Video Overview
Kato Kyi from Sonak village in Tsekhok tells the humorous tale of a lazy man who becomes a famous fortune teller.
བརྙན་འདིར་དགོད་བྲོ་བའི་གཏམ་རྒྱུད་ཅིག་བརྗོད་ནས་མི་སྣ་གཙོ་བོ་དེའི་མ་བསྒྲིགས་རང་འགྲིག་གི་ལས་དབང་དང་དགོད་བྲོ་བའི་བྱ་སྤྱོད་བརྗོད་ཡོད།
བརྙན་འདིའི་ནང་དུ་བརྗོད་པའི་གཏམ་རྒྱུད་ནི་ཁ་མཚར་རང་བཞིན་ལྡན་པའི་ཉན་སྤྲོ་བ་དང་ཡིད་འཛིན་སླ་ཞིག་ཡིན་ལ། གནའ་གཏམ་ནང་གི་མི་སྣ་གཙོ་བོ་སྔོན་ལ་སྒྱིད་ལུག་བག་གཡེང་ཆེ་བ་ཞིག་ཡིན་པ་ཉིན་ཞིག་ཆུང་མས་བློ་རིག་ལ་བརྟེན་ནས་ཕྱིར་རུ་རི་དྭགས་རྔོན་དུ་འགྲོ་རུ་བཅུག ལམ་བར་དུ་ཁོང་གིས་གློ་བུར་དུ་སྲོག་ཆགས་སྣ་ཚོགས་ཀྱི་སྐད་ཆ་གོ་བས་དང་གཞན་གྱི་ནད་དྲག་ཏུ་བཅུག་ཐུབ་སོང་ལ། བོར་བརླག་བྱུང་བའི་དངོས་པོ་ཕྱིར་རྙེད་པ། ཐ་ན་རྐུན་མ་སུ་ཡིན་པའང་སྟབས་ལེགས་ཏེ་ཤེས་སོང་བས། ཁོ་རང་མཚན་སྙན་གྲགས་རླུང་ལྟར་རྒྱས་སོང་བ་རེད། མོ་སྟོན་ཕག་མགོ་ཞེས་པའི་གཏམ་རྒྱུད་འདིར་གློག་བརྙན་དུའང་ཕབ་བསྐྲུན་བྱས་ཡོད་ལ། བོད་མི་རྣམས་ཀྱིས་དགའ་བསུ་ཆེན་པོའང་ཐོབ་ཡོད།
这段视频讲述一位先生巧合成了算命人,在算命过程中的各种有趣的行为和各种巧合带的结果。
这段视讲述了一位算命先生是如何成为算命人,在算命过程中的各种巧合与有趣的行为。故事中的主人公本来是一位好吃懒做,懒散怠惰的人,之后妻子想了办法让丈夫出去打猎,在无意中他能听到各种动物的语言,由此他得知了别人的病因,找到了别人丢失的东西,抓到了偷东西的贼。因此他名声张扬,别人误以为是个了不起的算命先生。这段故事即有趣又有意义,也有写在小学的课本上,受到很多人的喜爱。
- བཟའ་བ་གཉིས་ཡོད་ནི་རེད།
- དེའི་བུ་སྒོར་མི་འབུད་པ་ཞིག་རེད།
- ཡུལ་ནས་ཉལ་ནས་བསྡད་ཡོད།
- འོང་ར་ནང་ལ་སྐྱག་པ་ཞིག་བཏུས་ནས།
- ཁ་སྐྱག་གིས་བཏོག་པ་རེད།
- གན་ན་ཁ་སྐྱག་གིས་བཏོག་གི་ཡོད་པས་ཁྱོད་སོང་ནས་ལྟོས།
