Skip to main content Skip to search
27 Sep 2016
2 min 37 sec
Video Overview
Creators: 
Kalwangjyid, Tibetan and Himalayan Library

This bread is called zang kya in Chentsa County, Amdo.

ཨ་མདོ་གཅན་ཚ་ས་ཆར་ཟངས་སྐྱ་རུ་འབོད་པའི་གོ་རེའི་རིགས་ཤིག་ཡིན།

白饼是安多尖扎地区人们经常食用的一种饼子。

གོ་རེ་ཟངས་སྐྱ་ནི་ཨ་མདོ་ས་ཆ་དང་ལྷག་པར་དུ་གཅན་ཚ་ལྟ་བུའི་ཞིང་ལས་ས་ཆ་ལ་མཚོན་ན་རྒྱུན་ལྡན་དང་ཐ་ན་ཉིན་རེའི་ཟས་ཐུན་རེ་ལ་ཡང་མེད་དུ་མི་རུང་བའི་ཟས་སྣ་གལ་ཆེན་ཞིག་ཡིན་ལ། དེ་བཟོ་བྱེད་ཀྱི་རྒྱུ་ནི་གྲོ་ཕྱེ་ཡིན། གོ་རེ་འདིའི་རིགས་ཀྱི་མིང་ལ་ཟངས་སྐྱ་ཞེས་འདོགས་དོན་ལའང་བཞེད་པ་མི་མཐུན་པ་མང་ལ། ཡོངས་གྲགས་སུ་གོ་རེ་འདིའི་རིགས་སླ་ང་ལེབ་མོ་ཞིག་གི་ནང་དུ་བཅའ་དགོས་པ་དང་། རོང་སྐད་དུ་སླ་ངར་ཟངས་ང་ཞེས་འབོད་པ་དང་། གོ་རེ་འདིའི་རིགས་ཀྱི་ནང་དུ་སྣུམ་སོགས་མེད་པས་གོ་རེའི་ངོས་ཅུང་སྐྱ་བོར་སྣང་བ་དང་གཞན་གོ་རེའི་སྟེང་དུ་སྐྱ་ཕྱེ་ཅུང་མང་བས་མིང་དེ་ལྟར་ཐོགས་པ་ཡིན་སྐད། ད་དུང་བཤད་རྒྱུན་ལ་སླ་ང་ཅུང་མཐུག་པོའི་ནང་དུ་ཟངས་སྐྱ་ཡག་པོ་བཟོ་ཐུབ་པར་བཤད།

白饼是安多地区特别是像尖扎县一样农区家庭的日常食物,也是当地人每天必不可少的主食。白饼名字的缘由在当地有各种不同的说法。白饼的制做方法是将擀好的面饼放置在一个平底锅中烙制。由于烙制过程中,锅中不放油等其它食材,做出来的饼子是没有任何颜色,因此叫白饼。当地人认为烙制饼子的锅底越厚,则做出来的饼子越好。