟེར་སླབ་ནི་ཨིན།
  • མཆོད་རྟེན་ཚེ་རིང་
    ཏེ་ཧེ་མ་ང་བཅས་ཀྱི་དེ་སྦེ་སྡོད་འབདཝ་ད་ལུ་སློབ་གྲྭ་ནང་ལས་ཕར་འབད་བ་ཅིན་ཏེ་རྫོང་ཁ་སློབ་དཔོན་འདི་ ལམ་སྲོལ་གྱི་སློབ་དཔོན་བཟུམ་ཅིག་སྦེ་ དབའེ་རྫོང་ཁ་སློབ་དཔོན་གྱིས་འབད་ཤིག་ཨ་ནཱི་ཨ་ནཱི་རྫོང་ཁ་སློབ་དཔོན་འགོ་འདྲེན་འཐབ་པ་ཅིན་ཁོ་གི་འགན་ཁུར་ཨིན།
  • མཆོད་རྟེན་ཚེ་རིང་
    ང་བཅས་ཨིང་ལིཤ་སྟོན་མི་ཨིན་ཟེར་ཏེ་ཨ་ནཱི་བཟུམ་སྦེ་ཏེ་འབད་ནི་ཡོད་ལགས་ ད་ཨ་ནཱི་འདི་ཚུ་ཡང་ང་བཅས་ར་གི་འབྲུག་པའི་གི་མི་ཏེ་ཨ་ཙི་ཅིག་ག་ཅི་ལོ་མནོ་བསམ་བཏང་ཐངས་འདི་ཏེ་ཨ་ཙི་ཅིག་འཛོལཝ་མས་ཟེར་མནོཝ་མས།
  • མཆོད་རྟེན་ཚེ་རིང་
    ཏེ་ང་བཅས་ར་ འབྲུག་པའི་གི་ས་ཁ་ནང་སྐྱེས་འབྲུག་པའི་གི་ཏེ་འབངས་མི་སེར་ཨིན་ཨིན་ཞིནམ་ལས་འགོ་བཟུང་སྟེ་ཏེ་ག་ར་ལུ་འགན་ཁུར་ཡོད་ཟེར་སླབ་མས་ལགས།
  • མཆོད་རྟེན་ཚེ་རིང་
    ཏེ་ཁ་ག་ཅི་སླབ་རུང་སླབ་དེ་ལས་ཡོན་ཏན་ཆོས་ཡོན་ཏན་གྱི་རང་རང་སོ་སོར་གྱི་ད་གཞི་གཞི་རྟེན་ཨ་་་རྒྱབ་རྟེན་འདི་ག་ཅི་ཨིན་རུང་ཨིན།
  • མཆོད་རྟེན་ཚེ་རིང་
    དེ་འབདཝ་ད་རང་གི་ཏེ་ལམ་ལུགས་སྲོལ་ཟེར་མི་འདི་རང་གི་ཨ་་་ཕ་མ་གི་སྲོལ་བཟང་པོ་ཅིག་དང་དེ་ལས་ང་བཅས་མ་འོངས་པ་ཨ་ལོ་དེ་ཚུ་ལུ་སྤེལ་ནི་གི་ནཱེམ་ཅིག་ཨིནམ་ལས་འདི་ང་བཅས་ར་གིས་ཨ་་་མི་རེ་ངོ་རེ་གི་འགན་ཁུར་འབག་སྟེ་གི་འབད་དགོཔ་ཅིག་མ་གཏོགས་པ་ ཏེ་རིག་གཞུང་སློབ་གྲྭ་རྐྱངམ་ཅིག་ལུ་བཀལ་ཏེ་འབད་ནི་མེན་པས་ཟེར་མནོཝ་མས།
  • མཆོད་རྟེན་ཚེ་རིང་
    དེ་འབད་ནི་དེ་གི་ ང་གིས་ཏེ་ མི་ག་གི་འབད་རུང་ང་ར་ག་ཏེ་འགྱོ་སྟེ་འབད་རུང་ཡང་ཏེ་མི་སྡེ་དེ་ཚུ་ནང་ཕྱད་པའི་བསྒང་ལས་ཏེ་ང་གིས་ཨ་ནཱེ་སྦེ་བཅོ་ཁ་རྐྱབ་སྟེ་སྦེ་དེ་སྦེ་ར་སླབ་པའི་དབའེ་དེ་ད་ ང་བཅས་ར་རིག་གཞུང་སློབ་གྲྭ་རྐྱངམ་ཅིག་མེན་མས་གསེས་ ག་ར་གིས་དེ་སྦེ་འབག་སྟེ་གིས་སྦ་འབད་དགོཔ་ཨིན་ཟེར་ཨ་ནཱེ་སྦེ་ར་ཞུ་དོ་ཟེར་ཞུ་དོ་གསེས་སླབ་ནི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་དེ་འབད་རུང་མི་སྡེ་སྤྱིར་བཏང་དང་ཏེ་དེ་ནང་དོན་ཉིད་ལས་འགོ་ཁྲིདཔ་ལ་ལུ་གིས་ཐུགས་རྗེ་ལུ་འདི་ཏེ་ད་ད་རེས་ནངས་པ་ འཛམ་གླིང་གཅིག་འགྱུར་གྱི་དུས་རབས་ཨིན་ཟེར་ཏེ་ང་བཅས་འཕྲུལ་ཆས་ཀྱི་འགྱུར་བ་འགྱོ་ཏེ་ཕྱི་གླིང་པའི་ཁ་སྐད་ཟེར་རུང་འབད་རུང་དར་ཁྱབ་འགྱོཝ་ད་ལུ་དེ་ཡར་རྒྱས་ཀྱི་ཁ་སྐད་ཨིན་ཟེར།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ང་བཅས་འབྲུག་པའི་ ལམ་ལུགས་སྲོལ་འདི་དེ་ཅིག་ཁག་མི་ཆེ་ཟེར་བའི་ ཐུགས་རྗེ་གནང་མི་འདུག་ཏེ་ག་དེམ་ཅིག་སྦེ་ང་བཅས་ལམ་ལུགས་སྲོལ་འདི་སྐད་ཡིག་འདི་མེདཔ་ ཡར་སོངམ་འདྲཝ་ཅིག་འབད་བ་ཅིན་དེ་གི་ང་བཅས་ལུ་གྱོང་རྒུད་ག་ཅི་ཡོད་ལགས?