- ཡ་ཟེར་ནས་སོང་ནས་བལྟས་དུས་མར་ཞིག་རྙེད་པ་རེད།
- ངས་མར་ཞིག་རྙེད་བྱུང་ཞེས་རྒྱུགས་ནས་ཁྱེར་ཡོང་།
- ཁྱོད་གན་འདྲ་ཞིག་ལ་འགུལ་ན་ལག་ལ་འདི་འདྲ་ཞིག་ཡོང་གི
- དེའི་ཕན་ཆད་ལ་འགུལ་ན་ཁྱོད་ཀྱི་ལག་ལ་ཅི་ཡོང་རྒྱུ་མ་རེད།
- ཁོས་འཚོལ་དུ་འགྲོ་རྒྱུ་ཟེར་ནས།
- ཁྱི་མོ་ཝ་ཁྱི་ཞིག་ཡོད་ནི་རེད།
- དེ་ཁྲིད་ནས་ཁོ་ཝ་གསོད་ཀི་འགྲོ་རྒྱུ་ཟེར།
- རྟ་ཞིག་ཡོད་པ་ཞོན་ནས།
- མེ་མདའ་ཞིག་ཡོད་པ་འཁུར་ནས།
- ཁྱི་མོ་ཁྲིད་ནས་སོང་།
- ཁོ་སོང་ནི་རེད།
- སོང་ནས་ཝ་ཞིག་ཁུང་ལ་འཛུལ་བ་ཡིན།
- འཛུལ་དུས་ཁོ་ཡིས་དེ་གསོད་རྩིས་བྱས་ནས།
- ཁོ་ཡིས་རྟ་ཁྱི་མོ་ཡི་ལྕགས་དག་སྣེ་མོར་བཏགས་ནས།
- མེ་མདའ་རྟ་ཡི་སྒབ་ཐོག་ལ་བཀལ་ཏེ།
- ཁོ་ཡི་ཞྭ་མོ་ཁྱེར་ནས་སོང་སྟེ་ཁུང་ཕྱེད་ཀ་ན་ཁུང་ཞིག་ཡོད།
- དེའི་མགོར་བཀབ།
- ཕྱེད་ཀ་ནས་གསོད་རྩིས་བྱས་པས།
- ཝ་ཁུང་ཕྱེད་ཀ་ནས་བུད་ཏེ་ཞྭ་གོན་ནས་བྲོས་སོང་།
- ཡང་བྲོས་ནས་ཁྱི་མོ་ཡིས་ཝ་བྲོས་ཐལ་ཟེར་ནས་དེའི་རྗེས་ལ་རྒྱུགས།
- ཁྱི་མོ་ཡིས་རྟ་ཁྲིད་ནས་རྟ་ཡིས་མེ་མདའ་འཁུར་ནས་བུད་སོང་།
- ཁོ་རྗེས་ལ་རྒྱུགས་ནས་སོང་ནས་ཁོ་ཡིས་གར་སོང་མ་ཤེས་པ་རེད།
- ལག་ལ་མ་ཡོང་བ་རེད།
- དེ་ནས་ཁོ་སྡོམ་ནས་སོང་དུས་སྡེ་བ་ཞིག་ལ་འཕྲད་པ་རེད།
- སྡེ་བ་དེའི་ནང་ལ་སོང་ནས།
- ཝ་ཞྭ་གོན་ཞིག་མ་རིག་གམ།
- ཁྱི་རྟ་ཁྲིད་ཅིག་མ་རིག་གམ།
- རྟ་མེ་མདའ་འཁུར་བ་ཞིག་མ་རིག་གམ་ཟེར་བས།
- འདི་ཅིག་གིས་བཟུང་ཡོད་དམ།
- འདིའི་ཁ་རས་ནས་འགྲོ་བ་རེད།
- ཝ་ཞྭ་གོན་ཞིག་གང་ན་ཡོད།
- ཁྱི་རྟ་ཁྲིད་ཞིག་གང་ན་ཡོད།
- རྟ་མེ་མདའ་འཁུར་བ་ཞིག་གང་ན་ཡོད།
- འདི་སྨྱོན་པ་ཞིག་རེད་ཟེར་ནས་ཡོང་གི་མ་བཅུག
