Video Overview
འདི་ནི་བྱིའུ་མཐེ་བོང་ཞིག་ཁྲ་ཡིས་གསོད་རྩིས་བྱས་པར་བློ་ཐབས་ཀྱིས་ཐར་བར་བརྗོད་པའི་གཏམ་རྒྱུད་ཅིག་ཡིན།
- སྐར་མ་མཚོ།བྱེའུ་ཐེབ་མོང་མ་བུ་གཉིས།
- བདེ་མོ་སྐྱིད་པོ་བྱས་ནས་བསྡད་ཡོད།
- དེ་ནས་ཁྲ་ཞིག་ཐོན་པ་རེད།
- ཁྲ་ཞིག་ཡོང་ནས་ཧ་ཧ་ཧ་དེ་རིང་བཟང་གི་ཟེར།
- ངའི་ཁའི་ནང་དུ་ཟ་རྒྱུ་ཞིམ་པོ་ཞིག་ཐོན་ཐལ།
- བྱེའུ་ཐེབ་མོང་བཟུང་བ་རེད།
- དེ་ནས་བྱེའུ་ཐེབ་མོང་གི་ཨ་མ་ཡིས།
- ཨ་ཁུ་ཁྲ་ལགས་་་ཁྱོད་ཀྱིས་བྱེའུ་ཐེབ་མོང་ཐོངས་དང་།
- བྱེའུ་མཐེ་མོང་གི་ཚབ་ཏུ་ང་བཟུང་ཟེར།
- དེ་ནས་ཡ་་་དེ་ཆོག་གི
- བྱེའུ་ཐེབ་མོང་བཏང་ནས་བྱེའུ་ཐེབ་མོང་གི་ཨ་མ་ཁྱེར་ནས།
- སྒང་ཞིག་གི་སྒང་ཁར་ཐོན་པ་རེད།
- དེ་ནས་སྒང་ཁར་ཐོན་དུས།
- ངས་ཁྱོད་སྒང་གན་གི་ཕ་རོལ་ནས་ཟ་རྒྱུ་ཟེར།
- ཨ་ཁུ་ཁྲ་ལགས་་་ཁྱོད་ཀྱིས་གན་ནས་མ་ཟ།
- གན་ནས་ཟོས་ན་ངའི་གཤོག་སྒྲོ་གང་སར་གཏོར་ན།
- ཁྱོད་ལ་སེམས་ཅན་གྱིས་སྡིགས་པ་རེད་ཟེར།
- དེ་ནས་ཡ་ཟེར།
- དེ་ནས་ཡང་ཕ་རོལ་ལ་སོང་ནས་ཆུ་འདབས་ཤིག་ལ་ཐོན་པ་རེད།
- ཡ་ངས་ཁྱོད་ཆུ་འདབས་གན་ནས་ཟ་རྒྱུ་ཟེར།
- དེ་ནས་ཨ་ཁུ་ཁྲ་ལགས་་་ཁྱོད་ཀྱིས་ང་ཆུ་འདབས་གན་ནས་མ་ཟ།
- ཆུ་འདབས་གན་ནས་ཟོས་ན་ངའི་ཤ་ཁྲག་ཆུའི་ནང་དུ་སོང་ན།
- སེམས་ཅན་གྱིས་ཁྱོད་ལ་སྡིགས་པ་རེད་ཟེར།
- དེ་ནས་ཡ་ཞེས་བཤད་དེ་ཡང་ཕ་རོལ་ལ་སོང་།
- དེ་ནས་བྱེའུ་ཐེབ་མོང་གིས་གཅིག་བལྟས་དུས་གཡག་རྭ་ཞིག་མཐོང་ནས་འདུག
- དེ་ནས་ཨ་ཁུ་ཁྲ་ལགས་་་ཁྱོད་ཀྱིས་ང་ཟ་རྒྱུ་ན།
- གཡག་རྭ་གན་གི་མགོ་ནས་ཟོ་ཟེར།
- དེ་ནས་ཁྲ་ཡིས་ཡ་ཟེར།
- གཡག་རྭ་དེའི་ཐོག་ཏུ་བབས་པ་རེད།
- དེ་ནས་ཨ་ཁུ་ཁྲ་ལགས་ངས་སྨོན་ལམ་ཞིག་བརྒྱབ་ན་ཨེ་ཆོག་ཟེར།
- དེ་ལོས་ཆོག་ལོས་ཆོག
- ཁྱོད་ཀྱིས་སྨོན་ལམ་ཅི་འདྲ་ཞིག་བརྒྱབ་ན་ཆོག་ཟེར།
- དེ་ལྟར་བཤད་ནས་བཏང་བ་རེད།
- བྱེའུ་དེ་མྱུར་དུ་བྲོས་ནས་གཡག་རྭ་དེའི་ནང་དུ་འཛུལ་བ་རེད།
- དེ་ནས་མར་ཤོག་དང་ཟེར།
- ཁྱོད་ཀྱིས་སྨོན་ལམ་བརྒྱབ་ནས་ཨེ་ཚར།
- ངས་ཁྱོད་ཟ་དགོས་ཟེར།
- ཁྱོད་ཀྱིས་ང་ཟ་དགོས་ན་གཡག་རྭ་འདི་བཅག་ནས་ཟོ་ཟེར།
- གཡག་རྭ་འདི་ཅི་ལྟར་གཅོག་དགོས་ཟེར།
- དེ་ནས་གཡག་རྭ་འདི་ཁྱོད་སོང་ནས།
- གཤོག་པ་ཆུ་ནང་དུ་བརྒྱབ་ནས།
- གཤོག་ལྕག་གིས་བརྒྱབ་ན་གཡག་རྭ་ཆག་འགྲོ་ཟེར།
- དེ་ནས་ཁོ་སོང་ནས་གཤོག་པ་ཆུ་ནང་དུ་བརྒྱབ་ནས།
- ནང་དུ་གཤོག་ལྕག་གིས་བརྒྱབ་ནས།
- དེ་ནས་གཡག་རྭ་མ་ཆག་པར་ཁོ་ཡི་གཤོག་པ།
- ཁོ་ཡི་གཤོག་པ་ཆད་ནས་ཚར་སོང་།
- དེ་ནས་ངའི་གཤོག་པ་ཆད་ནས་ཚར་ཐལ།
- ཁྱོད་མར་ཤོག་དང་ངས་ཟ་དགོས་ཟེར།
- དེ་ན་ཁྱོད་ཀྱིས་ཟ་དགོས་ན།
- ཁྱོད་ཀྱིས་མགོ་ཡར་ལ་གཡག་རྭའི་ནང་དུ་ཤོག་དང་།
- ནང་དུ་བཏང་ནས་ཟོ་ཟེར།
- ཡ་ཟེར་ནས་མགོ་ཡར་ལ་གཡག་རྭའི་ནང་དུ་བཏང་དུས།
- མིག་གཉིས་ཀྱི་ནང་དུ་རྩི་གཙག་བྱས་ནས་མིག་གཉིས་ཕུད་པ་རེད།
- ཕུད་ནས་མོ་བྲོས་སོང་།
- བྲོས་སོང་ནས་བྱེའུ་ཐེབ་བོང་མ་བུ་གཉིས།
- བདེ་མོ་སྐྱིད་པོ་བྱས་ནས་བསྡད་པ་རེད།