  • མཆོད་རྟེན་ཚེ་རིང་
    ད་འདི་གནམ་མེད་ས་མེད་ཀྱི་ཨཧ་་་ཨ་ནཱེ་སྦེ་ཨིན་ལགས་ ད་ང་བཅས་ཀྱི་ཨ་་་ང་བཅས་ཀྱི་སྐད་ཡིག་དང་ང་བཅས་ཀྱི་ལམ་ལུགས་སྲོལ་འདི་ཞི་བདེ་ལུ་དགའ་མི་ཞི་བ་དང་ལྡན་པ་དེ་ལསན་ཏེ་ཐ་དམ་ཚིག་ལས་རྒྱུ་འབྲས་སྤང་དུ་བཙུགས་པའི་གི་ཁ་སྐད་ཅིག་དང་དེ་གི་ལམ་ལུགས་གཅིག་ཨིན་ལགས།
  • མཆོད་རྟེན་ཚེ་རིང་
    ད་ཨ་ནཱེ་འབད་བའི་བསྒང་ལས་ད་ང་བཅས་ཀྱིས་ གཅིག་འགྱུར་གྱི་འཛམ་གླིང་འཛམ་གླིང་གཅིག་འགྱུར་གྱི་དབང་ལུ་བཏང་སྟེ་གི་སྦེ་ད་རོགས་ག་ར་དེ་སྦེ་འགྱོཝ་མས་ཟེར་དེ་སྦེ་ཡར་སོངམ་འདྲཝ་འབད་བ་ཅིན་ རོགས་རྒྱལ་ཁབ་འདི་ནང་ལུ་སྟོབས་ཤུགས་འགྲན་ནི་ལུ་དམག་གི་སྟོབས་ཤུགས་ཡོད།
  • མཆོད་རྟེན་ཚེ་རིང་
    རྒྱུ་ནོར་གྱི་སྟོབས་ཤུགས་ཡོད་མར་ཁུ་གི་སྟོབས་ཤུགས་ཡོད་རིག་རྩལ་གྱི་སྟོབས་ཤུགས་ཡོད་ཏེ་ང་བཅས་ཀྱི་རྒྱལ་ཁབ་ནང་ལུ་ཏེ་དང་པ་ལུ་མི་སྡེ་འབད་རུང་ཡང་ཏེ་མི་སྡེ་མི་མིའི་གྱངས་ཁ་འབད་རུང་ཡང་ཏེ་མི་སྡེ་ཉུང་ཀུ་ཅིག་ར་མས་དེའི་ནང་ལས་རྒྱལ་ཁབ་ཀྱི་ ས་གི་ཚད་གཞི་བལྟ་སྟེ་འབད་རུང་ཡང་ཆུང་ཀུ་ཅིག་ཨིན་མས།
  • མཆོད་རྟེན་ཚེ་རིང་
    འདི་ནང་ལུ་ང་ར་གི་ ལམ་ལུགས་སྲོལ་འདི་ལེགས་ཤོམ་སྦེ་བདག་འཛིན་མ་འབདཝ་འདྲཝ་ཅིག་འབད་བ་ཅིན་ ཏེ་ང་བཅས་ཀྱི་ རྒྱལ་ཁབ་དེ་འདི་ཏེ་ཏེ་མ་འོངས་པ་ནང་ལ་ཁག་ཅིག་ནང་ར་འགྱོ་འོང་ཟེར་མནོཝ་མས།
  • མཆོད་རྟེན་ཚེ་རིང་
    ཏེ་དེ་དེ་ཙམ་ཅིག་གི་མ་ཚད་ ང་བཅས་ར་གི་ད་ཅི་ཞུ་དོ་བཟུམ་སྦེ་ང་བཅས་ཀྱི་སྐད་ཡིད་དང་ང་བཅས་ཀྱི་ལམ་ལུགས་སྲོལ་འདི་ཞི་སྡེ་དེ་དང་གོང་མ་ལུ་ གུས་བཀུར་ཡོད་པའི་གི་ཕམ་སྤུན་ཆ་གི་ནང་ན་ལུ་ བརྩེ་གདུང་ཡོད་པའི་གི་འོག་མ་ལུ་སྐྱོང་བཞག་ གོང་མ་ལུ་གུས་བཀུར་ཡོད་པའི་གི་ནཱེམ་ལུགས་སྲོལ་ཅིག་ཨིན་པ་ལགས།
  • མཆོད་རྟེན་ཚེ་རིང་
    ཨ་ནཱི་འདི་ དེ་སྦེ་ཉམས་ཡར་སོངཔ་འདྲཝ་འབད་བ་ཅིན་ནངས་པ་གནངས་ཚེ་ང་བཅས་ཀྱི་དེ་ལསན་ཏེ་ཞི་བདེ་འདི་ག་དེ་སྦེ་ཨ་ལག་ལེན་ཡུན་རིངམ་སྦེ་ ག་དེ་སྦེ་སྡོད་ཚུགཔ་ག་ཟེར་ཞུ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    དཔེ་ཆ་བཞགཔ་འདྲཝ་འབད་བ་ཅིན་དེང་སང་གི་ཨ་ལོ་དེ་ཚུ་གིས་དེ་ལས་མགུ་ཏོག་ཁར་ སྐྱ་བཞག་ཐངས་མ་འདྲཝ་སྦེ་བཟོ་ཏེ་དེ་ལསན་ རྣམ་ཅོ་ཡོད་ཚད་གཅིགཔོ་ག་ར་དོང་སྤེད་ཨ་ནཱི་འབད་མི་དེ་ཚུ་གིས་ཏེ་ཁྲོམ་སྡེ་བཤལ་ཁྲོམ་དེ་ཚུ་ནང་བཤལ་དེ་ལསན་ཏེ་ཆུང་འཐུང་།
  • མཆོད་རྟེན་ཚེ་རིང་
    སྨྱོ་རྫས་བཟའ་འབད་མི་དེ་ཚུ་ག་ར་ང་བཅས་ཀྱི་ ཨ་ནཱི་ལུགས་སྲོལ་འདི་ལུ་དེ་ལས་ང་བཅས་ཀྱི་ལུགས་སྲོལ་གྱི་ཁྱབ་མ་ཚུགསཔ་འདི་དང་དེ་ལས་ཆུང་ཀུ་བསྒང་ལས་ སློབ་སྦྱོངས་འདི་ལེགས་ཤོམ་ཅིག་ང་བཅས་ཀྱིས་ ཨ་ནཱིག་ཅི་སླབ་ཨིན་ད་བྱམས་སྐྱོང་འདི་ལེགས་ཤོམ་སྦེ་བྱིན་མ་ཚུགས་པ་ལས་བརྟེན་ཏེ་གི་སྦེ་དེ་སྦེ་འགྱོ་མི་ཙང་ཙ་ཨིན་མས།
  • མཆོད་རྟེན་ཚེ་རིང་
    ཏེ་དཔེར་ན་ཨ་ནཱི་བྱུང་དོ་བཟུམ་སྦེ་ང་བཅས་ར་གི་འདི་ནང་ལུ་ལམ་ལུགས་སྲོལ་དང་ཁ་སྐད་འདི་བདག་འཛིན་མ་འབདཝ་འདྲཝ་ཅིག་འབད་བ་ཅིན་ནངས་པ་གནངས་ཚེ་ ཨ་ནཱེ་སྦེ་ར་འགྱོ་འོང་ཟེར་མནོཝ་མས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ད་ད་རེས་ནངས་པ་ དམངས་གཙོ་གི་ལམ་ལུགས་འདི་ད་འགྲོ་བ་མི་ཆ་མཉམ་ར་འདྲན་འདྲ་ཨིན་ཟེར་ཏེ་རང་གི་ཐོབ་ཐངས་འདི་ཡོདཔ་དེ་ལས་རོགས་ལུ་རྩིས་བཀུར་རེ་ཡོདཔ་སྦེ་ཨ་ནཱེ་སྦེ་འགྱོ་བཏུབ་ཟེར་མས་ཏེ་དང་ཕུག་གི་ལུགས་སྲོལ་བཟུམ་སྦེ་རྒན་ཤོས་དང་གཞོནམ་གྱི་བར་ན་གོང་མ་དང་འོག་མ་གི་བར་ན་ཟེར་གྲལ་རིམ་བཟོ་སྟེ་འབད་ར་ཏེ་ཨ་་ང་བཅས་ལམ་ལུགས་སྲོལ་མི་དགོ་ཟེར་བའི་ མནོ་བསམ་བཏང་མི་ཡང་འདུག་ཏེ་ག་དེ་སྦེ་སྨོ་ལགས?