- དེ་ནས་ཁོ་སོང་དུས་ས་རུབ་ནས་ཉི་མ་ནུབ།
- སྨྱུག་མའི་སྡོང་བོ་ཞིག་ལ་འཕྲད་པ་རེད།
- སྨྱུག་མའི་སྡོང་བོ་དེའི་ཁ་གདངས་ཡོད།
- དེའི་ཁོག་ལ་འཛུལ་བ་ཡིན།
- ཁོ་གྲང་རྒྱུ་རེད་འདོད་ནས།
- སྨྱུག་མའི་སྡོང་བོ་དེའི་མགོ་ན་སྐྱ་ཀའི་ཚང་ཞིག་ཡོད་ནི་རེད།
- ཁོ་དེའི་ཁོག་ལ་འཛུལ་དུས།
- བྱ་དང་དུད་འགྲོ་ཡི་སྐད་ཆ་གོ་བ་ཞིག་ཏུ་གྱུར།
- སྡོང་བོ་དེའི་ཉི་མ་ནུབ་ནས་ས་རུབ་དུས་ཁ་བསྡམས་པ་རེད།
- ནངས་མོར་ཉི་མ་ཤར་དུས་ཁ་གདངས་བ་རེད།
- ཁོ་དེའི་ཁོག་ལ་འཛུལ།
- འཛུལ་ནས་བསྡད་པས་ཁ་བསྡམས་པ་རེད།
- དེའི་ཁོག་ནས་བསྡད་དུས།
- ཁོའི་ཐུ་སྣེ་ཞིག་གསེང་ནས་ཕ་རོལ་ལ་ཐོན་ཡོད།
- ནངས་མོར་ནམ་ལངས་དུས་སྐྱ་ཀ་འཕུར་ནས་སོང་སྟེ།
- ཤ་རྒན་ཚིལ་རྒན་ཁ་ནང་ལ་གང་འཁུར་ནས་ཡོང་སྟེ།
- དེ་ནས་སྐྱག་ཕྲུག་ཚོ་སྡོང་མགོར་བབས་ནས།
- ཨ་མ་ཁྱོས་ལག་ལ་ཤ་དེ་གང་ནས་ཡོང་བ་ཡིན་ཟེར།
- ཨ་མའི་ལོ་ལོ་འདི་གང་ནས་ཡོང་བ་བཤད་ཉན་ནི་མ་རེད།
- ཨ་མ་ལོ་ལོ་ཁྱོས་བཤད་རོགས་ཟེར།
- དེ་བཤད་བཏང་ན་མི་ཡིས་གོ་འགྲོ་ནི་རེད།
- མིས་གོ་སོང་ན་ང་ཚོའི་ཁ་ནང་ལ་ཤ་རྒན་ཚིལ་རྒན་ཡོང་ནི་མ་རེད།
- བཤད་དགོས་ན་ཁྱོད་ཚོ་སོང་ལ།
- མི་ཨེ་ཡོད་གི་ལྟོས་ལ་ངས་ཁྱོད་ཚོར་བཤད་ཟེར།
- ཡ་ཟེར་ནས་ཁོ་ཚོ་སྡོང་མགོར་བབས་ནས་ལ་ལུང་བ་བལྟས་ནི་རེད།
- མི་མེད་དེ་སྡོང་རྩ་གན་ན་སླན་ཕྱིས་ཤིག་ཡོད་གི
- དེ་ལས་གཅིག་ཀྱང་མེད་གི་ཟེར།
- ཁོ་སྡོང་བོ་ཁོག་ནས་བསྡད་ན་གོ་བ་རེད།
- ཁྱོས་ཤོད་དང་།
- ཡ་ཟེར་ནས་འདི་རྒྱལ་བོ་ཚང་གི་བུ་གཅིག་པོ།
- རྣ་ནང་ལ་ཙག་ལྟེབ་འཛུལ་སོང་།
- དེ་སྨན་པ་བསྟེན་ན་བཀོད་པ་ཡོད་པ་མ་རེད།
- སྨན་པ་བསྟེན་ན་ཡང་དྲགས་གི་མེད།
- དེར་བློ་མེད་ལ་དེར་མི་འཕྲུལ་བཅོས་ནས་སྦྱིན་པ་བཏང་།
