Video Overview
In this video, Dokami from Nobgang village in Punakha sings a song that expresses the sadness of leaving behind a homeland and settling down in another place. These types of songs are usually performed in sorrowful or melancholy occasions.
སྤུ་ན་ཁ་ནོརཔ་སྒང་ལས་ རྡོ་བཀག་མི་གིས་འཐེན་མི་གླུ་གཞས་ ཤར་ལས་སྐར་མ་གཅིག་ཤར་འདི་ ག་ནི་བ་ཧན་ཏོང་ཏོ་འབད་དེ་འཐེནམ་ཨིན་མས། གླུ་གཞས་འདི་ནང་གི་ཚིག་ཚུ་ཉན་བལྟ་བའི་སྐབས་ རང་གི་སྐྱེས་སའི་ཕ་ཡུལ་འདི་སྤངས་ཏེ་ ཐག་རིང་ས་ཅིག་ཁར་སྡོད་ཞིནམ་ལས་ ཡུན་རིངམ་སྦེ་འགྱོ་བའི་མཐའ་མར་ སྐྱེས་པའི་ཕ་མ་དྲན་ཏེ་ འཐེན་པའི་གླུ་གཞས་ཅིག་ཨིན་མས། དེ་ཡང་ ལ་མོ་གཅིག་བརྒལ་གཉིས་བརྒལ། །ས་ཐག་རྒྱང་ལས་རིང་སོང་། །ཨོ་ལོ་སྐྱེས་པའི་ཕ་མ། །ཧིང་གི་དཀྱིལ་ལས་དྲན་བྱུང་། །ཟེར་ འཐེན་ནི་འདུག དགའན་རང་གི་ཕ་ཡུལ་འདི་རང་དགའ་བས། ཨིན་རུང་ ཚེ་སྔོན་ལས་ཀྱིས་བསྐོས་ཞིནམ་ལས་ མི་ཡུལ་འཁྱམས་ཏེ་སྡོད་དགོ་པས། ཟེར་ སེམས་སྐྱོ་བའི་གནས་སྟངས་ཅིག་ནང་འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་པས།
- Punakha
- \\
- རྡོ་བཀག་མི། Dokamiཤར་ལས་སྐར་མ་གཅིག་ཤར། །from the east, there shines a star
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiནུབ་ལས་སྐར་མ་གཉིས་ཤར། །from the west shines two stars
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiསྐར་མ་བརྒྱ་ཤར་སྟོང་ཤར། །hundred and thousands of stars shine
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི། Dokamiགནམ་ཁའི་སྦུག་ལུ་ཤར་བྱུང་། །In the sky,
- རྡོ་བཀག་མི། Dokamiསྣང་བ་སྐྱིདབུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiལམ་མོ་གཅིག་བརྒལ་གཉིས་བརྒལ། །cross a pass, cross two pass,
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiས་ཐག་རྒྱང་ལས་རིང་བྱུང་། །in a distant, originates another mountain
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiཨ་ལོ་སྐྱེས་པའི་ཕ་མ། །the parents who has bore kids
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiཧིང་གི་དཀྱིལ་ལས་དྲན་བྱུང་། །they are being remembered from heart
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiབཀྲིས་ལུང་པའི་ཕུག་ལས། །from the valley of the auspicious
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལགས་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiགསེར་གྱི་རྒྱ་གླིང་འཕུ་བྱུང་། །can be heard the golden clarinet being blown
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiགསེར་གྱི་རྒྱ་གླིང་མ་རེད། །it wasn't he golden clarinet, it seems
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiབླ་མའི་གསུང་སྐད་འདྲ་བྱུང་། །like the sound of Lama's voice
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiདགའ་ལྟ་རང་ཡུལ་དགའ་བས། །I love the place,I am from
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiམི་ཡུལ་ལས་ཀྱིས་བསྐོས་པས་། །attaining human life as a result of my karma
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiལས་ཀྱིས་བསྐོས་པའི་མི་ཡུལ། །this place brought about by fate
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiདགའ་ནི་ག་ལས་འོང་མ། །how is it not likable
- རྡོ་བཀག་མི། Dokamiསྣང་བ་སྐྱིད་བུ་ལགས། །in the mind descends peace
- རྡོ་བཀག་མི། Dokamiབྱམས་ནི་ཨ་མ་བྱམས་མས། །mother is someone with kind heart
- རྡོ་བཀག་མི། Dokamiསེར་མོ་ཁྲ་མོ་ལ་ཟེར་ན། །ser mo thra mo la zena
- རྡོ་བཀག་མི། Dokamiམ་ཡང་ལས་ཀྱིས་བསྐོས་བྱུང་། །and is also being fated
- རྡོ་བཀག་མི། Dokamiལགས་སོ་ལགས།