Video Overview
The origin of the song was not given. This song was not very popular, as youth have been influenced by Western culture. This was performed during Ngang Lhakhang consecration. The song Sha Rida Gang Gi Chorten mainly describes the chorten. Since Sha Rida Gang Gi Chorten was the main chorten, all the people should circumambulate it. The chorten was panted gold was built by a religious master. At the top of the chorten there is a scarf, in its middle there is an offering of water, and at its base there are people circumambulating the chorten.
གླུ་གཞས་ཀྱི་ འབྱུང་ཁུངས་སྐོར་ལས་ བཤད་ནི་མེདཔ་ཨིན་མས། གླུ་གཞས་འདི་ ཤེས་མི་དང་རྐྱབ་མི་ལེ་ཤ་མེདཔ་ཨིན་མས། གླུ་དགར་འདི་ ངང་ལྷ་ཁང་གི་རབ་གནས་སྐབས་ ཞབས་བྲོ་རྐྱབ་མི་ཚུ་གིས་ རྐྱབ་དོ་ཡོདཔ་ཨིན་མས། ཤར་རི་དག་སྒང་གི་ཆོས་རྟན་ ཟེར་བའི་གླུ་གཞས་འདི་ ཆོས་རྟེན་ཅིག་གི་བཤད་པ་ཅིག་ ཨིན་མས། འདི་ཡང་ག་དེ་འབད་མོ་ཟེར་བ་ཅིན་ ཤར་རི་དག་སྒང་གི་ཆོས་རྟོན་ གརྩོ་བོ་ཨིན་ཟེར་ མནོ་ཞིནམ་ལས་ སྐོར་ར་རྐྱབ་དགོ་ཟེར་ཨིན་མས། འདི་ཡང་ :ཤར་རི་དང་གངས་ཀྱི་རྩེ་མོ་ལུ་ ¬གསེར་ལས་བཞེངས་པའི་ མཆོད་རྟེན་འདི་ ག་གི་བཞེངས་ཡི་ག་ཟེར་བ་ཅིན་ མཆོདརྟེན་འདི་ མཚན་ལྡན་བླ་མ་གྱི་ བཞེངས་པའི་མཆོད་རྟེན་མས།། རྩེ་མོ་ཨིན་ཟེར་དར་འཕྱར་ནས་ཡོང་།།: སྐེད་པ་ཡིན་ཟེར་ ཡོན་ཆབ་ཕུལ་ནས་ཡོང་།། སྐེད་པ་ཡིན་ཟེར་ རྩ་བ་ཡིན་ཟེར་བསྐོར་ར་རྐྱབ་ནས་ཡོང།། རྒྱ་ཡི་རྟ་སྐད་སྟོང་དང་མཉམ་མཉམ་ཅིག་བཞུགས་གསུངས་དོ་ཅིག་ཤོག།།
- Bumtang
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenཤར་རི་དང་གངས་ཀྱི་རྩེ་མོ་ལུ། །
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenསེར་མོ་གསེར་ལས་བཞེངས་པའི་ལ་མཆོད་རྟེན་འདི།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenསུ་དང་བཞེངས་པའི་མཆོད་པ་[རྟེན་]མེན།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenམཚན་ལྡན་བླ་མས་བཞེངས་པའི་ལ་མཆོད་རྟེན་མས།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenརྩེ་མོ་ཨིན་ཟེར་མས་དར་འཕྱར་ནས་ཡོང་།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenསྐེད་པ་ཡིན་ཟེར་ཡོན་ཆབ་ཕུལ་ནས་ཡོང་།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenའོག་རྒྱ་ཡི་རྟ་སྐད་ཀྱི་སྟོང་གི་མཉམ་མཉམ་ཅིག་བཞུགས་གསུང་དོ་ཅིག་ཤོག །
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenསྐེད་པ་ཡིན་ཟེར་སྐོར་ར་རྐྱབ་ནས་ཡོང་།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenརྩ་བ་ཡིན་ཟེར་བསྐོར་ར་རྐྱབ་ནས་ཡོང་།།
- ངང་ལྷ་ཁང་གི་ཨམ་སྲུ Nga Lhakhang Womenརྒྱ་ཡི་རྟ་སྐད་སྟོང་གི་མཉམ་མཉམ་ཅིག་བཞུགས་གསུང་དོ་ཅིག་ཤོག །