- དེ་ནས་ཁ་སྐྱག་ཚང་མ་ཡང་ཤ་རྒན་ཚིལ་རྒན་གྱི་སྦྱིན་པ་གཏོང་བ་རེད།
- དེ་བཤད་བཏང་ན།
- དེ་དྲགས་སྤྱད་བཤད་བཏང་ན།
- དྲགས་སོང་ན་ང་ཚོར་ཤ་རྒན་ཚིལ་རྒན་ཡོད་ནི་མ་རེད་ཟེར།
- ཨ་མ་རྒྱལ་བོ་ཚང་གི་དེ་ལྟར་སྦྱིན་པ་གཏོང་པ་རེད།
- དེ་དྲགས་སྤྱད་ཤོད་ཟེར།
- དེ་ཅི་ལྟར་དྲགས་པ་ཡིན་ཟེར།
- དེ་ཅི་ལྟར་དྲགས་པ་བཤད་ཉན་ནི་མ་རེད།
- མི་ཨེ་ཡོད་བལྟས་ནས།
- ཁོ་ཚོའི་མི་ཡོད་གི་བལྟས་རྗེས་མི་མེད་གི་ཟེར།
- ཅི་ལྟར་དྲགས་པ་རེད་ཟེར།
- དེ་ཁོ་ཚང་གི་རྣ་ནང་ལ་ཙག་ལྟེབ་འཛུལ་བ་རེད།
- དེར་ཁོ་ཚང་གི་སྒོ་ན་ཁྲོམ་ཆུ་ཕ་བོང་ཞིག་ཡོད་ནི་རེད།
- དེ་གསུས་ན་དེའི་ནང་རྒྱ་གྲོག་གསུམ་ཡོད་ནི་རེད།
- གསུམ་པོ་དེའི་སྐེ་ལ་རྐུད་པ་བརྒྱབ་ནས།
- གཅིག་འགྲོ་རུ་བཅུག་ནས་ཕྱིར་འཐེན་ན་ཙག་ལྟེབ་གསོད་པ་རེད།
- ཡང་གཅིག་འགྲོ་རུ་བཅུག་ན་ཁྲག་འཇིབ་པ་རེད།
- ཡང་དེ་ཕྱིར་ཡོང་ནས་གཅིག་འགྲོ་རུ་བཅུག་ན།
- ཡང་གཅིག་འཁུར་ནས་བུད་ཡོང་བ་རེད།
- དེ་འཁུར་ནས་བུད་ཡོང་ན་བུ་དྲགས་འགྲོ་བ་རེད།
- དེ་གཞན་གྱིས་གོ་ཉན་ནི་མ་རེད་ཟེར།
- ཁོ་ཡིས་གོ་སོང་བ་རེད།
- དེ་ནས་ནངས་མོར་ཉི་མ་ཤར་ནས་སྨྱུག་མའི་ཁ་ཕྱེ་བ་རེད།
- གདངས་ནས་ཁོ་སོང་བ་ཡིན།
- དེ་ནས་ཁོ་སོང་དུས་ལམ་ན།
- མི་ཞིག་གིས་རྟ་ཞིག་གམ་རྒོད་མ་ཞིག་ལ་ཞོན་ནས།
- རྗེས་ལ་རྟེའུ་ཞིག་དེད་ནས།
- ཐོར་རུ་རྗེས་ལ་མ་ཡོང་བར་རྗེས་མ་ཆོད་པར།
- རྗེས་ན་ཐོར་རུ་ཡིས་ཨ་མར་ང་སྒུག་ཟེར།
- ཨ་མའི་ལོ་ལོ་རྗེས་ལ་རྒྱུགས་ནས་ཤོག་ཟེར།
- ང་འགྲོ་དབང་སྲབ་ཀྱིས་མི་འཇུག་གི
- འདུག་དབང་ལྕགས་ཀྱིས་མི་འཇུག་གི
- ངའི་རྒྱབ་ན་སྒབ་ཀྱི་ངོས་ན་ཁབ་ཅིག་ཡོད་གི
- ངའི་རྒྱབ་ལ་ཁབ་ཅིག་ཟུག་བཞིན་ཡོད་ལ།
