Video Overview
གཞལམ་སྒང་ཆ་འོག་ ཁེངས་བུ་ལི་ལུ་ཡོད་པའི་བར་ལྷ་ཁང་གི་སྐོར་ ཕུན་ཚོགས་དོན་གྲུབ་ཀྱིས་བཤད་མི་ནང་ བར་ལྷ་ཁང་འདི་ གཏེར་སྟོན་བཞི་པ་ རིག་འཛིན་པདྨ་གླིང་པའི་གདན་ས་ཨིན་པས། འདི་ནང་ སྐུ་རྟེན་དང་ལྡེབས་རིས་ཚུ་ རེ་རེ་བཞིན་དུ་སྦེ་གསོལ་སྟོན་འབད་དེ་བཤད་པ་རྐྱབ་ཨིན་པས། འདི་ནང་གི་རྟེན་ཚུ་ཡང་ གུ་རུ་དྲག་དམར་གྱིས་གཙོས་པའི་པདྨ་གླིང་པའི་སྐུ་འདྲ་ དེ་ལས་ གཞན་ཁར་མེད་པའི་ལྡེབ་རིས་ཅིག་ པདྨ་གླིང་པ་ ས་གནས་དེ་ཁར་མགར་བའི་ཕྱག་ལཱ་མཛད་སར་ གུ་རུ་རིན་པོ་ཆེ་དགེ་བཤེས་ཅིག་ལུ་སྤྲུལ་ཏེ་ པདྨ་གླིང་པ་དང་གཅིག་ཁར་གསུང་གྲོས་གནང་པའི་ལྡེབ་རིས་ཚུ་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་འདུག
- Juli
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ད་འ་ནཱི་ བར་ལྷ་ཁང་འདི་ གཏེར་བཏོན་བཞི་པ་ རིག་འཛིན་པདྨ་གླིང་པ་གི་ གདན་ས་འདི་ ཨ་ནཱ་ཨིན་པས་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ལགས་སོ། ཨ་ནཱི་འདི་ ང་བཅས་ར་ འབྲུག་ལུགས་ གུ་རུ་དྲག་དམར་ཟེར་མི་འདི་ ནཱ་ལུ་ རྟེན་ངོ་མ་ ངོ་མ་རང་ འ་ནཱི་ གུ་རུ༌དྲག་དམར་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་ གུ་རུ༌དྲག་དམར་འདི་ གནམ་མེད་ས་མེད་ བཀའ་གཉན་དྲགས་ བྱིན་རླབས་ཆེ་དྲགས་ཅིག་ཨིན་ཟེར་ ང་བཅས་རའི་ ཕམ་འདི་ཚུ་གིས་ དེ་སྦེ་སླབ་དེས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་གི་ ནང་སྐོར་ནང་ལུ་ ཐུགས་ཁར་ ཡེ་ཤེས་སེམས་དཔའ་འདི་ གྲུབ་ཐོབ་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་སྐུ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཆུ་བྲག་བླ་མ་ བསོད་ནམས་རྒྱལ་མཚན་གྱིས་ རྡོ་འདི་ ཨ་ནཱི་ ཕྱག་པར་འདི་ ཨ་ནཱི་ གུ་རུ་དྲག་པོ་གི་ ཐུགས་ཁར་དུ་ ཡེ་ཤེས་སེམས་དཔའ་སྦེ་ ཕུལ་ཡི་ཟེར་ ང་བཅས་ཀྱི་ ཕམ་བཟང་པོ་འདི་ཚུ་གིས་ དེ་སྦེ་ཞུཝ་མས་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ད་ནཱེ་ཞུཝ་ལས་བརྟེན་ཏེ་གི་ ང་བཅས་ར་ བུ་ལི་གཡུས་སྒོ་འདི་གིས་ གུ་རུ་དྲག་དམར་འདི་ གནམ་མེད་ས་མེད་ཀྱི་ བཀའ་གཉན་དྲགས་ བྱིན་རླབས་ཆེ་དྲགས་འདི་ རྟེན་གཙོ་བོ་འདི་ ནཱེ་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:དེ་ལས་འ་ནཱི་འདི་ འ་ནཱི་འདི་ལགས་ ང་བཅས་ར་ ད་རེས་ནངས་པ་གི་ གསརཔ་བསྒྲུབས་བསྒྲུབས་པའི་ གུ་རུ་སྣང་སྲིད་ཟིལ་གནོན་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ ང་བཅས་ར་ འབྲུག་རྒྱལ་དང་པོ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ ཆུ་བྲག་བླམ་ བསོད་ནམས་རྒྱལ་མཚན་ལུ་ གནང་པའི་གི་ ཕྱག་སྟོང་སྤྱན་སྟོང་གི་ སྐུ་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ ང་བཅས་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་དེ་འདི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གཏེར་བཏོན་པདྨ་གླིང་པ་གི་ སྐུ་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ མགོན་ཁང་གསརཔ་ཨིན་ལགས། ང་བཅས་ར་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་དང་ རྒྱལ་བཙུན་གྱིས་ མགོནམ་སྐྱབས་བྲལ་གསུམ་གྱི་ སྐུ་དང་ བཀའ་ཁྲབ་འདི་ཚུ་ ནཱ་གནང་ནི་སྦེ་ ཐུགས་བསྐྱེད་ཞལ་ཀྱིས་བཞེས་ཚར་ཡི། ད་ ད་རེས་ནངས་པ་རང་ ནཱ་ལྷོད་ནི་སྦེ་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:རྟེན་གཙོ་བོ་འདི་ འབྲུག་ལུགས་ གུ་རུ་དྲག་དམར་འབད་ནི་དེ་གིས་ ང་བཅས་ནཱ་ལུ་ ཚེས་བཅུ་གནང་པའི་སྐབས་ལུ་ གུར་དྲག་གི་གཏོརམ་འདི་ འ་ནཱི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ ཕྱག་སྟོང་སྤྱན་སྟོང་གི་ ཞིང་ཁམས་འདི་ འ་ནཱི་སྦེ་ཨིན། ང་བཅས་ ལོ་བསྟར་བཞིན་དུ་སྦེ་བསྙུང་གནས་ཚོགས་གནང་དོ་ ཏེ ་ཉུང་གནས་ཚོགས་པའི་སྐབས་ལུ་ ཏེ་ ཕྱག་སྟོང་སྤྱན་སྟོང་གི་སྐུ་འདི་ ཞིང་ཁམས་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ ང་བཅས་ར་ ལྷ་ཁང་འདི་ནང་ལུ་ ཟླཝ་དང་པ་ལས་ འགོ་བཙུགས་ཏེ་ ཟླཝ་ ༡༢ པ་ཚུན་ཚོད་ ལོ་གཅིག་གི་རིང་ལུ་ ཚེས་བཅུ་འདི་ ཟླཝ་གཅིག་ཡང་ མ་ཆདཔ་སྦེ་གནང་ནི་ཡོད། ཏེ་ གུ་རུ་རིན་པོ་ཆེ་གི་ གུ་རུ་མཚན་བརྒྱད་ཀྱི་ ལྷ་ཚོགས་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ནཱ་ལུ་ གདན་ས་བཅགས་མི་ གྲུབ་ཐོབ་ཆོས་དབྱིངས་རང་གྲོལ་གི་སྐུ་འདི་ ལྡེབས་རི་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས། འ་ནཱི་གི་ ཡང་སྲས་འདི་ ད་འ་ནཱ་ལྷ་ཁང་ གདན་ས་བཅགས་མི་ ཧེ་མ་ ལྷ་ཁང་རྙིངམ་འདི་ འདོམ་བཞི་འབད་མི་ཡོད་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འདི་འདོམ་བཞི་འབད་མི་འདི་ ཉམས་ཆགས་ཤོར་ཞིནམ་ན་ལས་ ཏེ་ ང་བཅས་ར་ རྒེད་འོག་བདག་སྐྱོང་ མཁྱེན་སྤྲུལ་དགའ་རབ་རྡོ་རྗེ་ མི་སེར་འབད་ གསརཔ་བཞེངས་མི་གི་ལྷ་ཁང་འདི་ འ་ནཱི་ཨིན།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ད་ཧེ་མ་ ང་བཅས་ར་ གདན་ས་བཅགས་མི་འདི་ ཆུ་བྲག་ བླམ་བསོད་ནམས་རྒྱལ་མཚན་ ཁོ་གིས་ གདན་ས་ བཅགས་གནང་གནངམ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ལྷ་ཁང་རྙིངམ་འདི་ ཉམས་ཆགས་ཤོར་ འ་ནཱི་འདི་ ང་བཅས་ར་གིས་ གསརཔ་བཞེངས་བཞེངས་པའི་ གསརཔ་བསྒྲུབས་བསྒྲུབས་པའི་ ད་ཅི་ གོང་ཞུ་དོ་བཟུམ་འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཨ་ནཱི་བསྐོར་ཏེ་གིས་ བཞུགས་མི་འདི་ གྲུབ་ཐོབ་ཆོས་དབྱིངས་རང་གྲོལ་གྱི་ བླ་བརྒྱུད་འདི་ཚུ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཕུར་པ་གནམ་ལྕགས་སྤུ་གྲི་ ཡིད་དམ་ཀི་ལ་ཡ་ཟེར་མི་འདི་ འ་ནཱི་ཨིན་པས། ད་ཚེ་དཔག་མེད་དང་ དེ་ལས་ ང་བཅས་ར་ སྒྲོལ་དཀར་ རྣམ་འཇོམས་ ཚེ་ལྷ་རྣམ་གསུམ་འདི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ ཀུན་མཁྱེན་འཇིགས་མེད་གླིང་པ་ བྱམས་མགོན་མི་ཕམ་ ཀློང་ཆེན་ཡབ་སྲས་གསུམ་འདི་ འ་ནཱི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གཏེར་བཏོན་པདྨ་གླིང་པ། ཐུགས་ཟླ་བ་རྒྱལ་མཚན། རིག་འཛིན་པདྨ་འཕྲིན་ལས། པད་གླིང་ཡབ་སྲས་གསུམ་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ད་ཅི་གི་མར་ གོང་ལུ་ཞུ་མི་ གཏེར་བཏོན་པདྨ་གླིང་པ་ མར་ལུ་ མགར་ཚང་ནང་ལུ་ དབུ་གུར་ནང་ལུ་སྦེ་ གུར་སྤུབས་བཞུགསཔ་ད་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གུ་རུ་རིན་པོ་ཆེ་ དགེ་བཤེས་ཀྱི་ རྣམ་པ་སྤྲུལ་ཏེ་གིས་སྦེ་ བཀའ་རྫོགས་པ་ཆེན་པོ་གི་ དམ་ཅན་འདི་ཚུ་གནང་ མཁའ་འགྲོ་གི་ ལུང་བསྟན་དང་ འཁྲིལ་འཁྲིལ་བའི་ ཆོས་འདི་གསུང་དགོཔ་སྦེ་ གུ་རུ་རིན་པོ་ཆེ་གིས་ དགེ་བཤེས་ཀྱི་ རྣམ་པ་སྤྲུལ་ཏེ་གིས་ གཏེར་བཏོན་པདྨ་གླིང་པ་ལུ་ གསུངས་པའི་སྐབས་ལུ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཏེ་ ང་བཅས་ ནཱ་ལས་ ཁེངས་བུ་ལི་ལས་ ཨའི་ཚེ་དབང་སྐྱིད་ཟེར་མི་འདི་ མོ་ཨིན་པས། ཏེ་ མོ་གིས་ མཐོང་ཞིནམ་ན་ལས་ དགེ་བཤེས་ཅིག་དང་ གཏེར་བཏོན་པདྨ་གླིང་པ་ ནཱ་གསུང་གྲོས་གནང་ས་ མོ་གིས་མཇལ་སྦེ་ དེ་ལས་ གཡུས་ཁའི་ མི་འདི་ཚུ་ལུ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ད་ཅི་གོང་ལུ་ ཞུ་དོ་བཟུམ་ གཏེར་བཏོན་པདྨ་གླིང་པ་འབད་སར་ མགྱོནམ་ཅིག་ལྷོད་ཅི་ཟེར་ ང་བཅས་ར་ ཆང་གི་ཆང་འབག་ དེ་ལས་ སྒོང་རྡོག་དང་ ཛརཝ་འབག་ དེ་ལས་ཆུམ་འབག་ དེ་ ཤིང་འབྲས་རྣམ་པ་སྣ་ཚོགས་འབག་ དེ་ལས་ འ་ནཱི་འདི་ཚུ་ག་ར་ འབག་ཞིནམ་ན་ལས་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འདི་ཚུ་ ཨ་ནཱི་ ཁོང་གིས་ འབག་ཞིནམ་ན་ལས་ གཏེར་བཏོན་པདྨ་གླིང་པ་གི་ སྐུ་མདུན་ལུ་ འ་ནཱི་བཅར་པའི་བསྒང་ལུ་ དབུ་གུར་ནང་ལུ་ ལྷོདཔ་ཅིག་ ཨ་ནཱི་ དགེ་བཤེས་འདི་ཡལ་སོང་ནུག ཏེ་ ཡལ་སོང་ཞིནམ་ན་ལས་ མོ་གིས་ ཁྱོད་ ད་ལྟོ་ནཱ་ཡོད་མི་གི་ མགྱོནམ་འདི་ ག་ཏེ་ཡར་སོང་ཡི་ག་ཟེར་ ཞུ་བའི་བསྒང་ལུ།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གུ་རུ་རིན་པོ་ཆེ་འདི་ ཞལ་ཉིམ་གི་ཟེར་ལུ་འཛེག་ཏེ་གིས་སྦེ་ གསུང་གྲོས་གནང་བཞུགས་ནུག་ཟེར་ དེ་ལས་ ཨའི་ཚེ་དབང་སྐྱིད་ཟེར་མི་འདི་ མོ་ཨིན་པས། མོ་གིས་ཏེ་ ད་ལྟོ་ཡོད་མི་ མགྱོནམ་འདི་ ག་ཏེ་ཡར་སོང་ཡི་ག་ ཁྱོད་ག་དང་གཅིག་ཁར་ གསུང་གྲོས་གནང་སྨོ? ད་ལྟོ་གི་མགྱོནམ་འདི་ ག་སྨོ་ཟེར་དྲི་བའི་བསྒང་ལུ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:གཏེར་བཏོན་པདྨ་གླིང་པ་གིས་ ཨའི་ཚེ་དབང་སྐྱིད་ལུ་ ཨའི་ཚེ་དབང་སྐྱིད་དང་ ཨམ་ཆ་ཁྱབ་ལུ་ ད་ལྟོ་ ནཱ་གསུང་གྲོས་གནང་མི་འདི་ གུ་རུ་རིན་པོ་ཆེ་ཨིནམ་འདྲེས་ཟེར་ ནཱེ་སྦེ་ཞུ་ཞིནམ་ན་ལས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཏེ་ མོ་(ཁོང)འདི་ཚུ་ ཨ་ནཱི་ག་ར་ སེམས་སྙིང་ནང་ལས་རང་ སྐྱོ་བ་བསྐྱེད་དེ་ ང་བཅས་ གཡུས་འདི་ནང་ལུ་སྐྱེས་ཏེ་ ལྷ་བཟང་ནུག་ཟེར་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ལྷག་པར་དུ་ཡང་ བཛྲ་གུ་རུ་བགྱངས་ གུ་རུ་རིན་པོ་ཆེའི་ གསོལ་འདེབས་ཕུལ་ཏེ་ གཡུས་འདི་ནང་གི་ འ་ནཱི་འདི་ཚུ་ གནམ་གང་ དུས་བཟང་ ཚེས་བཟང་འདི་ཚུ་ནང་ འ་ནཱི་འདི་ཚུ་ག་ར་ གཏེར་བཏོན་པདྨ་གླིང་པ་ སྒར་བའི་གི་ཕྱག་ལཱ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:དྲིལ་བུ་ སྒོ་ལང་ བུམ་པ་ འ་ནཱི་འདི་ཚུ་ ཕྱག་ལཱ་ནམ་པའི་སྐབས་ལུ་ འ་ནཱི་འདི་ཚུ་ག་ར་ གཏེར་བཏོན་པདྨ་གླིང་པ་ འ་ནཱེ་སྦེ་ གསུང་ཞིནམ་ན་ལས་ ཆོས་སེམས་ལྷག་པར་དུ་ འགྱུར་ཏེ་གིས་སྦེ་ ཁོང་ཚུ་ མ་འདྲཝ་སྦེ་རང་ ནཱ་ལུ་ བསམ་པ་འདི་ཚུ་ག་ར་ ཆོས་ལུ་འགྱུར་ཏེ་གིས་སྦེ་ འ་ནཱེ་སྦེ་ བཞུགས་པའི་ལོ་རྒྱུས་འདི་ ད་ལྟོ་ གསལ་རི་རི་འདུག་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ སངས་རྒྱས་ཤཱཀྱ་ཐུབ་པ་ བསྟན་པ་ཤཱཀྱ་ཐུབ་པ་ གཡས་ཤཱ་རི་བུ་དང་ གཡོན་མངྒལ་གི་བུ་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འཕགས་པ་ཐུགས་རྗེ་ཆེན་པོ་ གཡས་མུ་ཏིག་གི་ཕྲེང་བ་འཛིན་པ། གཡོན་ཨུཏྤལ་སྔོན་པོ་རྣམས་པ། ནོར་བུ་པདྨ་ཅན་ཕྱག་ན་འཛིན་པ། དབུ་ལ་བཅུ་གསུམ་མངའ་བའི་རྒྱན་གསོལ་བ། རི་དྭགས་ཀྱི་པགས་པ་ནུ་མ་གཡོན་པ་བཀབ་པ་ ལང་ཚོ་ལྡན་པ་ཟེར་ ཨ་ནཱི།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:སྤྱན་རས་གཟིགས་འདི་ འཇམ་དབྱངསཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །རིགས་གསུམ་མགོན་པའི་སྐུ་འདི་ནཱེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་འདི་ ཀར་གླིང་ཞི་ཁྲོ་གི་ལྷ་ཚོགས་ཨིན་ལགས། ཆོས་སྐུ་ཀུན་ཏུ་བཟང་པོ་ འ་ནཱ་ལས་སྦེ་དེནི་ཏེ་ ཤར་ན་ རྡོ་རྗེ་སེམས་དཔའ་གི་ཞིང་ཁམས་ ལྷོ་ན་ རིན་ཆེན་བྱུང་གནས་ཀྱི་ཞིང་ཁམས་ ནུབ་ན་ སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ བྱང་ན་ དོན་ཡོན་གྲུབ་པའི་ཞིང་ཁམས་ དབུས་རྣམ་པ་སྣང་མཛད་ཀྱི་ཞིང་ཁམས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཞི་བ་ཞི་བཅུ་རྩ་གཉིས་ཀྱི་ ལྷ་ཚོགས་འདི་ ཏེ་ མ་པ་ཞི་ཁྲོའི་ལྷ་ཚོགས་འབདཝ་ད་ ང་བཅས་ ནཱ་ཡོད་མི་འདི་ ཞི་ཁྲོ་རྣམ་པ་སྣ་ཚོགས་ཡོད་ལགས། ཨ་ནཱི་འདི་ ཀར་གྲིང་ཞི་ཁྲོ་གི་ལྷ་ཚོགས་ ཞི་བ་ཞི་བཅུ་རྩ་གཉིས་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཁྲག་སྟོང་ལྔ་བཅུ་རྩ་བརྒྱད་ཁྲོ་བའི་ལྷ་ཚོགས་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས། ཀར་གླིང་ཞི་ཁྲོ་གི་ ཤར་བཛྲ་ཧེ་རུ་ཀ་ ལྷོ་ན་རོལ་ན་ཧེ་རུ་ཀ ནུབ་ན་པདྨ་ཧེ་རུ་ཀ བྱང་ན་ཀརྨ་ཧེ་རུ་ཀ དབུས་ན་བུདྡྷ་ཧེ་རུ་ཀ ཞལ་གསུམ་ཕྱག་དྲུག་ ད་ཁྲོ་བའི་ལྷ་ཚོགས་འདི་ ཞི་བ་ཞི་བཅུ་རྩ་གཉིས་ཨ་ཕི་ཨིན། ཁྲག་སྟོང་ལྔ་བཅུ་རྩ་བརྒྱད་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་ ནོར་ལྷ་འབད་རུང་འདྲ། མིའི་ལྷ་འབད་རུངའདྲ རྣམ་སྲས་ཟེར་མི་འདི་ འ་ནཱི་ཨིན་ལགས། ང་བཅས་ར་ ཚེ་རིང་མོ་ཟེར་མི་འདི་ འ་ནཱི་ཨིན་ལགས། ཇོ་མོ་བཀྲིས་ཚེ་རིང་མོ།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཕྱག་གཡས་གསེར་གྱི་རྡོ་རྗེ་ ནམ་མཁའ་ལ་བཞེས་ཞིང་ཟེར། སེང་གེ་དཀར་མོ་ལ་ཆིབས་པ། གཡོན་འཆི་མེད་ཚེའི་བུམ་པ་འཛིན་པ། ཚེ་རིང་མོའི་ལྷ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ང་བཅས་ ནཱ་ལུ་ ཡར་རིན་པོ་ཆེ་གི་ དགོན་པ་སྔ་འགྱུར་མདོ་སྔགས་ཕན་བདེ་གླིང་ལུ་འབད་རུང་ ཞིང་སྒྲུབ་གནང་ནི་ཡོད། དང་ཕུ་འབདན་ ང་བཅས་གནང་པའི་ ད་རེས་ནངས་པ་ དགེ་འདུན་གྱི་སྡེ་ ཡར་འབད་ཞིནམ་ན་ལས་ ཞིང་སྒྲུབ་ནཱ་ཡང་གནང་དོ། ཡར་ཡང་གནང་དོ། འ་ནཱི་འདི་ ང་བཅས་ར་ སངས་རྒྱས་འོད་དཔག་མེད་ཀྱི་ ཞིང་ཁམས་འདི།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་ཐུགས་རྗེ་ཐོགས་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །ཟེར་ཨ་ནཱི་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཏེ་ ཞལ་གཅིག་ཕྱག་གཉིས་ རྣམ་གཞག་ལྷུང་བཟེད་འཛིན་པའི་ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ སངས་རྒྱས་འོད་དཔག་མེད་ཀྱི་ ཞིང་ཁམས་འདི་ ང་བཅས་ ཞིང་བསྒྲུབ་གནང་པའི་གི་སྐབས་སུ་ལུ་ མི་འདི་ཚུ་ བསྐྱེད་རིམ་བསྒོམ་ཐངས་ ལྷ་གསལ་ཐངས་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:དེ་ལས་ རིན་པོ་ཆེ་གིས་ མཁན་སྤྲུལ་དགའ་རབ་རྡོ་རྗེ་གིས་ ཡར་ལས་ཆོས་གསུངས་ མི་འདི་ཚུ་ འ་ནཱེ་སྦེ་བསྒོམ་དགོ ཕྱག་མཚན་འ་ནཱེ་སྦེ་འདུག དམིགས་པ་འ་ནཱེ་སྦེ་ བསྐྱེད་དགོ་ཟེར་འབད་ནིའི་དོན་ལུ་ རིན་པོ་ཆེ་གིས་ ཨ་ནཱེ་སྦེ་ བྲིས་གནང་མི་འདི་ ཞིང་ཁམས་བཀོད་གནང་མི་འདི་ ནཱེ་ཨིན་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:འ་ནཱི་ ང་བཅས་ཀྱི་ར་ བུ་ལི་གི་བཙན་ དང་ཕུ་འབད་བ་ཅིན་ ཡབ་བཙན་ ལྷ་བཙན་དཀར་པོ་ཟེར་མི་འདི་ འ་ནཱི་ཨིན་ལགས། ཡུམ་ཆེན་སྨན་མོ་ ཀུན་ཏུ་བཟང་མོ་ཟེར་མི་འདི་ ད་རེས་ ང་བཅས་ར་མར་ མར་ལུ་ཡོད་མི་ མཚོ་འདི་ ཡུམ་ཆེན་ཀུན་ཏུ་བཟང་མོ་གི་ སྨན་མོ་གི་ སྐུ་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན་ལགས།
- ཕུན་ཚོགས་དོན་གྲུབ་/Phuntsho Dendup:ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