Skip to main content Skip to search
07 Feb 2017
2 min 4 sec
Video Overview
Creators: 
Sherig Dentshog

པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ལས་ ཚེ་རིང་བཟང་མོ་གིས་ གླུ་གཞས་གནམ་ལས་ཤར་བའི་སྐར་མ་ཟེར་མི་འདི་འཐེནམ་ཨིནམ་ད་ འདི་རྒས་ཤོས་ཚུ་གིས་ འཐེན་སྲོལ་ཡོད་པའི བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིན་པས། ཏེ་གླུ་གཞས་ཀྱི་ཚིག་འདི་ནང་ ཤེས་ལྕང་མ་འདི་ ཧ་ལོའི་མེ་ཏོག་བཟུམ་སྦེ་ འཇའ་ཆི་ཆི་འདུག་ཟེར་ བསྟོད་པ་རྐྱབ་ཡོདཔ་ལས་ བརྩེ་གདུང་གི་གླུ་གཞས་བཟུམ་ཅིག་འདུག། སྤྱི་བཏང་གླུ་གཞས་གདམངས་འདི་ ཧན་ཏོང་ཏོ་ཡོདཔ་མ་ཚད་ ཚིག་གི་རྒྱན་འདི་ཚུ་ཡང་ འཇའ་ཆི་ཆི་སྦེ་བརྩམས་ཡོད་རུང ཀེ་ཨེམ་ཀྲི་གིས་དཔར་བསྐྲུན་འབད་མི་ གླུ་དེབ་དང་འཁྲིལཝ་ད་ སྐད་འཐེན་མི་གིས་ གླུ་གཞས་འདི་ མཇུག་བསྡུ་མ་ཚུགས་པས།

Transcript search
No results found for this search
0 of 0
  • ཚེ་རིང་བཟང་མོ་ Tshering Zangmo
    སྭོ་ གནམ་ལས་ཤར་བ་(བའི་)སྐར་མ་ལ་ནི་ཁྱོད་འདྲ་བཞུགས་ལ། །དྲོད་མཉམ་སྐྱོང་བའི་ཁྲི་གདུགས་ལ་ནི་ཉི་མ་བཞུགས་ལ། །དྲོད་མཉམ་སྐྱོང་བའི་ཁྲི་གདུགས་ལ་ནི་ཉི་མ་བཞུགས། །
    So....the stars that shine in the sky resembles you, there dwells a sun that governs all the warmth. There dwells a sun that governs all the warmth.
  • ཚེ་རིང་བཟང་མོ་ Tshering Zangmo
    སྭོ་ ལྷ་ལ་ཕུལ་བའི་ཧ་ལོ་ལ་ནི་མེ་ཏོག་འདྲ་བཞུགས་ལ། །ཐར་པའི་ལམ་དུ་ཨ་ཞེ་ལ་ནི་སྣང་སྲིད་བཞུགས། །བཞུགས་ལ་ཐར་པའི་ལམ་དུ་ཨ་ཞེ་ལ་ནི་སྣང་ས་བཞུགས། །
    So....you are similar to hollyhock flower that is being offered to the god. There resides Azhi Nangsi in the path of liberation. There resides Azhi Nangsi in the path of liberation.
  • ཚེ་རིང་བཟང་མོ་ Tshering Zangmo
    བཀའ་དྲིན་ཆེ། དེམ་ཅིག་སྦེ་བཞག་གེ། ཧེ་ཧི་ཧི་་་་་ ཨེ་ཧེམ།། །།
    Thank you! Will keep this much. he he he......Ahem!