Skip to main content Skip to search
28 Aug 2018
7 min 34 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

༉  ལྷུན་རྩེ་ཀུར་སྟོད་རྒེད་འོག་ལས་ གསང་སྔགས་ཆོས་འཛོམས་ཀྱིས་འཐེན་མི་ཀ་རྩོམ་གྱི་གླུ་གཞས་འདི་ནང་ ང་བཅས་རའི་མི་ཚེ་འདི་ མི་རྟག་པའི་རང་བཞིན་ཅིག་འབདཝ་ལས་ དུས་ནམ་ཅིག་གི་ཚེ་ འཇིག་རྟེན་སྤང་སྟེ་སོ་སོ་འགྱོ་དགོཔ་ངེས་བདེན་ཨིན་རུང་ ནམ་ཅི་ཤི་འོང་ག་དང་ ཤི་ཞིནམ་ལས་ག་ཏེ་འགྱོ་འོང་ག་ ག་གིས་ཡང་གཏན་གཏན་ཅིག་སླབ་མི་ཚུགས། ནཱི་བཟུམ་སྦེ་གླུ་གཞས་འདི་གིས་ འཇིག་རྟེན་འདི་ནང་ ང་བཅས་ར་ག་ར་གིས་ ལཱ་ག་ཅི་འབད་རུང་ སྙིང་པོ་ག་ནི་ཡང་མེདཔ་ལས་ མི་ཚེ་ནང་བྱུང་མི་ཚུ་དཔེ་བླངས་ཏེ་ ཞིང་ཁམས་ནང་འགྱོ་ནིའི་དོན་ལུ་ དགེ་བའི་བཤེས་གཉེན་ཅིག་བསྟེན་དགོ་ཟེརཝ་མས། ཞིབ་འཚོལ་བ་གིས་འཚོལ་ཞིབ་འབད་བའི་བརྡ་དོན་དང་འཁྲིལཝ་ད་ གླུ་གཞས་འདི་བླམ་སྐལ་བཟང་ཆོས་འཕེལ་གྱིས་བརྩམས་ཡོདཔ་སྦེ་ཨིན་རུང་ རྩོམ་པ་པོའི་སྐོར་ལས་ བརྡ་དོན་ཁ་གསལ་ཅིག་ག་ནི་ཡང་མིན་འདུག ཏེ་གླུ་གཞས་འདི་ ཀ་བཏགས་དང་འཁྲིལ་ཏེ་ འཇའ་ཆི་ཆི་སྦེ་བརྩམས་ཡོདཔ་ལས་ སྙན་རྩོམ་མཁས་མཆོག་ཅིག་གིས་བརྩམས་བརྩམསམ་བཟུམ་ཅིག་འདུག

