Skip to main content Skip to search
04 Jul 2018
9 min 29 sec
Video Overview
Creators: 
Norzin Lhamo

Aum Langamo and Zangmo of Takste sing a zhungdra dedicated to Eastern Vajrasattva, one of the five lords of five families. In return for their praise, he brings a moderate climate, happiness and good life. This kind of Zhungdra are performed during auspicious occasions, celebrations and gatherings. It is performed in a straight line with between five to twenty dancers and led one person who synchronizes the steps and the song itself.

༉  ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་ གཡུས་སྟག་རྩེ་ལས་ སླ་ང་མོ་དང་བཟང་མོ་གཉིས་ཀྱིས་ གླུ་གཞས་གླུ་དབྱངས་རྩ་བ་མི་བཙུགས་ ཟེར་བའི་རང་ལུགས་ཀྱི་གཞུང་སྒྲ་རྙིང་ཤོས་ཅིག་འཐེན་ཏེ་འདུག འ་ནཱི་གླུ་དབྱངས་འདི་ རྒྱལ་བ་རིགས་ལྔའི་ནང་ལས་ ཤར་རྡོ་རྗེ་སེམས་དཔའ་ལུ་བསྟོད་པའི་ཐོག་ལས་ཕུལ་ཏེ་ བཀྲ་ཤིས་པའི་སྨོན་ཚིག་ཚུ་བཙུགས་ཏེ་འཐེནམ་ཨིན་མས། དེ་ཡང་ གླུ་དབྱངས་རྩ་བ་མི་བཙུགས། །གླུ་དབྱངས་ལ་སོགས་རྩ་བ་བཙུགས་ཡོད། །གླུ་དབྱངས་རྩ་བ་བཙུགས་ན། །ཉི་མ་ལ་སོགས་ཤར་གྱི་ཕྱོགས་ལ་བཙུགས་ཡོད་ཟེར་ ག་ནི་བ་ཧན་ཏོང་ཏོ་སྦེ་འཐེནམ་ཨིན་པས། འདི་བཟུམ་གྱི་བཀྲ་ཤིས་པའི་གླུ་དབྱངས་འདི་ གལ་ཅན་གྱི་དུས་སྟོན་དང་འཛོམས་འདུ་ དེ་ལས་དགའ་སྟོན་རྟེན་འབྲེལ་གྱི་སྐབས་ལུ་འཁྲབ་དོ་ཡོདཔ་ཨིནམ་ད་ འཁྲབ་ཐངས་དེ་ཡང་ མི་ལྔ་དང་ཁལ་གཅིག་གི་བར་འོང་དགོཔ་དང་ གྱལ་ཕྲངམ་སྦེ་སྡོད་ཞིནམ་ལས་ རྩིས་དཔོནམོ་ཅིག་གིས་འགོ་ཁྲིད་འབད་ཐོག་ལས་ ལེའུ་འཁྲབ་སྟེ་འཐེནམ་ཨིན།

Transcript search
No results found for this search
0 of 0
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གླུ་ཡང་རྩ་བ་མི་བཙུགས། །གླུ་ཡང་ལགས་སོ་རྩ་བ་བཙུགས་ཡོད། །གླུ་ཡང་ལགས་སོ་རྩ་བ་བཙུགས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གླུ་ཡང་རྩ་བ་བཙུགས་ན། །ཉི་མ་ལགས་སོ་ཤར་གྱི་ཕྱོགས་ལ་བཙུགས་ཡོད། །ཉི་མ་ལགས་སོ་ཤར་གྱི་ཕྱོགས་ལ་བཙུགས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    ཤར་ན་རྡོ་རྗེ་སེམས་དཔའ། །གླུ་ཡང་ལགས་སོ་གླུ་གར་ལས་སྒྱུར་སོང་། །གླུ་ཡང་ལགས་སོ་གླུ་གར་ལས་སྒྱུར། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གནམ་ཁ་སྐར་མ་སྨིན་དྲུག །ཆར་ཆུ་ལགས་སོ་དུས་གསུམ་རེ་བབས་སོང་། །ཆར་ཆུ་ལགས་སོ་དུས་གསུམ་རེ་བབས། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    ས་ལ་པདྨ་འདབ་བརྒྱད། །ལོ་ཐོག་ལགས་སོ་དར་དོ་རེ་ལེགས་ས། །ལོ་ཐོག་ལགས་སོ་དར་དོ་རེ་ལེགས། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གཡས་ལས་གཟིམ་ཁང་གྲུ་བཞི། །བླ་མ་བཟང་པོ་ཆོས་རེ་ལེ་གནང་ས། །བླ་མ་བཟང་པོ་ཆོས་རེ་ལེ་གནང་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གཡོན་ལས་གཟིམ་ཁང་གྲུ་བཞི། །དཔོན་པོ་བཟང་པོ་ཕྱག་མདའ་རེ་གནང་ས། །དཔོན་པོ་བཟང་པོ་ཕྱག་མདའ་རེ་གནང་། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    གཟིམ་ཅུང་ཀ་བཞི་གདུང་བཞི། །གཞོན་པ་ངེད་ཚོ་གླུ་གར་རེ་སྒྱུར་ས། །གཞོན་པ་ངེད་ཚོ་གླུ་གར་རེ་སྒྱུར།། །།