Skip to main content Skip to search
05 Jun 2018
6 min 7 sec
Video Overview
Creators: 
Dawa Tshering

Azha Dotey from Choongkha village sings “Thangla Dewa Pemai Thang” (The Spacious Lotus Ground), a boedra song. The lyrics talk about the glorious land that is shaped like a lotus. When Chinese princess Azhi Jaza made her journey to Tibet, she found a Tsa Ku Sha plant growing on the way. When Zhapdrung Ngakwang Namgyel arrived Bhutan, offering a tea to him. The following line of the song explains about the first offering of tea, was offer to the root teacher to receive blessing and merits from him.  The second offering was made to the leader to receive the power of speech. The third offering was made to father to gain wealth and comforts from him. However this song was sung in their village since very old times.

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ གཡུས་སྤང་མེ་ཁ་ལས་རྡོ་བཏེག་གིས་ བོད་སྒྲའི་གླུ་གཞས་ ཐང་ལ་བདེ་བ་པདྨའི་ཐང་ཟེར་མི་ཅིག་འཐེནམ་ཨིན་མས། ཧེ་མ་རྒྱ་ནག་རྒྱལ་པོའི་སྲསམོ་ ཨ་ཞེ་རྒྱ་བཟའ་ཟེར་མི་འདི་ བོད་ལུ་བྱོན་པའི་སྐབས་ ཐང་དེ་ནང་ལས་ རྩྭ་ཀུ་ཤ་སྐྱེས་ཡོདཔ་སྦེ་གཟིགསཔ་མ་ཚད་ ཤུལ་ལས་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ཡང་ འབྲུག་ཁ་ཐུག་ལུ་འབྱོན་པའི་སྐབས་ལུ་ ས་གནས་འདི་ཁ་ལས་ཕེབས་ཏེ་ ཐང་འདི་ནང་ ཇ་དྲངས་པའི་ལོ་རྒྱུས་འོང་ནི་མས། གླུ་གཞས་འདི་གི་ཚིག་ནང་ ཇ་ཕུད་དང་པ་མཚན་ལྡན་བླམ་ལུ་དྲངས་ཏེ་གིས་སྦེ་ བྱིན་རླབས་བསོད་ནམས་ཞུ་ནི་དང་ ཇ་ཕུད་གཉིས་པ་དབང་ཆེན་དཔོན་ལུ་དྲངས་ཏེ་ གཏམ་དང་དབང་ཆའི་བསོད་ནམས་ཞུ་ནི། དེ་ལས་ཇ་ཕུད་གསུམ་པ་ཡབ་ཆེན་ཨ་པ་ལུ་དྲངས་ཏེ་ རྒྱུ་ནོར་ལོངས་སྤྱོད་ཚུ་ཞུཝ་ཨིན་པས།

Transcript search
No results found for this search
0 of 0
  • ཨཔ་རྡོ་བཏེག་
    Ap Dotey: ཨོ་མོ་ཨོ་མོ་མ་ཎི་ལ་པདྨེ་ཧཱུྃ་ལ། །གསུང་དབྱངས་ས་ལ་མ་ཎི་ལ་པདྨེ་ཧཱུྃ། །
  • ཨཔ་རྡོ་བཏེག་
    Ap Dotey: སོྭ་ ཐང་ལ་བདེ་བ་པདྨའི་ལ་པད་ཐང་ནང་ལ། །ནོར་བུ་དུང་དཀར་འདྲ་བའི་ལ་[རྫིབ་?]གཅིག་བཙུགས། །
  • ཨཔ་རྡོ་བཏེག་
    Ap Dotey: སོྭ་ བྱུ་རུ་ཤེན་ཐག་འདྲ་བའི་ལ་ཤིང་གཅིག་བཙུགས་ལ། །དཀར་སངས་[དཀར་པོ་?]འདྲ་བའི་ལ་མེ་ཅིག་འཕུ་ལ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ རྒྱ་བཟའ་རྒྱ་ལས་འབྱོན་པའི་ལ་རྩ་གཅིག་སྐྱེས་ལ། །ཤེལ་དཀར་བདུད་རྩི་འདྲ་བའི་ལ་ཆུ་ཅིག་བླུགས་ལ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ ཞབས་དྲུང་བོད་ལས་འབྱོན་པའི་ལ་ཇ་ཅིག་བླུགས་ལ། །ཟས་ནོར་འབྲུ་གསུམ་འབྱུང་བའི་ལ་ཚྭ་ཅིག་བླུགས་ལ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ ཇ་ཕུད་དང་པ་མཚན་ལྡན་ལ་བླ་མ་དྲངས་ལ། །བྱིན་རླབས་སྲུང་སྐུད་བསོད་ནམས་ལ་བླམ་ལས་ཞུ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ ཇ་ཕུད་གཉིས་པ་དབང་ཆེན་ལ་དཔོནམ་ལུ་དྲངས་ལ། །ཁ་དང་དབང་ཆེན་བསོད་ནམས་ལ་དཔོན་ལས་ཞུ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ ཇ་ཕུད་གསུམ་ལས་(པ་)ཡབ་ཆེན་ལ་ཨ་པ་དྲངས་ལ། །ཟས་ནོར་ལོངས་སྤྱོད་བསོད་ནམས་ལ་ཨཔ་ལས་ཞུ། །
  • ཨཔ་རྡོ་བཏེག་
    Ap Dotey: སྭོ་ ཉིམ་དང་ཟླ་བ་ནམ་མཁའི་ལ་མེན་ས་་་་ སྭོ་ ཨཔ་དང་ཨའི་ནི་ནམ་མཁའི་ཉིམ་དང་འདྲ་ལ། །ནམ་མཁའི་ཉི་མ་ཞག་གཅིག་ལ་ཕྱོགས་ལུ་ཡོད། །
  • ཨཔ་རྡོ་བཏེག་
    Ap Dotey: སོྭ་ ཨ་ཁུ་ཨ་ནི་ནམ་མཁའི་ལ་ཟླཝ་དང་འདྲ་ལ། །ནམ་མཁའི་ཟླ་བ་ཞག་གཅིག་ལ་ཕྱོགས་ལུ་ཡོད། །
  • ཨཔ་རྡོ་བཏེག་
    Ap Dotey: སོྭ་ གཉེན་དང་ཉེ་བ་ནམ་མཁའི་ལ་སྐརམ་དང་འདྲ་ལ། །ནམ་མཁའི་སྐར་མ་ཞག་གཅིག་ལ་ཕྱོགས་ལུ་ཡོད། །ཟེར་ ལགས་སོ།། །།