- དེ་ལེན་དབང་ཡང་མེད་གི་ཟེར།
- རྒྱུགས་ནས་ཤོག་ཟེར།
- ཁོ་ཡིས་གོ་སོང་།
- ཞོན་པ་ཞོན་ནས་འགྲོ་བ་དེའི་སྐད་ཆ་མ་གོ་བ་རེད།
- དེ་ནས་ཨ་རོད་ཨ་རོད་ཁྱོད་སྡོད་དང་།
- ཁྱོད་ཀྱི་རྒོད་མའི་རྒྱབ་ལ་ཁབ་ཀྱིས་ཟུག་བཞིན་ཡོད་ཟེར།
- ཅི་ཟེར་བ་ལ།
- རྒོད་མའི་རྒྱབ་ལ་ཁབ་ཅིག་གིས་ཟུག་པ་རེད།
- དེ་ནས་ངེད་གཉིས་ཀྱིས་བལྟ་ལ་ཟེར།
- མྱུར་དུ་སྒུར་ནས་བལྟས་དུས་ངོས་ན་ཁབ་ཅིག་ཡོད་ནི་རེད།
- ཁྱོད་རང་བཞིན་གྱི་མི་ཞིག་མ་རེད།
- ཁྱོད་ཤེས་ནི་ཞིག་རེད།
- རྒྱལ་བོ་ཚང་གི་བུ་གཅིག་པུ་ཤི་ལ་ཉེ་བས།
- ཁྱོད་དེར་འགྲོ་ཟེར་ནས་ཁོ་ཁྲིད་ནས་སོང་།
- ཁོ་ཡིས་འདོན་པ་སྔགས་གཅིག་ལས་མི་ཤེས།
- སོང་ནས་བསྡད་དུས།
- བསྔགས་དེ་བཏོན་ནས་བསྡད།
- ཉིན་ཞིག་ལ་གནོད་གཅོད་ཀྱི་སྟ་རེ་ཞིག་དགོས་ཟེར།
- ཁོའི་བུ་ཡིས་ནད་དྲགས་སུ་འཇུག་རྒྱུ་ཟེར་ནས།
- དེ་ནས་ཡ་ཟེར་ནས་གནོད་གཅོད་ཀྱི་སྟ་རེ་ཞིག་ཁྱེར་ནས།
- སྒོ་ཡི་ནོར་རྟ་ཕག་མགོ་ཟེར་བ་ཞིག་ཡོད།
- དེ་ཁོ་ཡི་ལག་ཆ་རེད།
- དེ་ཁྱེར་ནས་སོང་སྟེ་ཕ་བོང་དེར་བརྒྱབ་པས།
- ཁྱོད་ཚོའི་འདི་གསུས་དང་།
- ཡ་ཟེར་ནས་ཚང་མའི་ཕ་བོང་དེ་གསུས་ནི་རེད།
- ཕ་བོང་དེ་གསུས་ནས་དེའི་ནང་ན་རྒྱ་གྲོག་གསུམ་ཡོད་ནི་རེད།
- གྲོག་མ་གསུམ་ཡོད་ནི་རེད།
- གྲོག་མ་གསུམ་པོ་བཟུང་ནས།
- ཚང་མའི་སྐེ་ལ་རས་རྐུད་བརྒྱབ་ནས།
- གྲོག་མ་གསུམ་པོ་ཁྱེར་ནས་ཡོང་སྟེ་བུ་ཡིས་རྣ་ནང་ལ་བཏང་ནས།
- གཅིག་འགྲོ་རུ་བཅུག་ནས་དེ་བསད་ནས།
- ཡང་གཅིག་འགྲོ་རུ་བཅུག་ནས་དེའི་ཁྲག་འཇིབ་ནས་ཡོང་།
- ཡང་གཅིག་འགྲོ་རུ་བཅུག་ནས་དེའི་རོ་མ་འཁུར་ནས་ཡོང་།
- བུ་དྲགས་སོང་བ་ཡིན།
- དེ་ནས་རྒྱལ་བོ་དགའ་ནས་ཁྱོད་ཅི་ཞིག་དགོས་ན།