Show More

  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུཾ། །དབྱངས་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། ། ཀ་དག་ཆོས་ཀྱི་དབྱིངས་ནས་ཡ་ལ་དབའེ། །སྤྲུལ་པའི་པད་འབྱུང་མཁྱེན་ནོ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཁ་ཙང་མ་གཡེང་སྙིང་ནས་ཡ་ལ་དབའེ། །གསོལ་བ་ཡང་ཡང་འདེབས་སོ་ཡ་ལ་དབའེ། །ག་ནས་བལྟས་ཀྱང་འཁོར་བའི་ཡ་ལ་དབའེ། །ལས་ལ་སྙིང་པོ་མེད་པས་ལ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ང་ནི་་་་་ ང་ཡི་བློ་གཏད་འདི་ནི་ཡ་ལ་དབའེ། །དཀོན་མཆོག་གསུམ་ལས་མིན་འདུག་ཡ་ལ་དབའེ། །ཅ་ཅོ་ཚིག་གི་བཤད་པ་ཡ་ལ་དབའེ། །མང་པོ་བཤད་ཀྱང་ཅི་ཕན་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཆ་ལུགས་ཆོས་དང་མཐུན་ན་ཡ་ལ་དབའེ། །ལྷ་མཆོག་དེ་རང་ཡིན་དུ་ཡ་ལ་དབའེ། །ཇ་ཆང་བདེ་བའི་ངང་ལ་ཡ་ལ་དབའེ། །མགོ་བོ་མང་པོ་མ་འཁོར་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཉ་མོ་ལྕགས་ཀྱུས་འཛིན་དུས་ཡ་ལ་དབའེ། །སུས་ཀྱང་ཕན་པ་མི་ཡོང་ཡ་ལ་དབའེ། །ཏ་ལ་ལོ་མ་བཞིན་དུ་ཡ་ལ་དབའེ། །རང་སེམས་མང་པོ་འཁྲུལ་ནས་ལ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཐ་མ་ངན་སོང་ལྷུང་དུས་ཡ་ལ་དབའེ། །ནམ་ཡང་ཐར་དུས་མི་ཡོང་ཡ་ལ་དབའེ། །ད་ལྟ་རང་དབང་ཡོད་དུས་ཡ་ལ་དབའེ། །ལྷ་ཆོས་སྙིང་ནས་བྱེད་དགོས་ལ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ན་ཚོད་གཞོན་པ་ཡིན་ཀྱང་ཡ་ལ་དབའེ། །འཆི་བ་མྱུར་དུ་སླེབས་ཡོང་ཡ་ལ་དབའེ། །པ་པ་རྒན་རྒས་རྣམས་ཡང་(ཀྱང་)ཡ་ལ་དབའེ། །མ་ཡེངས་ལེགས་པར་གསོན་དང་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཕ་རོལ་གཅིག་པུར་འགྲོ་ཚེ་ཡ་ལ་དབའེ། །བསམ་བློ་མང་པོ་འཁྲུལ་ཡོང་ཡ་ལ་དབའེ། །བ་གླང་དུད་འགྲོ་ལྟ་བུར་ཡ་ལ་དབའེ། །བསམ་བློ་མེད་པར་མ་ཉལ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    མ་རྒན་འགྲོ་བའི་དོན་དུ་ཡ་ལ་དབའེ། །སྙིང་པོ་མ་ཎི་གྲོངས་དང་ལ་ཡ་ལ་དབའེ། །
    [ཙ་ཚིག་?]སེམས་ལ་ངེས་འབྱུང་ཡ་ལ་དབའེ། །སྐྱོ་ཤས་སྙིང་ནས་དྲན་དགོས་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཚ་གྲང་དམྱལ་བའི་སྡུག་བསྔལ་ཡ་ལ་དབའེ། །མྱོང་ཚེ་བཟོད་གླགས་མིན་འདུག་ཡ་ལ་དབའེ། །རྫ་རོང་བཙན་འདྲའི་ཡུལ་ལ་ཡ་ལ་དབའེ། །སེམས་བུ་ཡང་ཡང་ཆགས་ནས་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཝ་ལ་ཝེ་ལེ་ངང་དུ་ཡ་ལ་དབའེ། །མི་ཚེ་སྟོང་ཟད་མ་གཏོང་ཡ་ལ་དབའེ། །ཞྭ་གོས་ལྷམ་གསུམ་དེ་ཡང་ཡ་ལ་དབའེ། །སྤྲོས་མེད་ཧྲིལ་པོར་གྱོན་དང་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཟ་འཐུང་འཚོ་བ་འདི་ཡང་ཡ་ལ་དབའེ། །ཏིང་འཛིན་ཟས་ལ་བརྟེན་དགོས་ཡ་ལ་དབའེ། །འ་འུར་སྡོད་པས་མི་ཕན་ཡ་ལ་དབའེ། །ལྷ་ཆོས་སྙིང་ནས་བྱེད་དགོས་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཡ་མཚན་ཆེ་བ་ངོ་་་་་རང་སེམས་ཡ་ལ་དབའེ། །ངོ་བོ་ཡང་ཡང་སྐྱོང་དགོས་ཡ་ལ་དབའེ། །ར་ལུག་ཁྱུ་གི་(ཡི་)ནང་ནས་ཡ་ལ་དབའེ། །གཅིག་པུར་ཤོར་བ་བཞིན་དུ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ལ་ལུང་མང་པོའི་རྒྱབ་ཏུ་ཡ་ལ་དབའེ། །སྒྲུབ་པའི་རྒྱལ་མཚན་བཙུགས་དང་ཡ་ལ་དབའེ། །ཤ་ཚ་རང་གིས་རང་ལ་ཡ་ལ་དབའེ། །ལྷ་ཆོས་སྙིང་ནས་བྱེད་དགོས་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ས་བཅུ་བྱང་སེམས་རྣམས་ཀྱི་ཡ་ལ་དབའེ། །བཞུགས་པའི་གནས་མཆོག་དམ་པ་ཡ་ལ་དབའེ། །ཧ་ལས་སྐྱེ་བའི་མེ་ཏོག་ཡ་ལ་དབའེ། །པདྨ་སྟོང་ལྡན་སྟེང་དུ་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨ་ལེ་ཟླ་བའི་གདན་ལ་ཡ་ལ་དབའེ། །བརྫུས་ཏེ་སྐྱེ་བ་ལེན་ནི་ཡ་ལ་དབའེ། །སྤྲུལ་པའི་མཆོག་འགྱུར་མཇལ་ནས་ཡ་ལ་དབའེ། །འཁོར་བ་དོང་ནས་དཀྲུགས་པའི་ཡ་ལ་དབའེ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    འཁོར་བ་དོང་ནས་དཀྲུགས་པའི་ལ་ཡ་ལ་དབའེ། །སྨོན་ལམ་ཡང་ཡང་ཞུ་འོ་ཡ་ལ་དབའེ།། ལགས་སོ་ལགས།། །།