Skip to main content Skip to search
01 Sep 2018
3 min
Video Overview
Creators: 
Monika Subba, Kencho Wangmo

ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཁ་སྐད་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་འབདཝ་བཞིན་དུ་ བསམ་རྩེ་རྫོང་ཁག་ལ་ཆུང་ཐང་ལས་ རྣམ་ཤིང་ལེབ་ཅ་གིས་ ཁོ་རའི་གཡུས་སྐད་ ལེབ་ཅ་གི་ཁ་སྐད་ནང་བཤདཔ་ཨིན་པས། ལེབ་ཅ་གི་ཁ་སྐད་འདི་ ཁ་སྐད་གཞན་ག་དང་ཡང་མ་འདྲཝ་ཅིག་ཨིནམ་ད་ ཁོང་ར་ནང་དོག་གིས་མ་གཏོགས་གཞན་མི་གིས་ཧ་གོ་ཚུགས་པ་ལཱ་ཁག་འདུག ལེབ་ཅ་གི་ལམ་སྲོལ་དང་ཁ་སྐད་ཚུ་མ་འདྲཝ་སོ་སོ་སྦེ་རང་ཡོདཔ་ཨིན་རུང་ ད་རིས་ནངས་པར་གཞན་མི་གི་ལམ་སྲོལ་དང་ཁ་སྐད་ཚུ་ཉམས་དོ་བཟུམ་སྦེ་ར་ ལེབ་ཅ་གི་ཁ་སྐད་དང་ལམ་སྲོལ་ཚུ་ཡང་ཉམས་འགྱོ་དོ་ཡོདཔ་ཨིན་མས། དེ་ཡང་ཕམ་རྒན་ཤོས་ཚུ་གིས་ ན་གཞོན་ཚུ་ལུ་འགོ་བ་བརྡ་སྤྲོད་མ་བྱིན་ནི་འདི་གིས་ཨིནམ་ད་ ན་གཞོན་ཚུ་ལུ་ལམ་ལུགས་བདག་འཛིན་འཐབ་དགོ་པའི་སྐོར་ལས་བཤད་བྱིན་པ་ཅིན་ ལེབ་ཅ་གི་ཁ་སྐད་དང་ལམ་ལུགས་ཚུ་ མར་ཉམས་མ་བཅུག་པར་གོང་འཕེལ་གཏང་ཚུགས་ ཟེར་ཨིན་པས།

Namshing Lepcha from Khanabhati village describes his native language called Lepcha. The Lepcha ethnic group has a caste system called "Thar". Gradually the Lepcha language is going extinct, it is rarely used and parents aren't always passing it on to the younger generations. Lepcha's language and culture can only remain if the senior citizens take their responsibility in teaching the young.

Transcript search
No results found for this search
0 of 0
  • རྣམ་སིང་ལེགས་རྕག Namshing Lepcha
    ང་གི་མིང་རྣམ་སིང་ལེགས་རྩག་ཨིན་ ང་གོམ་ཀྲུག་སྡོདཔ་ཨིན་ ཏེ་ང་གཡུས་ཀཱ་ན་བཊི་ལས་ཨིན།
    My name is Namshing Lepcha. I stay here in Gomtu. My village is from Khanabhati.
  • རྣམ་སིང་ལེགས་རྕག Namshing Lepcha
    ང་ནང་རྒེད་འོག་ཡིག་ཚང་ནང་ལཱ་གཅིག་ཡང་ཡོད་ དེ་ལས་ན་མེ་དྲམ་གི་ནང་བྱོན་ཟེར་གསུངམ་ལས་ ལེགས་རྩག་གི་ཁ་སྐེད་སྐོར་ལས་སླབ་པ་འོང་ཡི།
    I had few works to be done at Gewog office and I came here to meet madams and they requested me to talk or share about Lepcha language.
  • རྣམ་སིང་ལེགས་རྕག Namshing Lepcha
    ང་བཅས་ཀྱི་ལོ་རྟར་རིམ་རོགས་ཀྱི་མིང་འདི་ནམ་བུ་ཟེར་སླབ་ཨིན། ང་བཅས་ལེགས་རྩག་ཆ་ཁྱབ་ལུ་ང་བཅས་ལུ་དགོ་པའི་མཁས་ཆེས་ག་རང་ཡང་ དེ་ལས་མི་རིགས་དབྱེ་བ་ཡང་མ་དྲཝ་ཡོད།
    There is an annual ritual called nambun. Lepcha have everything that are requries for the Lepcha and Lepcha do have a cast system called "thar." ("Thar" means cast.)
  • རྣམ་སིང་ལེགས་རྕག Namshing Lepcha
    མི་རྒས་ཤོས་ཚུ་གི་ང་བཅས་ཀྱི་ཁ་སྐེད་དང་ལམ་སྲོལ་གི་སྐོར་ལས་སླབ་ནི་མེད་ནི་འདི་གི་ ག་རང་མཇེད་སོང་ནུག
    Old people didn't say much about our language or culture, so that's why we tend to forget it.
  • རྣམ་སིང་ལེགས་རྕག Namshing Lepcha
    ད་ལེགས་རྩག་གི་ལམ་སྲོལ་འདི་མཇེད་སོང་ནུག ཏེ་ང་བཅས་མི་རྒས་ཤོས་ཚུ་གི་ང་བཅས་རའི་ཁ་སྐེད་དང་ལམ་སྲོལ་འདི་ཚུ་སྟོན་མ་བྱིན་པ་ཅིན་ ང་བཅས་ཀྱི་ལྷབ་ནི་ལུ་བཀའ་ངལ་སྦོམ་འབད་རང་འདུག
    Now it's forgotten (Lepcha language and culture.) If the old people in our village ignores to pass down our language and culture, then it becomes diffcult for us to learn and remember.
  • རྣམ་སིང་ལེགས་རྕག Namshing Lepcha
    ཁོང་ཆ་ཁྱབ་ཀྱི་ང་བཅས་ལུ་ཧེ་མ་ལས་རང་ང་བཅས་རའི་ལུགས་སྲོལ་གྱི་སྐོར་ལས་སླབ་བྱིན་པ་ཅིན། ང་བཅས་ཀྱི་ཡང་འགན་ཁུར་འབག་འདི་ ཧེ་མ་ག་ཨིནམ་འབད་སྡོད་སྡོདཔ་འོང་།
    If they narrates us about our culture before hand, than there is a possibility that it remains in it's orginal form.