Skip to main content Skip to search
29 Jan 2016
3 min 24 sec
Video Overview
Creators: 
Sonam Tobgye, Sangay

Phungtsho Wangdi sings a boedra song called “The Star in the Sky.” The version sung by Phungtsho has similar lyrics to the one included in recent movie soundtrack. The tune, however, is different in the two versions.

 

གླུ་གཞས་འདི་ ནམ་བརྩམས་བརྩམས་ཨིན་རུང་ ག་གིས་བརྩམས་བརྩམས་ཨིན་རུང་ ད་ལྟོ་ མོང་སྒར་སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་འབད་ ནམ་མཁའི་དབྱིངས་ལས་སྐར་མ་བརྒྱ་གཅིག་ཤར། ཟེར་ ཁོ་ར་གིས་ མ་བཏུབ་བཏུབ་འབད་འཐེན་ནི་འདུག དེ་འབདཝ་ད་ ཚིག་གི་ཁ་ཐུག་ལས་ག་དེ་སྦེ་ར་ཨིན་རུང་ འབྲུག་པའི་གློག་བརྙན་ཅིག་ནང་འཐེན་མི་དང་འདྲ་སུ་ཅིག་སྦེ་འཐེན་ནི་འདུག ཨིན་རུང་ ཕུན་ཚོགས་དབང་འདུས་ཀྱིས་ གདངས་དབྱངས་ཨ་ཙི་མ་འདྲཝ་སྦེ་འཐེན་ཏེ་འདུག།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ཨེ་མོ་ཨེ་སང་མ་ནི་ཡ་ལ་པདྨེ་ཧཱུཾ༔
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་་ ཨེ་ལས་སང་རེད་ལ། །ནམ་མཁའི་དབྱིངས་ལས་སྐར་མ་བརྒྱ་གཅིག་ཤར། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །སྐར་མ་མིན་དྲུག་ལ་མོའི་ཡ་ལ་རྒྱབ་ཏུ་ཐལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ནམ་མཁའི་(མཁའ་)སྟོང་པ་སྙིང་ནས་ཡ་ལ་སྐྱོ་བ་སྐྱེས། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ལྡུམ་རས་ནང་དུ་མེ་ཏོག་ཡ་ལ་བརྒྱ་གཅིག་ཤར། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །པདྨ་མེ་ཏོག་མཆོད་བཤམ་ཡ་ལ་ནང་དུ་ཕུལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ལྡུམ་རས་(ར་)སྟོང་པ་སྙིང་ནས་ཡ་ལ་སྐྱོ་བ་སྐྱེས། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ཁང་ཁྱིམ་གཅིག་ལ་སྨན་ཆུང་ཡ་ལ་བརྒྱ་གཅིག་འཛོམས། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ཤེས་ལྕམ་སྒྲོལ་མ་ལ་མོ་ཡ་ལ་རྒྱབ་ཏུ་ཐལ། །
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ལ་་་་་ ཨེ་ལས་སང་རེད་ལ། །ཁང་ཁྱིམ་སྟོང་པ་སྙིང་ནས་ཡ་ལ་སྐྱོ་བ་སྐྱེས། །