- འབུལ་བ་ཅི་ཞིག་དགོས་ན་སྟེར་ཟེར།
- ང་ཡུལ་ལ་སོང་ནས་དྲིས་རྗེས་བཤད་ཟེར།
- ཁོ་བུད་མེད་ལ་འདྲི་རུ་ཡོང་།
- ཅི་ཞིག་ཟེར་བ་ལ།
- སྲབ་མདའ་ཅན་བརྒྱ་དགོས་ཞེས་ཤོད།
- སྣ་སྡུག་ཅན་བརྒྱ་དགོས་ཞེས་ཤོད།
- ལག་རྩ་ཅན་བརྒྱ་དགོས་ཞེས་ཤོད།
- ཡ་ཟེར་ན་ཁོ་ཡོང་ནས་ང་ལག་རྩ་བརྒྱ་དང་།
- སྣ་སྡུག་བརྒྱ་དང་སྲབ་མདའ་བརྒྱ་དགོས་ཟེར།
- དེ་སླ་མོ་ཡིན་ཏེ་ཁྱོད་ལོས་སྟེར་ཟེར་ནས།
- ཁུར་བོ་ཞིག་བཀྱག་པ་རེད།
- དེ་འཁུར་ནས་ཡུལ་ལ་ཡོང་།
- ཁྱོད་འདི་སུས་ཁྱེར་ཤོག་ཟེར་ཞེས་དྲིས་པར།
- དེ་ན་ཁྱོད་ཀྱིས་ལག་རྩ་བརྒྱ་དང་སྣ་སྡུག་བརྒྱ་དགོས་ཟེར་བ་ལ།
- ཁྱོད་སྣ་སྡུག་ཅན་བརྒྱ་ཟེར་བ་ལས།
- སྲབ་མདའ་ཅན་བརྒྱ་དགོས་ཟེར་བ་དེ།
- རྟ་བརྒྱ་དགོས་བ་ཞེས་ཤོད་ཟེར་བ་ཡིན།
- སྣ་སྡུག་ཅན་བརྒྱ་དགོས་བ་དེ།
- མཛོ་བརྒྱ་དགོས་ཞེས་ཤོད་ཟེར་བ་ཡིན།
- ལག་རྩ་ཅན་བརྒྱ་དགོས་ཟེར་བ་དེ་འབྲི་བརྒྱ་དགོས་ཟེར་བ་ཡིན།
- བླུན་པོ་ཁྱོད་ཐུག་ཆད་འདིས་ཅི་བྱེད་ཟེར།
- དེ་ནས་བསྡད་པ་ཡིན།
- དེ་ནས་ཁོ་ཡི་མཚན་སྙན་གྲགས་གྲགས་སོང་བ་རེད།
- རྒྱལ་བོ་ཚང་གི་བུ་གཅིག་པུ་དྲགས་སུ་བཅུག།
- དེ་འདྲའི་མངོན་མཁྱེན་ཅན།
- དེ་འདྲའི་ངར་བ་ཞིག་ཟེར་ནས་ཁོ་གྲགས་སོང་།
- དེ་ནས་ཉིན་ཞིག་ལ་རྒྱལ་བོ་ཚང་གི་མནའ་མ་ཞིག་ལ།
- གསེར་ནག་གི་སྡུག་གུ་ཡག་པོ་ཞིག་ཡོད་པ་དེ་བོར་སོང་།
- བོར་ནས་མ་རྙེད་པར།
- སེམས་ཅན་གྱིས་བཙལ་ནས་མ་རྙེད་པར།
- གན་ན་དེ་འདྲིའི་ངར་བ་ཞིག་ཡོད་གི
- དེའི་རྗེས་ལ་འགྲོ་དགོས་ཟེར་ནས།
- ཁོ་ཡིས་རྗེས་ལ་ཡོང་བ་ཡིན།
- རྗེས་ལ་ཡོང་ནས་ཅི་ཞིག་བྱེད་འདོད་ནས།
- ཁོས་སེམས་སྡུག་བྱས་ནས་སོང་དུས།
- ཁ་ཏ་ཞིག་གིས་ལྕི་བ་ཞིག་གི་ཐོག་ལ།
