Skip to main content Skip to search
22 Jun 2018
1 min 14 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings “Lhojong Zambuling La,” a local song. It is believed that Bhutanese local songs, known as yudra, are the foundation of all social values. This song is sung on important occasions, at work, and also at informal gatherings. It is usually performed individually. This song reminds everyone to offer prayers in honor of the country. It also highlights the value of dedication towards leaders, loyalty to the nation, and gratitude for the country's development.

བཀྲིས་སྒང་རྫོང་ཁག་ཕོངས་མེད་རྒད་འོག་ གཡུས་པིམ་ཤོང་ལུ་ གླུ་གཞས་ལྷོ་ལྗོངས་འཛམ་བུ་གླིང་འདི་  ཨམ་པདྨ་ལྷ་སྒྲོན་་གིས་ འཐེན་ཡོདཔ་ཨིན་མས།  གླུ་གཞས་འདི་གི་ འབྱུང་ཁུངས་དང་རྩམ་པ་པོ་གཉིས་འདི་ ངོས་འཛིན་མེདཔ་ཨིན་རུང་ ཞབས་ཁྲ་འདི་ ཁོང་རའི་མི་རྒས་ཤོས་ཚུ་བརྒྱུད་དེ་འོང་ནུག། གཡུས་སྒོའི་ཞབས་ཁྲ་འདི་ འབྲུག་རྒྱལ་ཁབ་ནང་ལམ་སྲོལ་གི་ གཞི་རྟེན་ས་ཅིག་འབད་རྩིཝ་ཨིན་མས། གླུ་གཞས་འདི་ད་ལྟོ་ཚན་ཚད་  སྒྲ་པར་གཟུང་དེ་མེདཔ་མ་ཚད་ ཡིག་ཐོག་ནང་ཡང་མེདཔ་ཨིན་མས། གླུ་གཞས་ལྷོ་ལྗོངས་འཛམ་བུ་གླིང་འདི་ དུས་སྟོན་གལ་ཆེ་ཏོག་ཏོ་རྐྱངམ་ཅིག་ནང་ མེན་པར་སྤྱིར་གཏང་འཛོམས་འདུ་དང་ལཱ་འབད་བའི་སྐབས་ཡང་འཐེན་ནི་ཡོདཔ་ཨིན་མས། ཞབས་ཁྲ་འདི་སྡེ་ཚན་ནང་མེན་པར་ རང་རྐྱང་འབད་འཐེན་ཡོདཔ་ཨིན་མས། ཞབས་ཁྲའི་ཚིག་འདི་གི་ ང་བཅས་ཚུ་གེ་ར་འབད་རུང་རྒྱལ་ཁབ་ལུ་སྨོན་ལམ་དང་ གུས་སྟོད་ཞུ་དགོ་པའི་ དྲན་གསོ་འཕུལཝ་མ་ཚད་བརྩོན་ཤུགས་ཅན་དང་ ཐ་དམ་ཚིག་ཅན་གི་འགོ་ཁྲིད་ཚུ་ལུ་ཡང་འཕུལཝ་ཨིན་མས།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: ལ་སོ་ལགས། ཕོངས་མེད་རྒེད་འོག་ ཨང་རྒས་པད་མ་ལྷ་སྒྲོན་གྱིས་ མཆོད་པ་ཅིག་ཕུལ་གེ་སྨེ་ལགས། ད་ལོ་ན་རྒས་ནི་འདི་གིས་ སྐད་མིན་འདུག་ཏེ།
  • པད་མ་ལྷ་སྒྲོན་
    Pema Lhadon: ལྷོ་ལྗོངས་སྨན་ལྗོངས་རང་གཡུས་རྒྱལ་ཁབ་འདི། །བདེ་སྐྱིད་ཕུན་སུམ་ཚོགས་པ་རྟེན་འབྲེལ། ། འགྱུར་ནི་མེད་པར་བཀྲ་ལ་ཤིས་པར་ཤོག །འགྱུར་ནི་མེད་པར་གཡང་ལ་ཆགས་པར་ཤོག །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ་ལགས།། །།