Video Overview
Riddles are popular in Bhutan and used as a both an intelligence test and for entertainment. There are numerous types of riddles throughout Bhutan that are referred to by different names according to the local dialect. Here, the Nepali speaking populations in the south call it "Gao Khane Katha" (stories to take castles). The person who asks the question or presents the riddle does so in a certain format and style with some accompanying phrases that mark the riddle games. The respondent or the person who is supposed to solve the riddle then gives an answer. The answer is correct, the respondent wins and may symbolically gain a point. If the answer is incorrect, the person who asked the question wins a point. If the person does not know the answer, the first person demands a village or town. The respondent must offer a town or village by name and the respondent will verbally claim the town and share the answer. If the respondent knows the answer, he may demand a village or town first to share his answer.
མཁར་གཏམ་དང་ ཡང་ན་མགུ་འཐོམ་དྲི་བ་དྲི་ནི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཨིནམ་དང་ དེ་ཡང་དགའ་སྤྲོ་བཏོན་ནི་དང་ རིག་པ་བརྟག་དཔྱད་འབད་ནིའི་དོན་ལུ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ རང་སོའི་ཁ་སྐད་དང་འཁྲིལ་ཏེ་ མགུ་འཐོམ་དྲི་བ་སླབ་སྲོལ་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ལྷོ་མཚམས་པའི་ཁ་སྐད་ནང་ལུ་ མགུ་འཐོམ་དྲི་བ་ལུ་ གའུ་ཁ་ནི་ཀ་ཐ་ཟེར་སླམ་བ་ཨིན་མས། མགུ་འཐོམ་དྲི་བ་དྲི་མི་འདི་གི་ སྒྲིག་བཀོད་ལྟར་ བསྡེབས་ཚིག་ཐོག་ལས་ དྲི་བ་དྲི་ཞིནམ་ལས་ ལན་སླབ་མི་འདི་གི་ ལན་སླབ་དགོཔ་ཨིན། ལན་རྐྱབ་མི་གི་ ལན་ཕོག་པ་ཅིན་ སྐུགས་འཐོབ་ནི་དང་ ལན་མ་ཕོག་པ་ཅིན་ དྲི་བ་དྲི་མི་འདི་གི་སྐུགསའཐོབ་ཨིན། ལན་སླབ་མི་འདི་གི་ ལན་མ་ཤེས་པ་ཅིན་ ཁྲོམ་དང་ ཡང་ན་གཡུས་གཅིག་གི་མིང་སླབ་སྟེ་ བྱིན་དགོཔ་ཨིནམ་དང་ དེ་ལས་རྐྱངམ་ཅིག་ དྲི་བ་བཀོད་མི་འདི་གི་ལན་སླབ་ཨིན། གལ་སྲིད་ ལན་རྐྱབ་མི་གི་ལན་ཤེས་པ་ཅིན་ ཁོ་གི་གཡུས་དང་ ཁྲོམ་ག་འབད་རུང་ མཁོ་འདོད་འབད་ཆོགཔ་ཨིན།
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaང་གའུ་ཁ་ནི་ཀ་ཐའི་མཁར་གཏམ་དག་པ་ཅིག་སླབ་ནི་ཨིན། ག་ར་གི་ཧེ་མ་གཅིག་ག་ཅི་སྨོ་ཟེར་བ་ཅིན་ ཕུ་ཀྲེ་གི་བྱི་ཅུང་ཨིན་ ཕུ་ཀྲེ་མེན། ཤ་ཟ་འོང་ སྟག་ཡང་མེན། ས་ཁར་བུད་སོང་པ་ཅིན་ཤི་འོང་སྡོད་རང་མི་སྡོད་ ག་ཅི་སྨོ?I want to tell few riddles, What is Pigeons son but not Pigeon, who eats meat but not tiger and when dropped to the earth will not be alive.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaད་འ་ནཱི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཕུ་ཀྲེ་གི་བྱི་ཅུང་ཨིན་ ཕུ་ཀྲེ་མེན་ཟེར་མི་འདི་ ནོར་སེམས་ཅན་གྱི་རྨ་གུ་ སྦྱངམ་འདི་ ཕུ་ཀྲེ་མེན་ ཁོ་ཚར་གཅིག་སྨན་གྱིས་ར་བཟི་སྟེ་ ས་ཁར་འབབ་ཞིནམ་ལས་ ལོག་འགྱོ་མི་ཚུགས།Pigeon’s son but not pigeon means it occupies the space of the wound of the cow. The flies are like son to pigeon but once it is dropped to earth it will never rise. Eats meat of wounded cow and ox but not tiger and once it is dropped to earth by intoxicating; it will never be alive or will die.