  • མཆོད་རྟེན་ཚེ་རིང་
    མ་པ་འདི་ཨཱ་དམངས་གཙོའི་གི་ཐོབ་ཐངས་ཟེར་མི་འདི་འགྲོ་བ་མི་གི་རང་རང་སོ་སོར་གྱི་ཐོབ་ཐངས་འདི་སླབ་མས་འདི་འབདཝ་ད་ད་ལྟོ་གི་གོང་མ་ལུ་ གུས་ཞབས་འབད་ནི་དང་དེ་ལས་ཏེ་ང་བཅས་ར་གི་ཐ་དམ་ཚིག་དང་ཨ་ནཱེ་བཟུམ་སྦེ་བརྟེན་ནི་འདི་དེ་དམངས་གཙོ་གི་ ལམ་ལུགས་དང་འཁྲིལ་ཏེ་གི་འབད་རུང་ཡང་དེ་འགལ་བ་ག་ཡང་མེད་ཟེར་སླབ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    ཏེ་ཨ་ནཱི་འདི་དོན་ཆེད་ར་ཨ་ནཱི་འདི་ མི་སྡེ་གི་ནང་ན་ལུ་གཅིག་གི་གཅིག་ལུ་གུས་ཞབས་དང་གཅིག་གཅིག་ལུ་བརྩེ་གདུང་ཡོདཔ་མི་འདི་ར་ ང་བཅས་ར་གི་ཐོབ་ཐངས་ཨིན་ཟེར་སླབ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    ཏེ་ཨ་ནཱེམ་དེ་སྦེ་མེན་པ་འབད་ཞིནམ་ལས་ཏེ་འོག་གི་ ལྟག་ལུ་བཞུགས་མི་གི་འོག་ལུ་རྩི་བཀུར་མེད་རྩི་མཐོང་མེད་ཏེ་འོག་ལས་སྡོད་མི་གི་ ཡར་བལྟ་ལུ་ཏེ་རྩི་མཐོང་མེདཔ་ཡར་སོང་པ་ཅིན་ཏེ་མི་སྡེ་འདི་ཏེ་ང་བཅས་ཨ་་་ད་མི་སྡེ་དེ་ཚུ་ནང་ བདེ་བ་དང་སྐྱིད་པ་ཟེར་མི་འདི་ ཉིམ་མི་ཤར་ནི་མས་པ་ལགས།
  • མཆོད་རྟེན་ཚེ་རིང་
    ད་འ་ནཱེ་འབད་བའི་བསྒང་ལས་དེ་ལས་ཏེ་དམངས་གཙོ་གི་དོན་ངོ་མ་འདི་ ཨ་ནཱ་ལས་གྲུབ་མི་ཚུགསཔ་ནི་མས་ཏེ་ང་བཅས་ཀྱི་ད་ལྟོ་བཟུམ་འབད་བ་ཅིན་འདི་ཨ་ནཱི་ཞི་བདེ་འདི་ཞི་བདེ་འདི་ག་དེམ་ཅིག་ཡོད་ག་ཏེ་རང་ར་སོ་སོར་གྱི་ ཐ་དམ་ཚིག་ལས་རྒྱུ་འབྲས་བརྟེན་ཏེ་སྦེ་སྡོད་མི་ག་དེམ་ཅིག་ཡོད་ག་འ་ནཱེམ་ཅིག་གི་ཏེ་ང་བཅས་ར་གི་ཏེ་ཨ་ནཱི་འདི་ཨ་་་ག་ཅི་ལོ་སེམས་ཅན་ལུ་ བདེ་བ་དང་སྐྱིད་པ་ཡོད་ཟེར་སླབ་ཨིན།
  • མཆོད་རྟེན་ཚེ་རིང་
    མི་ལུ་འཐོབ་དགོ་མི་འདི་ བདེ་བ་དང་སྐྱིད་པ་ཨིན་མི་ལུ་དགོཔ་འདི་ རང་ར་སོ་སོར་སྐྱིད་ཏོང་ཏོ་བདེ་ཏོག་ཏོ་གཅིག་གི་གཅིག་གི་ སེམས་དགའ་ཏོག་ཏོ་འབད་སྡོད་དགོཔ་འདི་ཨིན་ ཏེ་ཨ་ནཱི་འདི་ ང་བཅས་ཀྱི་ཨ་་་མི་འགྲོ་བ་མིའི་དབང་ཆ་འདི་ དེ་འབད་ཨིན་ཟེར་སླབ་ནི་ཨིན།
  • མཆོད་རྟེན་ཚེ་རིང་
    ད་ང་བཅས་དབང་ཆ་ཨིན་ཟེརཝ་ཅིན་ཁྱོད་དབང་ཆ་ཡོད་ཟེར་བའི་བསྒང་ལས་ག་ནིཡང་འབད་ཆོགཔ་ཅིག་དང་ག་ཏེ་བཏང་རུང་ཡང་བཏུབ་པས་དེ་སྦེ་འདི་དེ་སྦེ་འདི་ སྤྱིར་བཏང་གི་ཨ་་་་འགྲོ་བ་མིའི་དབང་ཆ་གི་ གོ་ལུགས་འདི་དེ་སྦེ་མེནམ་འོང་ཟེར་མནོཝ་མས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ནཱ་སློབ་དཔོན་གྱི་ད་ཉིནམ་ཨ་རྟག་ར་མཐོ་རིམ་སློབ་གྲྭ་འགྱོ་མི་གི་ཨ་་་ན་གཞོན་གྱི་ལུགས་སྲོལ་དེ་ཚུ་དང་ འབྲེལ་བ་ཐབས་ཐབས་ས་བཞུགསཔ་མས་ཏེ་ཨ་ནཱི་ད་ལྟོ་ཚུན་ཚོད་ཀྱི་བར་ན་ལོ་སུམ་བཅུ་འབྲེལ་བ་ཐབས་ཐབས་ཀྱི་ ཉམས་མྱོང་གུ་གསུངས་པ་ཅིན་ང་བཅས་ཀྱི་ ན་གཞོན་འདི་ཚུ་གིས་ང་བཅས་ར་གི་ རང་ལུགས་ཀྱི་ལམ་ལུགས་སྲོལ་དང་སྐད་ཡིག་ལུ་སྤྲོ་བ་འདི་ཡར་འགྱོཝ་མས་ མར་འགྱོཝ་མས་ཏེ་ནཱ་ལས་ཕར་ལོ་བཅུ་ཐམ་དེ་ཅིག་གི་ རྒྱབ་ཁ་ལས་གནས་སྟངས་ག་ཅིག་བཟུམ་ཅིག་ནང་ལྷོད་ནི་མས?
  • མཆོད་རྟེན་ཚེ་རིང་
    ད་ནཱི་གནམ་མེད་ས་མེད་ཨ་་་དྲི་བ་འདི་བཀའ་དྲིན་ཆེ་ཟེར་ཞུ་ནི་ལགས་ཨ་ནཱི་འདི་ ད་མ་པ་འདི་ ང་བཅས་ར་གི་རྒྱལ་ཁབ་ཀྱི་གནས་སྟངས་ཟེར་སླབ་ནི་མེད་ད་མ་པ་ལས་ར་འཛམ་གླིང་ག་ཏེ་ར་འབད་བའི་བསྒང་ལས་ད་རེས་འདི་ཏེ་འཕྲུལ་ཆས་ཀྱི་རིགས་རྣམས་ད་ང་བཅས་ར་གི་ད་དཔེར་ན་ཀམ་པིའུ་ཊ་ལོ་དེ་ལསན་ཏེ་ ས་ Smart Mobile Phone (འགྲུལ་འཕྲིན་སྤུས་ཚད་ལེགས་ཤོམ)ཨ་ནཱི་བཟུམ་ཐོན་ཏེ་དེ་སྦེ་འབད་བའི་བསྒང་ལས་བརྟེན་ཏེ་གི་སྦེ་དེ་གནམ་མེད་ས་མེད་ ལ་ཁག་འདུག་ཟེར་ཞུ་ནི་ལགས།
  • མཆོད་རྟེན་ཚེ་རིང་
    ང་བཅས་ཀྱིས་ཏེ་འབད་དགོ་མི་སློབ་སྦྱོང་འདི་ མ་འབད་བ་འབད་ཞིནམ་ན་ལས་དེ་ལསན་ཏེ་ག་ར་ཨ་ནཱི་བཟུམ་སྦེ་དེ་ལས་ཏེ་ད་Network Internet (གློག་རིག་གི་མཐུད་འབྲེལ)ནང་ལུ་སྡོད་ཨཱ་ནེ་སྦེ་འབད་བའི་བསྒང་ལས།
  • མཆོད་རྟེན་ཚེ་རིང་
    ཏེ་བསམ་པ་ཀུན་སློང་ཀུན་སྤྱོད་དེ་ཚུ་ཡང་ཏེ་འགྱུར་འགྱོ་ནི་དེ་གིས་ཏེ་ང་བཅས་ཀྱིས་ དུས་རྒྱུན་དུ་དཔེ་ཆ་སྟོན་ག་དེམ་ཅིག་རྩ་འགེངས་ཏེ་འབད་རུང་ཏེ་ཧ་ལམ་ཅིག་ད་བཀག་མ་ཚུགས་པའི་ ཁོང་གི་སེམས་འདི་བདག་འཛིན་འབད་མ་ཚུགསཔ་བཟུམ་ཅིག་སྦེ་དེ་སྦེ་འདུག
  • མཆོད་རྟེན་ཚེ་རིང་
    ཏེ་ཨ་ནཱེ་འབདན་དེ་གིས་ ང་བཅས་ ང་ར་གི་མནོ་བསམ་བཟུམ་ང་ར་གིས་འབད་ཐངས་བཟུམ་འབད་བ་ཅིན་ཏེ་ངེ་སློབ་ཕྲུག་འདི་ཚུ་ལུ་དུས་རྒྱུན་དུ་དེ་སྦེ་སླབ་ནི་ཡོད་དེའི་ཁྱད་ཕན་གྱི་སྐོར་ལས་བཤད་དེ་ར་བྱིནམ་ཨིན་རྟག་བུ་ར།
  • མཆོད་རྟེན་ཚེ་རིང་
    ད་ཨ་ནཱི་བཟུམ་སྦེ་ཏེ་འཕྲུལ་ཆས་འདི་ཚུ་ ལག་ལེན་འཐབ་པའི་བསྒང་ལས་དེང་སང་གི་ང་བཅས་ར་གི་ངོ་མ་འདི་ང་བཅས་ར་དཔེ་ཆ་བལྟ་ནི་དང་ སེམས་ཏེ་མནལ་དུ་གནས་ནི་དང་།
  • མཆོད་རྟེན་ཚེ་རིང་
