Skip to main content Skip to search
14 Feb 2017
3 min 32 sec
Video Overview
Creators: 
Dawa Tshering, Lhakpa Dema

The women of Chungkha village in Chukha District perform the song and dance “A Star in the Sky” (Namle Sharwe Karma) during the village’s annual archery contest. The event aims to please local spirits and deities in order to ensure that the village experience good fortune during the entire year. In addition, it is a time of socialization for the community. Every person in the village must attend the event. For three continuous days, men play archery, women dance, and children play in the competition grounds. The song talks about the meaning of the sparkling stars, flowers, men, and women. It says that the most beautiful woman in the universe is a girl named Azhi Nangsa An Angel.

 

ཆུ་ཁ་རྫོ་ཁག་ སྐྱུང་ཁ་གཡུས་ཚན་གྱི་ཨམ་སྲུ་ཚུ་གིས་ བོད་སྒྲའི་གླུ་གཞས་ གནམ་ལས་ཤར་བའི་སྐར་མ་ཟེར་མི་འདི་ གཡུས་ཁའི་ལོ་མདའ་ ཉིནམ་གསུམ་རྐྱབ་པའི་སྐབས་རྐྱབ་ཅི། དུས་སྟོན་འདི་ཡང་ གཡུས་ཁའི་སྲུང་མ་ཚུ་ ཐུགས་དགྱེས་བཅུག་ཞིནམ་ལས་ ལོ་འཁོར་གཅིག་གི་ནང་འཁོད་ གཡུས་ཁ་ལུ་ས ྟབས་མ་བདེཝ་མ་འབྱུང་པར་ དགའ་སྐྱིད་དང་ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ཨིནམ་མ་ཚད་ གཡུས་ཁའི་མི་ཚུ་གཅིག་ཁར་འཛོམས་ནིའི་དོན་ལུ་ཡང་ཨིན་མས། ལོ་བསྟར་ལོ་མདའི་སྐབས་སུ་ གཡུས་ཁའི་མི་གཅིག་ཡང་ མ་ཆད་པར་འཛོམས་དགོཔ་ཨིན་མས། ཏེ་གླུ་གཞས་འདི་ནང་ གནམ་ཁའི་སྐར་མའི་འོད་མདངས་དང་ མེ་ཏོག་དང་ ཕོ་རྒྱ་ཨམ་སྲུའི་སྐོར་ལས་སླབ་ཨིནམ་ད་ འཇིག་རྟེན་ནང་ བུམོ་འཇའ་ཤོས་ར་ ཨ་ཞེ་སྣང་ས་ཨིན་ཟེརཝ་མས། 

 

Transcript search
No results found for this search
0 of 0
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    སྭོ་་་་་གནམ་ལས་ཤར་བའི་སྐར་མ་ལ་ནི་སྨིན་དྲུག། །ཤར་ལ་འཛམ་གླིང་ནང་དུ་གསུང་དོ་ལ་ནི་གསུང་མི་ཞུ་ལ། །འཛམ་གླིང་ནང་དུ་གསུང་དོ་ལ་ནི་གསུང་མི་ཞུ། །
  • སྭོ་་་མིག་ལ་མཛེས་པ་སྐར་མ་ལ་ནི་སྨིན་དྲུག་མཛེས་ལ། །འགྲོས་ཉམས་སྐྱོང་བ་ཁྲི་གདུགས་ལ་ནི་ཉི་མ་ཤར་ལ། །འགྲོས་ཉམས་སྐྱོང་བ་ཁྲི་གདུགས་ཉི་མ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    སྭོ་་་ས་ལས་སྐྱེས་པའི་མེ་ཏོག་ལ་ནི་་ལྷ་ལེགས་ཤར། །འཛམ་གླིང་ནང་དུ་གསུང་དོ་ལ་ནི་གསུང་མི་ཞུ་ལ། །འཛམ་གླིང་ནང་དུ་གསུང་དོ་ལ་ནི་གསུང་མི་ཞུ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    སྭོ་་་་མིག་ལ་མཛེས་པ་ལྷ་ལེགས་ལ་ནི་མེ་ཏོག་མཛེས་ལ། །ལྷ་ལུ་ཕུལ་བ་གསེར་ཤོག་ལ་ནི་མེ་ཏོག་ཕུལ་ལ། །ལྷ་ལུ་ཕུལ་བ་གསེར་ཤོག་ལ་ནི་མེ་ཏོག་ཕུལ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    སྭོ་་་ཨ་མའི་ཁོང་ལས་སྐྱེས་པའི་ལ་ནི་བུ་ཆུང་ང་ལ། །འཛམ་གླིང་དུ་གསུང་དོ་ལ་ནི་གསུང་མི་ཞུ་ལ། །འཛམ་གླིང་ནང་དུ་གསུང་དོ་ལ་ནི་གསུང་མི་ཞུ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    སྭོ་་་མིག་ལ་མཛེས་པ་ཤེད་ལྕམ་ལ་ནི་སྒྲོལ་མ་མཛེས་ལ། །ཐར་པའི་ལམ་ལུ་ཨ་ཞེཐ་ལ་ནི་སྣང་ས་འགྲོ་ལ། །ཐར་པའི་ལམ་ལུ་ཨ་ཞེ་ལ་ནི་སྣང་ས་འགྲོ།།