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaདེ་ལས་ གཞན་ག་ཅི་ཡོད་གོ་ཟེར་བ་ཅིན་ ཚ་ཁེག་ཁེ་ཚ་ཁེག་ཁེ་ཨའི་ལས་ བུམོ་ཚ་ཁེག་ཁེ་འདི་ག་ཅི་སྨོ? འདི་ག་ཅི་སྨོ་ཟེར་བ་ཅིན་ རྩྭ་སྦོམ་ལས་ ཆུང་ཀུ་འབད་མི་འདི་ཚ་ཁེག་ཁེ་འོང་ཟེར་ཨིན་པས།Sharp and sharpest, daughter is far sharper than mother, what is it? It is straw. It is because twig of small straw will prick better than bigger one.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaགཟུགས་ཕྱ་སི་སི་ མགུ་ཏོ་སྦོམ་ཟེར་མི་འདི་ག་ཅི་སྨོ? འ་ནཱི་འདི་ མོན་བྱཱ།What is slim body with round head? Millets stem will be thin and straight and will have round like object at the top. It’s millet.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaའགྱོ་ཡི་རང་རྐང་རྗེས་བསད་ཅི་རང་འོང་མི་ག་ཅི་སྨོ? འདི་རང་གིས་ ནོར་གྱི་རྩྭ་རྒྱབ་ཁར་འདྲུད་འབགཔ་ད་ རྩྭ་འདྲུད་ཅི་རང་ ཁོ་རའི་རྐང་རྗེས་འདི་ཡང་ འཕྱག་ཅི་རང་འོང་དོ་བཟུམ་ འགྱོ་ཡི་རང་རྐང་རྗེས་བསད་ཅི་རང་འོང་མི་འདི་ཨིན།What is that erase the foot print from behind when you walk before? It is carrying of grass to feed cattle. When you carry grass from backside and when being dragged, it will come cleaning the foot print.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaནུབམོ་གཅིག་རང་ལོང་སྡོད་མི། ཉིནམ་གཅིག་རང་ཉལ་སྡོད་མི། ག་ཅི་སྨོ་ཟེར་ཡང་སླབ་འོང་། འདི་ག་ཅི་སྨོ་ཟེར་བ་ཅིན་ གླང་དང་ནོར་བཏག་ནི་གི་ཐགཔ་ཨིན།What is that stay awoke whole night and sleeps whole day? It is rope to tie cows. During day time it is removed and cattle are taken to graze the pasture and during night cattle are being tied with this rope. It is opposite to human.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaལྟཝ་ཤིང་ཆུང་ཀུ། འཛེགསཔ་ད་ལཱ་ཁག། ཤིང་བལྟཝ་ད་འདི་ཆུང་ཀུ་ཅིག་རང་མས་ དེ་འབདཝ་ད་འདི་གུ་ག་གིས་ཡང་འཛེགས་མི་ཚུགས་པས་ ག་ཅི་སྦེ་ འདི་ག་ཅི་སྨོ་ཟེར་བ་ཅིན་ ཟྭོ་ཆག་ཤིང་།What is small tree on which it is hard to climb? It is nettle. Nettle is small by size but hard to be climbed.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaད་རུང་གཞན་ཡང་ཡོད་ མི་གསུམ་ལུ་ཞྭམོ་གཅིག ག་ཅི་སྨོ? འདི་རྐངམ་གསུམ་འབད་མི་ལྕགས་ཀྱི་ཐབ།What is single turban for three men? It is stove like object which is used for cooking.
- ཁེམ་རཱཇ་ཏིམ་ཤི་ན་ Khem Raj Timshinaདེ་ལས་གཞན་ཡོད་ད་རུང་ བ་དཀརཔོ་ཆུ་འཐུང་པར་སོང་ཡི། ལོག་འོངམ་ད་དམརཔོ་འབད་འགྱོ་ཡི། ག་ཅི་སྨོ? རོ་ཊི་བཟོ་བཟོཝ། འ་ནེམ་ཅིག་རང་འོང་ལགས།What is cow that goes to drink water in white color and comes back as red? It is Roti (cookie) That’s all.