    དེ་ལསན་ཏེ་རང་རང་སོ་སོར་གྱི་ཨ་་་་་ཨ་ནཱི་འབད་ནི་བཅའ་ནི་དེ་ཚུ་ལུ་གནམ་མེད་ས་མེད་ ཐོ་ཕོག་པས་ཟེར་ག་ར་དེ་ལས་ཏེ་ཨ་ནཱེ་སྦེ་ཨ་་་དུས་ཚོད་ཡོད་ཚད་གཅིགཔ་ག་ར་ ཨ་ནཱ་བཏང་སྦེ་སྡོད་པའི་བསྒང་ལས་དགོ་པའི་དཔེ་ཆ་འདི་མ་ཤེས།
  • མཆོད་རྟེན་ཚེ་རིང་
    མ་དགོ་པའི་གི་ཏེ་ད་ལས་ལྟདམོ་མ་འདྲཝ་མ་འདྲཝ་ལེ་ཤ་མཐོང་སྦེ་ཨ་ནཱེ་སྦེ་འགྱོཝ་ཨིན་དེ་འབད་ནི་དེ་གིས་ ཁྱོད་ཆ་ཁྱབ་ཀྱིས་ ཏེ་རང་གི་ཨ་་་ག་ཅི་ལུ་ཨ་་་ལེགས་ཤོམ་གྱི་ལེགས་པའི་ཆ་ག་ཅི་ལུ་བླང་དགོཔ་ཨིན་ན་ཏེ་སྤང་དགོཔ་འདི་ག་ཅི་ན་ཨ་ནཱི་འདི་ཚུ་འདི་ ང་བཅས་ཀྱིས་ ཁ་དང་དེམ་འབདཝ་འབད་ས་ར་ཡོད་ཟེར་ཞུ་ནི་ཨིན་ལགས།
  • མཆོད་རྟེན་ཚེ་རིང་
    ད་ཨ་ནཱི་ནང་ན་ལས་ད་རེས་ཨ་ནཱི་ན་གཞོན་འདི་དེང་སང་གི་ད་ང་བཅས་ལོ་གྲངས་བཞིན་དུ་སྦེ་ཨ་ནཱེ་སྦེ་འགྱོཝ་མས་ཏེ་སྔོན་མ་ང་ནཱ་སེམས་རྟོགས་ཁ་ལུ་སྡོད་སྦེ་དེ་སྦེ་སྡོད་པའི་བསྒང་ལུ་ཏེ་མཐའ་ན་མོ་བརྒྱུད་འཕྲིན་འདི་ཡང་ ང་བཅས་ར་གི་ཏེ་ཕར་ཏེ་འགྱིར་ཏེ་བཏང་ནི་ཅིག་མ་གཏོགས་ལས།
  • མཆོད་རྟེན་ཚེ་རིང་
    ཡིག་ཚང་ནང་གཅིག་ཏེ་སློབ་དཔོན་འདི་ཚུ་གི་ ཁྱིམ་ནང་ལས་ཕར་རེ་རེ་གཉིས་གཉིས་ཡོདན་མ་གཏོགས་དེ་སྦེ་མེད་ཨ་ནཱི་མེད་པའི་བསྒང་ལས་ཏེ་ཨ་ལོ་འདི་ཚུ་ཏེ་ཐབས་ཤེས་གཞན་ག་ཡང་མིན་འདུག་པ་ཁོང་དཔེ་ཆ་བལྟ་ནི་ལུ་ ཏེ་བརྩོན་འགྲུས་བསྐྱེད་ཚུགས་པས་ཟེར་སླབ་ནི་ཨིན།
  • མཆོད་རྟེན་ཚེ་རིང་
    ཏེ་དེ་སྦེ་ད་ཨ་་ག་ཅི་ལོ་ད་ཟློས་གར་བལྟ་བ་གློག་ག་ཅི་ལོ་ད་ཨ་ནཱི་བཟུམ་སྦེ་བལྟ་བ་འགྱོ་སྟེ་གི་འབད་རུང་ཡང་ ཏེ་ཐག་རིང་ས་འགྱོ་དགོཔ་ཨིན་མས་དེ་སྦེ་འབད་ནི་དེ་གིས་ ཁོང་ལེགས་ཤོམ་འབད་ར་དཔེ་ཆ་འདི་ ལེགས་ཤོམ་འབད་ལབྟ་ཚུགས་པས་ཟེར་སླབ་ནི་ཨིན།
  • མཆོད་རྟེན་ཚེ་རིང་
    ཏེ་དེང་སང་འབད་བའི་བསྒང་ལས་ག་དེམ་ཅིག་ག་དེམ་ཅིག་སླབ་སྒོ་བཤལ་ཏེ་བལྟ་རུང་ཡང་ དེམ་ཅིག་ཨིན་པས་དྲོ་པ་ལོངམ་ལོང་མི་ལས་འགོ་བཟུང་སྟེ་ཕྱི་རུ་ཚུན་ཚོད་ཀྱི་ ཏེ་ལཱ་ཏེ་སློབ་དཔོན་གཅིག་ལུ་གཉིས་གཉིས་གསུམ་གུ་ལུ་བཀལ་ཏེ་སྦེ་ཏེ་ག་ར་བསླབ་བྱ་བྱིན་ཏེ་འབད་རུང་ཡང་ཧ་ལམ་ད་ཏེ་ ལ་ཁག་ལ་ཁག་བཏངམ་མས་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ད་ནཱ་ལས་ཕར་ལོ་བཅུ་ཐམ་དེ་ཅིག་གི་རྒྱབ་ཁ་བཅོ་ལྔ་དེ་ཅིག་གི་རྒྱབ་ཁ་ལུ་ང་བཅས་ཀྱི་ན་གཞོན་ད་ལྟོ་མཐོ་རིམ་སློབ་གྲྭ་འགྱོ་མི་གི་ལོ་རིམ་འདི་ཚུ་གི་ག་ཅི་བཟུམ་ཅིག་གི་གནས་སྟངས་ནང་ལྷོད་སྡོད་ནི་སྨོ་ལགས?
