Skip to main content Skip to search
03 Feb 2017
3 min 9 sec
Video Overview
Creators: 
Norzin Lhamo, Dr.Karma Phuntsho

The origin and composer of this song are not known. The performer learned the song by singing and performing along with village elders. This song is not sung frequently, and is not known to most youth. The song is performed both by men and women. This recording was sung by Choden from Japhoog village in Wangdue Phodrang District. The song is sung as a means of entertainment while working on farms, and in order to celebrate special occasions.

 

གླུ་གཞས་ གནམ་ལས་ཤར་བའི་སྐར་མ་ཟེར་མི་འདི་ འབྱུང་ཁུངས་ག་སྟེ་ལས་ཨིན་ན་ཡ་ མེད་ཤེས་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ དབང་འདུས་རྫོང་ཁག་ལས་ཨིན་མི་ ཨམ་ཆོས་སྒྲོན་གྱི་ འཐེན་འདི་ ཡོདཔ་ཨིན་མས། མོ་གྱིས་གླུ་གཞས་འདི་ མོ་རའི་གཡུས་ཁ་ལུ་ ཡོད་པའི་ ཕམ་རྒས་ཤོས་ཚུ་ལས་ ལྷབ་ཡོདཔ་ཨིན་མས། གཡུས་ཁ་ལུ་ གླུ་གཞས་འདི་ ཨམ་དང་ཨཔ་གཉིས་ཆ་ར་གྱིས་ གླུ་གཞས་འདི་ རྐྱབ་སྲོལ་ཡོདཔ་ཨི་མས། གླུ་གཞས་འདི་ཡང་ གཙོ་བོ་རང་ སྤྲོ་སྟོན་གྱི་དོན་ལུ་དང་ ཞིང་ཁ་ལུ་ལཱ་འབད་བའི་སྐབས་ འཐེན་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཆོས་སྒྲོན། Choden
    གསུང་དབྱངས་གསུང་དབྱངས་གསུང་དབྱངས། །གསུང་དབྱངས་ལེགས་མོ་སྒྲིགས་ཤོག །གསུང་དབྱངས་ཨོ་མོ་མ་ཎི། །གསུང་དབྱངས་ལེགས་མོ་སྒྲིགས་ཤོག །
  • ཆོས་སྒྲོན། Choden
    གནམ་ལས་ཤར་བའི་སྐར་མ། །མ་ཤར་རང་གི་སྐར་མ། །ཤར་ཚེ་རོགས་ཀྱི་སྐར་མ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
  • ཆོས་སྒྲོན། Choden
    གནམ་ལས་ཤར་བའི་སྐར་མ། །སེམས་ཀྱི་སྐྱོ་རོགས་མ་གནང། །ལས་དང་སྨོན་ལམ་ཡོད་ན། །གནམ་མཁའི་སྦུག་ལ་འཛོམས་གེ །
  • ཆོས་སྒྲོན། Choden
    གངས་ལས་འབབ་པའི་ཆུ་མོ། །མ་འབབ་རང་གི་ཆུ་མོ། །འབབ་ཚེ་རོགས་ཀྱི་ཆུ་མོ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
  • ཆོས་སྒྲོན། Choden
    གངས་ལས་འབབ་པའི་ཆུ་མོ། །སེམས་ཀྱི་སྐྱོ་རོགས་མ་གནང་། །ལས་དང་སྨོན་ལམ་ཡོད་ན། །བུམ་པ་གཅིག་ལ་འཛོམས་གེ །
  • ཆོས་སྒྲོན། Choden
    ཨ་མ་སྐྱེས་པའི་བུ་ཚུ། །མ་སྐྱེ་རང་གི་བུ་ཚུ། །སྐྱེས་ཚེ་མི་ཡི་གཡོག་པོ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
  • ཆོས་སྒྲོན། Choden
    ཨ་མ་སྐྱེས་པའི་བུ་ཚུ། །སེམས་ཀྱི་སྐྱོ་རོགས་མ་གནང་། །ལས་དང་སྨོན་ལམ་ཡོད་ན། །ཁང་ཁྱིམ་ཁྲ་མོར་འཛོམས་གེ །