Skip to main content Skip to search
28 Jun 2018
7 min 50 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

This zhungdra song conveys the attire worn by authority figures. The verses describe how they wear silk scarves and swords, and drink locally brewed sinchang while hearing melodious songs. If they do not wear or eat, contents will disappear from the containers they were stored. Thus, the song reveals the theme of parsimony and advices us all to eat and wear clothes whenever we have an opportunity to do so. This song is also sometimes performed in the boedra style, with the same lyrics but a different melody. 

 

གླུ་གཞས་འདི་ གཞུང་སྒྲ་བཟུམ་སྦེ་ གདངས་རིངམོ་སྦེ་འཐེནམ་ཨིན་རུང་ འདི་ཅོག་ར་འཐད་སྦེ་ གདངས་སོ་སོར་སྦེ་ བོད་སྒྲ་ཅིག་ཡང་འཐེན་ནི་འདུག། གླུ་གཞས་འདི་ནང་ མི་ཚུ་གིས་ རང་སོའི་དམ་ཁ་དང་ རང་དབང་དང་བསྟུན་ གྱོན་ཆས་གྱོན་ལུགས་ཀྱི་སྐོར་ལས་སླབ་མས།  ཞབས་བྲོའི་ཚིག་ནང་ མི་མང་འཛོམས་སར་ བྲུ་རྩི་དང་འབུ་རས་ཀྱི་བཀབ་ནེ་བཀབ་ དཔའ་རྟགས་བཏགས་ འདི་ལས་འབྲུ་སྣ་ལས་བཟོ་བའི་ སིང་ཆང་འཐུང་ སྐད་ཧན་པའི་གླུ་གཞས་འདི་མ་འཐེན་པ་ཅིན་ འདི་ཚུ་ནཱེ་སྦེ་ར་བཞག་པ་ཅིན་ ནམ་ཅིག་གི་ཚེ་མེདཔ་འགྱོ་འོང་ཟེར་མས། ནཱི་འབདཝ་ལས་ གླུ་གཞས་འདི་ནང་ ང་བཅསརའི་ རྒྱུ་ནོར་འདི་ཚུ་ སེར་སྣ་དང་ཕངས་སེམས་བསྐྱེད་འདི་མ་བཞག་པར་  ད་ལྟོ་རང་དབང་ཡོད་པའི་དུས་ཚོད་ཁར་ ལོངས་སྤྱོད་དགོ་ཟེར་མས། 

 

Transcript search
No results found for this search
0 of 0
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    རྟ་ཕོ་རྟ་རའི་ནང་གི་ཡ་ལ་རྟིང་དཀར་འདི་ཡ་ལ། །རྟིང་དཀར་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཟོང་ལ་ལེགས་པའི་ཨ་ད་ལ་ནི་ཁ་དམར་འདི་ཡ་ལ་ཁ་དམར་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཁྲོམ་ལ་མི་གསུམ་(ཁྲོམ་)འཛོམས་ས་ལ་ནི་མ་བཀབ་ན་ཡ་ལ་མ་བཀབ་ན་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཕར་ལ་གཟེམ་མའི་༼༼[གྱི་བ་?]༽༽ལ་ནི་རྒས་པ་ཕངས་ཡ་ལ་རྒས་པ་ཕངས་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    འདི་ལ་རྒས་པ་ཕངས་ག་ལ་ནི་མི་ཕངས་འདི་ཡ་ལ་མི་ཕངས་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཨམ་ལ་ཐགས་མཁནམ་ཅན་མ་ལ་ནི་དྲི་བལྟ་ཡ་ལ་ནི་དྲི་བལྟ་ད་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ངེའི་ལ་ཕྱག་ཤན་དཔག་བསམ་ལ་ནི་བསྟན་འཛིན་འདི་ཡ་ལ་བསྟན་འཛིན་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཁྲོམ་ལ་མི་གསུམ་(ཁྲོམ་)འཛོམས་ས་ལ་ནི་མ་བཏགས་ན་ཡ་ལ་མ་བཏགས་ན་ལ། །
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཡར་ལ་གཟར་ཤིང་སྟེང་ལུ་ལ་ནི་རྒས་པ་ཕངས་ཡ་ལ་རྒས་པ་ཕངས་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ནི་ལ་རྒས་པ་ཕངས་ག་ལ་ནི་མི་ཕངས་འདི་ཡ་ལ་མི་ཕངས་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཕར་ལ་བརྡུང་མཁན་ཅན་པ་(ཅན་མ་)ལ་ནི་དྲི་བལྟ་ཡ་ལ་ནི་དྲི་བལྟ་ད་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ནི་ལ་སུམ་ཆང་ངར་མའི་(མ་)ལ་ནི་དིའུ་རྩི་(བདུད་རྩི་)འདི་ཡ་ལ་དིའུ་རྩི་(བདུད་རྩི་)འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཁྲོམ་ལ་མི་གསུམ་(ཁྲོམ་)འཛོམས་ས་ལ་ནི་མ་འཐུང་ན་ཡ་ལ་མ་འབབ་(མ་འཐུང་)ན་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཕར་ལ་རྒྱ་ཛི་གཏིང་ལུ་ལ་ནི་རྒས་པ་ཕངས་ཡ་ལ་རྒས་པ་ཕངས་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    འདི་ལ་རྒས་པ་ཕངས་ག་ལ་ནི་མི་ཕངས་འདི་ཡ་ལ་མི་ཕངས་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཨམ་ལ་ཆང་མཁནམ་ཅན་མ་ལ་ནི་དྲི་བལྟ་ཡ་ལ་ནི་དྲི་བལྟ་ད་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    གསུང་ལ་སྙན་པའི་ཁུ་བྱུག་ལ་ནི་སྔོན་མོ་འདི་ཡ་ལ་སྔོན་མོ་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཁྲོམ་ལ་མི་གསུམ་(ཁྲོམ་)འཛོམས་ས་ལ་ནི་མ་བསྒྱུར་ལ་ཡ་ལ་མ་བསྒྱུར་ན་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ནི་ལ་ལྐོལ་མའི་དཀྱིལ་བར་ལ་ནི་རྒས་པ་ཕངས་ཡ་ལ་རྒས་པ་ཕངས་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ནི་ལ་རྒས་པ་ཕངས་ག་ལ་ནི་མི་ཕངས་འདི་ཡ་ལ་མི་ཕངས་འདི་ལ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་་
    ཨམ་ལ་ཁམ་མཁས་(ཁ་མཁས་)ཅན་མ་ལ་ནི་དྲི་བལྟ་ཡ་ལ་ནི་དྲི་བལྟ།། །།