  • མཆོད་རྟེན་ཚེ་རིང་
    ད་ད་ཨ་ནཱི་འདི་ཚ་གྱང་ཡོད་ཟེར་ཞུ་ནི་ལགས་ག་ཅིམ་ཨིནམ་ཟེར་བ་ཅིན་ད་ད་ང་བཅས་ཀྱིས་འདི་ང་བཅས་ཀྱི་དཔེ་དཔེ་དཔེ་འདྲཝ་ཅིག་འབད་བ་ཅིན་ད་ཨ་ལོ་འདི་ཚུ་འདི་ནཱ་ལས་ལོ་གསུམ་བཞི་དེ་ཅིག་དཔེ་ཆ་བལྟ་ཏེ་བལྟ་འབད་ཡར་སོང་ཡི་ཨིན་འདི་གི་འབད་རུང་ཡང་ང་བཅས་ཀྱིས་ཏེ་ད་རེ་བ་བཟུམ་ཅིག་སྦེ་ང་བཅས་ཀྱི་རེ་བ་བསྐྱེད་དོ་བཟུམ་སྦེ་དེ་སྦེ་ཏེ་ཏེ་འགྱོ་ཚུགས་ནི་འདི་ གནམ་མེད་ས་མེད་ལག་ཁག་འདུག
  • མཆོད་རྟེན་ཚེ་རིང་
    ཏེ་ཨ་ནཱེ་འབད་བའི་བསྒང་ལས་ད་ཨ་ཙི་ཅིག་དུས་ཡོན་ད་ང་བཅས་ར་གི་ རྒྱལ་ཁབ་ཀྱི་མི་སེར་འདི་ཚུ་ཡང་མ་འོངས་པ་དུས་ཚོད་ཅིག་ཤར་བའི་བསྒང་ལས་རང་གི་ལམ་ལུགས་སྲོལ་ཚུ་དང་རང་གི་དཔེ་ཆ་ཆོས་ཡོན་ཏན་འདི་ཚུ་ལུ་ ང་བཅས་ར་གི་འབྲུག་པའི་གི་ལུགས་སྲོལ་འདི་ལུ་ཁོང་གི་ཡང་ཏེ་ན་ཟུག་ཅིག་རྐྱབ་ནིའི་དུས་ཚོད་ཅིག་ཤར་འོང་མེན་ན་ཟེར་ མནོ་བསམ་བཏང་དོ།
  • མཆོད་རྟེན་ཚེ་རིང་
    ཏེ་དེ་སྦེ་མེན་པ་ཅིན་ད་ལ་ཁག་འདི་ལ་ཁག་བཏངམ་མས་ཏེ་ག་དེ་སྦེ་ཡང་ད་ནཱ་ང་བཅས་ཀྱི་Syllabus(ཆོས་ཚན་རྩ་གཞུང) ཡང་ Change (འགྱུར་བཅོས )རྐྱབ་བལྟ་དོ་འཕྲལ་འཕྲལ་འབདཝ་ད་ལུ་ཏེ་སློབ་ཚན་འདི་ཚུ་Change (འགྱུར་བཅོས) ཨ་་འགྱུར་བཅོས་བཏང་དེ་ལསན་ཏེ་ལས་རིམ་ཡང་འགྱུར་བཅོས་བཏང་བལྟ་ཏེ་ཨ་ནཱེ་སྦེ་འབད་རུང་ཡང་གནམ་མེད་ས་མེད་ ལ་ཁག་བཏངམ་མས།
  • མཆོད་རྟེན་ཚེ་རིང་
    དེ་འབད་ནི་དེ་གིས་ ང་བཅས་ནཱ་དཔེ་ཆ་རྐྱངམ་ཅིག་མེན་པ་སྦེ་ཏེ་གླུ་གཞས་ཀྱི་ལས་རིམ་འདྲཝ་ དེ་ལསན་ཏེ་འདི་བཟུམ་སྦེ་དགའ་སྟོན་དང་དུས་སྟོན་དང་འདི་ལས་ཨ་ནཱི་བཟུམ་ ཆོས་ཕྱོགས་ཀྱི་ལས་རིམ་དང་འབྲེལ་བ་ཡོད་པའི་འདི་ཚུ་ཡང་ རྩ་འགེངས་ཏེ་ལས་རིམ་འགོ་འདྲེན་འཐབ་དགོ་མི་ར་གནས་སྟངས་ར་གཙོ་བོ་འདི་ཨ་ནཱི་མས་ང་བཅས་ཀྱི་ཏེ་ཨ་ནཱི་དམིགས་ཡུལ་ཨ་ནཱི་བསྐྱེདའདི་སྦེ་དེ་སྦེ་རྩ་འགེངས་དོ་ཟེར་ཞུ་ནི་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ཏེ་ད་ཚ་གྱང་གནམ་མེད་ས་མེད་བཞེས་ནུག་ཏེ་ཨ་ནཱི་བཟུམ་གྱི་ཚ་གྱང་འདི་ད་རུང་ཡང་ ད་ལོ་བཅུ་ཐམ་བཅོ་ལྔ་གི་ཤུལ་ལས་ཡང་བཞེས་མ་དགོ་པའི་གི་ཐབས་ལམ་བཟུམ་འབད་བ་ཅིན་གཞུང་དང་སྒེར་གྱི་ཁ་ཐུག་ལས་ག་ཅིག་བཟུམ་ཅིག་འདུག་ལགས?
  • མཆོད་རྟེན་ཚེ་རིང་
    ད་འདི་ཨེཧ་་་མ་པ་འདི་གཞུང་གི་ཁ་ཐུག་ལས་ཏེ་རོགས་རྒྱབ་སྐྱོར་མཛདཔ་མཛད་ས་ར་ཨིན་མས་ཏེ་ང་གིས་ཡང་ཨ་་་ང་གིས་ དུས་རྒྱུན་དུ་སླབ་ནི་ཡོད་ང་བཅས་ར་གི་ཆ་རོགས་ནང་རྡོག་འབད་རུང་སླབ་ཕྲུག་ཨ་ལོ་འདི་ཚུ་ལུ་འབད་རུང་སླབ་ནི་ཡོད།
  • མཆོད་རྟེན་ཚེ་རིང་
    ང་བཅས་ར་གི་སྐད་ཡིག་དང་ང་བཅས་ར་གི་ལམ་ལུགས་སྲོལ་འདི་རྒྱལ་ཁབ་ཀྱི་གཞུང་གིས་ རྒྱབ་སྐྱོར་ཨ་ནཱེམ་ཅིག་གནང་མངའ་བདག་རིན་པོ་ཆེ་གིས་དང་པ་ལས་ར་ང་བཅས་ཀྱི་ རྒྱལ་ཁབ་ཀྱི་སྲིད་བྱུས་འདི་ ཕྱག་བཏབ་པའི་བསྒང་ལས་ར་ཏེ་ཨ་ནཱེ་སྦེ་བཙུགས་གནང་སྦེ་ ཨ་ནཱེམ་ཅིག་འབད་མི་འདི་ང་བཅས་དགའ་བར་ཡོད་པ་ཅིག་དང་ངལ་རངས་དགོཔ་ཅིག་དང་ གནམ་མེད་ས་མེད་ སྟབས་བདེ་ཏོག་ཏོ་ཅིག་ཨིན་ཟེར།
