29 Dec 2015
5 min 6 sec
Video Overview
Creators:
Tibetan & Himalayan Library, 叶旦才让
This is a video of Tsering Jyid from Drongyak Village in Chentsa singing "The Sounds of Tibetan Monks Chanting." This song is part of a collection of folk songs from the Rebgong cultural area.
གླུ་འདི་ནི་དྲིན་གཟོ་བྱེད་ལུགས་མཚོན་པའི་ཨ་མདོའི་ཡུལ་གྱི་དམངས་གླུ་ཞིག་ཡིན།
གླུ་འདིའི་ཚན་པ་དང་པོའི་ནང་དུ། བན་ཆུང་ཞིག་ཡིན་ན་དབུས་གཙང་ཡུལ་ནས་མཚན་སྙན་རྒྱས་ན་ཕ་ཨ་ཁུའི་དྲིན་ལན་འཇལ་བ་ཡིན་པ་དང་། སྟག་ཤར་ཞིག་ཡིན་ན་ཡུལ་གཞན་ནས་གྲགས་པ་རྒྱས་ན་ནང་ན་ཟླའི་ལ་རྒྱ་བཟུང་བ་ཡིན་ལ། ཡང་མ་བུ་མོ་ཞིག་ཡིན་ན་གནས་ཡུལ་གྱི་མི་ཁ་ཆོད་ན་ཡུལ་ཕ་མའི་དྲིན་ལན་འཇལ་བ་ཡིན་པར་བསྟན་ཡོད། དེ་བས། གླུའི་འདིའི་ནང་དུ་བོད་མིའི་མི་ཚེའི་ལྟ་བ་ཡང་བསྟན་ཡོད།
- ༼ ཡེ་་་་་་་་ཡ་རེ་ད་ཡ་རེ། ཡ་རེ་ལེན་དགོ། གསར་བུ་ད་ལོ་ཆུང་ཉོན། ༽
- ནང་བན་ཆུང་འདོན་པ་དབུས་ན་གྲགས། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- འདི་དབུས་ནས་གྲགས་ན་སྒར་ནས་གོ ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- ཕ་བླ་མས་གོོ་ན་དྲིན་ལན་རེད། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- སྟག་ཤ་ར་ཇག་འགྲོ་རི་ན་གྲགས། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- འདི་རི་ནས་གྲགས་ན་ཡུལ་ནས་གོ ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- ནང་ན་ཟླས་གོ་ན་དྲིན་ལན་རེད། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- མ་བུ་མོའི་ལས་ཀ་གནས་ན་གྲགས། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- འདི་གནས་ནས་གྲགས་ན་ཡུལ་ནས་གོ ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- ཡུལ་ཕ་མས་གོ་ན་དྲིན་ལན་རེད། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། ། ༼ གསར་བུ་ད་ལོ་ཆུང་ཉོན། ༽