  • མཆོད་རྟེན་ཚེ་རིང་
    རོགས་རྒྱལ་ཁབ་གཞན་ནང་འབད་བ་ཅིན་ཁོ་རང་གི་སྐད་ཡིག་དང་ལམ་སྲོལ་དང་ཏེ་ཨ་་་ག་ཅི་ལོ་ད་ཆོས་འདི་ཚུ་འབད་དགོ་མནོ་སྟེ་གི་འབད་རུང་ཡང་གཞུང་གིས་བཀའ་བཏང་སྟེ་སྦེ་འབད་མ་ཆོགཔ་སྦེ་ འདི་ལས་ཨ་ནཱེ་འབད་རུང་ཡང་གཡིབ་སྟེ་གིས་སྦེ་ཏེ་མ་ཤེས་པ་མ་མཐོང་པ་སྦེ་སྟེ་འབད་རུང་ཡང་ཏེ་རང་གི་ལུགས་སྲོལ་ལུ་ རྩ་ཨ་ནཱེ་སྦེ་འགེངས་མས་གསེས།
  • མཆོད་རྟེན་ཚེ་རིང་
    ཏེ་ང་ར་གི་རྒྱལ་ཁབ་ནང་འདི་དེ་མེན་པས་ཟེར་འབད་ད་ད་ཟེར་ཁྱོད་ཀྱིས་འགོ་འདྲེན་ཐབས་ཤིག་ཟེར་ཏི་རུ་ཡོད་ཟེར་ག་ཅི་འབད་རུང་རྒྱབ་སྐྱོར་ཡོད་ཟེར་ཨ་ནཱེ་སྦེ་གནང་པའི་བསྒང་ལས་ང་བཅས་ར་ཆ་ཁྱབ་འདི་ཏེ་འབད་དགོཔ་བདེན་བདེན་ར་ཨིན་པས་ཟེར་ཏེ།
  • མཆོད་རྟེན་ཚེ་རིང་
    རང་གི་ཨ་་་་རྒྱུ་བུང་གཉིས་ཀ་ བཏོན་ཏེ་འབད་དགོཔ་ཅིག་ཨིན་ཏེ་འབད་རུང་ཡང་ཏེ་རོགས་གཞུང་གིས་ ཨ་ནཱེམ་ཅིག་རྒྱབ་སྐྱོར་གནང་མི་བསྒང་ལུ་འབད་དགོཔ་འབད་དགོཔ་འདུག་ཟེར་ ང་གིས་དེ་སྦེ་ར་ཨ་་་སླབ་སླབ་ས་ར་ཨིན།
  • མཆོད་རྟེན་ཚེ་རིང་
    ཏེ་ཨིན་ཏེ་འབད་རུང་ཡང་ད་ང་བཅས་ར་གི་ཨ་་་དེང་སང་གི་འགྱུར་བ་འདི་ཏེ་གནམ་མེད་ས་མེད་ཏེ་སྦོམ་འབད་ར་གཅིག་ཤུལ་གཉིས་ཤུལ་སྦེ་ མ་འདྲཝ་མ་འདྲཝ་ཐོན་འོང་མི་བསྒང་ལས་ཏེ་ག་ར་གིས་ ང་བཅས་ར་གཞུང་དང་མི་གཞུང་ཟེར་སླབ་ནི་མིན་འདུག
  • མཆོད་རྟེན་ཚེ་རིང་
    གཞུང་གི་ལས་བྱེད་པ་ག་ར་གི་ཏེ་ཐུགས་བསམ་སྦོམ་སྦེ་བཞེས་ཏེ་གིས་སྦེ་ཏེ་ང་བཅས་ར་གི་ཨ་ནཱི་ནང་ལུ་ བདག་འཛིན་འབད་དགོཔ་འདི་གལ་ཆེ་ཟེར་ཞུ་ནི་ལགས་ ད་ཅི་ཞུ་དོ་བཟུམ་སྦེ་རྒྱལ་ཁབ་ཆུང་ཀུ་ཨིན་འདི་ལས་ང་བཅས་ར་ལམ་སྲོལ་ལས་བརྟེན་ཏེ་གིས་སྦེ་ རང་དབང་རང་བཙན་ཁུངས་བཀལ་དགོ
  • མཆོད་རྟེན་ཚེ་རིང་
    ཁའི་སྐད་ཡིག་ལས་བརྟེན་ཏེ་གིས་སྦེ་རང་དབང་རང་བཙན་ཁུངས་བཀལ་དགོ་དེ་ལསན་ཏེ་འདི་མ་འདྲཝ་ཅིག་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ཞི་བདེ་འདི་ལས་འབྱུང་དགོཔ་ཨིན་དེ་ལས་བརྟེན་ཏེ་གིས་་ཐ་དམ་ཚིག་ལས་རྒྱུ་འབྲས་འདི་ལས་སྟོན་དགོཔ་ཨིན།
  • མཆོད་རྟེན་ཚེ་རིང་
    ཏེ་ཨ་ནཱེ་འབདན་འདི་གིས་ འདི་རོགས་ཨ་་་རྒྱལ་ཁབ་སྟོབས་ཅན་གྱི་ ཁ་སྐད་དང་ལམ་ལུགས་གུ་ལུ་ཏེ་བཀལ་ཏེ་བདའ་ཡར་སོང་པ་ཅིན་ཏེ་ང་བཅས་ལུ་གྱོང་རྒུད་སྦོམ་ཕོག་འོང་མ་འོངས་པ་ནང་ ད་ལྟོ་འདི་མི་ཤེས་ཨིན་ཏེ་འབད་རུང་ལོ་ཁལ་གཅིག་དང་སུམ་བཅུ་གི་བར་ན་འབད་བའི་བསྒང་ལསན་ཏེ་ཏེ་ང་བཅས་ཀྱི་དུས་ཚོད་འཕྱིས་འགྱོ་འོང་གསེས།
  • མཆོད་རྟེན་ཚེ་རིང་
    ཨ་ནཱེ་འབདན་འདི་གིས་ད་མ་པ་འདི་ རོགས་གཞུང་གིས་རྒྱབ་སྐྱོར་གནང་དོ་ཨིན་ཏེ་འབད་རུང་ཡང་ཏེ་ད་ད་རེས་བ་ཡང་ད་རུང་ཡང་ གཞུང་ཨ་ནཱི་གུ་ལུ་ཏེ་དྲགན་མ་གཏོགས་མ་ཞནམ་ཅིག་སྦེ་ར་ རྒྱབ་སྐྱོར་གནང་སྟེ་སྦེ་ར་མཛད་དགོཔ་འདུག་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས
    ལགས་སོ་བཀའ་དྲིན་ཆེ་གཞན་ག་ཅི་ཡང་གསུང་ནི་མེད་ག་ལགས་དམིགས་གསལ?
  • མཆོད་རྟེན་ཚེ་རིང་
    ད་
  • ཌོག་ཊར་ཀརྨ་ཕུན་ཚོགས
    མ་འོངས་པའི་བུ་གཞི་ལུ་འབྲུག་རྒྱལ་ཁབ་ཀྱི་ན་གཞོན་ཚུ་ལུ?
  • མཆོད་རྟེན་ཚེ་རིང་
    ད་ཏེ་ང་བཅས་ཀྱི་མ་པ་འདི་ང་ར་གི་དུས་རྒྱུན་དུ་ང་སློབ་ཨ་ལོ་རང་གི་སློབ་ཕྲུག་འདི་ཚུ་ལུ་ང་ཁ་བརྡ་དེ་སྦེ་ར་འབད་བའི་རོགས་ཀྱིས་འབད་དེ་གསེས་ཆ་ལུགས་རོགས་ཀྱིས་ ཨ་ནཱེ་སྦེ་འབད་དེ་གསེས་ རང་འབད་ནི་མེན་གསེས།
  • མཆོད་རྟེན་ཚེ་རིང་
    མགུ་ཏོག་སྐྱ་བཞག་ཐངས་ལས་འགོ་བཟུང་སྟེ་གིས་སྦེ་ལྟོ་བཟའ་ཐངས་ལས་འགོ་བཟུང་སྟེ་གིས་སྦེ་འདི་ལས་ཁ་སླབ་ཐངས་ལས་འགོ་བཟུང་སྟེ་གིས་སྦེ་རོགས་ཀྱིས་ཨ་ནཱེ་སྦེ་འབད་བཅུག་བཏུབ་པས་ཟེར་མེན་སྦ་ང་བཅས་ཨ་ནཱེ་སྦེ་འབད་ནི་མི་འོང་གསེས།
  • མཆོད་རྟེན་ཚེ་རིང་
    ང་བཅས་ཀྱི་ཤ་དང་ཁྲག་འདི་ང་བཅས་ཀྱི་ཤ་དང་ཁྲག་རུ་ཏོ་འདི་འབྲུགཔ་ཨིན་ཟེར་ཤ་དང་ཁྲག་རུ་ཏོ་འབྲུགཔ་ཨིན་མི་འདི་ང་བཅས་ཀྱི་ལུགས་སྲོལ་འདི་དང་ལམ་ག་ཨིནམ་འདི་ཏེ་སྔར་ག་ཨིནམ་འདི་ བདག་འཛིན་འབད་ད་པ་ཅིན་ཏེ་རོགས་ཀྱིས་ ང་བཅས་ར་རང་དབང་རང་བཙན་སྟོན་ནི་ཡང་འདི་གིས་ཕན་འོང་།
  • མཆོད་རྟེན་ཚེ་རིང་
    ཏེ་ང་བཅས་ར་གི་དང་ཕུག་བཟུམ་སྦེ་འདི་ལས་ཕམ་བུ་གཞི་འདི་ལས་གོངམ་དཔོན་གཡོག་ག་ལུ་ར་ཏེ་ང་བཅས་ར་གིས་ ངོ་ཤེས་ནི་འདི་ཡང་འདི་ར་ཨིན་ཟེར་ཏེ་ཨ་ནཱེ་འབད་ནི་འདི་གིས་ ང་བཅས་ར་རོགས་བཟུམ་སྦེ་མེན་པ་སྦེ་ཏེ་རོགས་ལུ་རོགས་ཀྱིས་འབད་དེ་ཟེར་འབད་དཔ་འདྲཝ་འབད་བ་ཅིན་རོགས་ཀྱི་རྒྱལ་ཁབ་བཟུམ་ང་བཅས་མེན།
  • མཆོད་རྟེན་ཚེ་རིང་
    རོགས་ཀྱི་རྒྱུ་སྟོབས་བཟུམ་ང་བཅས་མེད་རོགས་ཀྱི་མི་རློབས་བཟུམ་ང་བཅས་མེད་ཨ་ནཱེ་འབདཝ་ད་ལུ་ང་བཅས་ལུ་ སྟབས་མི་བདེ་ཟེར་སླབ་སྟེ་སྦེ་ང་གིས་ ཨ་ནཱེ་སྦེ་སླབ་སླབ་ས་ར་ཡོད།
  • མཆོད་རྟེན་ཚེ་རིང་
    དེ་འབད་རུང་ཏེ་ང་བཅས་ར་གི་མི་འདི་ཚུ་གིས་ ད་ང་བཅས་ར་གི་ ཡར་ཐོན་ཅན་གྱི་སྐད་ཡིག་དང་ཡར་ཐོན་ཅན་གྱི་ཏེ་ཅ་ལ་དང་འཁྲིལ་ཏེ་སྦེ་འགྱོ་བའི་བསྒང་ལས་ཏེ་ལུགས་སྲོལའདི་ཡང་ ཨ་ནཱེ་སྦེ་ཨ་་་ཐོན་འགྱོཝ་མས།
  • མཆོད་རྟེན་ཚེ་རིང་
    ཨིན་ཏེ་འབད་རུང་ཡང་ཏེ་རང་འབྲུགཔ་ཅིག་ཨིན་པའི་ཆ་ནས་ང་བཅས་ར་ག་ར་གིས་དེ་སྦེ་ཏེ་མནོ་བསམ་ལེགས་ཤོམ་སྦེ་བཏང་མ་འོངས་པ་ང་བཅས་ར་ དཔལ་ལྡན་འབྲུག་པའི་བསྟན་པ་འདི་ འཇིག་རྟེན་འདི་ནང་ ཡུན་རིང་དུ་གནས་ནི་གི་དོན་ལུ་ མནོ་བསམ་བཏང་འོང་བཏང་མ་ཅིན།
  • མཆོད་རྟེན་ཚེ་རིང་
    ཏེ་ང་བཅས་ར་གི་ དགའཝ་སྐྱིདཔ་ཉིནམ་འདི་ ཤར་ཏེ་སྡོད་ནི་གི་རེ་བ་ཅིག་བཀལ་པ་ཅིན་ཏེ་ང་བཅས་ག་ར་གིས་ར་ཏེ་སེམས་ལུ་ཏེ་ང་བཅས་ར་གི་ སྐད་ཡིག་དང་ལམ་སྲོལ་དང་ཆོས་འདི་བདག་འཛིན་ལེགས་ཤོམ་སྦེ་ར་ འབད་དགོ་ཟེར་ཞུ་ནི་ཨིན་ལགས།