- མཆུ་མདུང་གི་རྒྱབ་ནས་འདིའི་འོག་ན་ཡོད་གི་ཟེར།
- དེ་ནས་ཡོང་དུས་ཁོས་ལྕི་བ་དེའི་ཐོག་ལ་རྟགས་རྒྱབ་ནས།
- ཉི་མ་གཉིས་གསུམ་ཞིག་ལ་འདོན་ཁ་བྱས་ནས།
- དེའི་རྗེས་ནས་ནོར་རྟ་ཕག་མགོའི་ལྕི་བ་རེ་རེ་ཐོག་ལ་རྒྱབ་ནས།
- འདི་མ་རེད་འདི་མ་རེད་གན་མ་རེད་ཟེར་ནས་སོང་དུས།
- ཁོ་ཡིས་རྟགས་རྒྱབ་ཡོད་པའི་ལྕི་བ་དེར་ཐུག་དུས།
- འདི་རེད་ཟེར་ནས་གནམ་ལ་བཀྱགས་དུས།
- གསེར་ནག་གི་སྡུག་གུ་དེའི་འོག་ན་ཡོད་པ་རེད།
- རྙེད་པ་རེད།
- ཡང་ཁྱོད་རང་བཞིན་ཞིག་མ་རེད་ཟེར་ནས།
- རྒྱུ་ནོམ་པ་ཡིད་ཚིམ་པ་ཞིག་བྱིན།
- དེ་ནས་ཡུལ་ལ་ཡོང་ནས་བསྡད།
- བསྡད་དུས་ཡང་ཁོ་སྐྲག་ནས་བསྡད།
- ཡང་རྒྱལ་བོ་ཞིག་གིས་བཙུན་མོ་ལ་ན་ནས།
- རྒྱལ་བོ་ན་ནས་འཆི་ལ་ཉེ།
- ཤི་རྒྱུ་མེད་པ་ལ་དྲགས་རྒྱུ་ཡང་མེད་པ་དེ་འདྲ་བྱས་ནས་བསྡད་ཡོད།
- ཡང་དེ་ན་དེ་འདྲའི་ངར་བ་ཞིག་ཡོད་ཟེར་ནས།
- དེའི་རྗེས་ལ་འགྲོ་ཟེར་ནས་ཁོ་ཡིས་རྗེས་ལ་ཡོང་།
- ཁོ་ཡིས་བསྔགས་དེ་བཏོན་ནས་བསྡད་པ་ལས་ཅི་ཡང་མ་ཤེས་པ་རེད།
- རྒྱལ་བོའི་ནད་རྟགས་མ་ཤེས་པ་རེད།
- ཉིན་ཞིག་བཀོད་པ་མེད་གི་འགྲོ་རྒྱུ་ཟེར་ནས།
- སྒོར་བུད་ནས་ནུབ་མོ་ཞིག་ལ་འགྲོ་རྒྱུ་ཟེར་ནས།
- རྒྱལ་བོ་ཕྱུག་པོ་ཡིན་པས།
- མཛོ་ལ་ལྡིང་འཐེན་ཡོད་པས།
- ལྡིང་མགོ་ན་མཛོ་སྔོ་ལངས་ཞིག་ཡོད།
- ཁོ་དེའི་སྣ་སྡུག་ལ་ཐོག་ནས་ཁ་སྦུབ་ཀྱིས་བརྒྱབ།
- དེ་ནས་ལངས་ནས་ཕ་རོལ་ལ་རྒྱུགས་ནས་སོང་དུས།
- དེ་ན་བྲག་ཏོ་ལོག་ལོག་ཅིག་ཡོད།
- དེའི་མགོ་ན་རྩྭ་ལོག་ལོག་ཞིག་ཡོད།
- བྲག་ཏོ་དེའི་མགོར་བུད་ནས་བསྡད་དེ།
- རྩྭ་དེ་བབས་ནས་ཁོ་ཡིས་ལྷམ་གྱི་ནང་ལ།
- ལྷམ་རྩྭ་ཞིག་བཞག་ནས་འགྲོ་འདོད་དེ།
- དེའི་ནང་ལ་ལྷམ་རྩྭ་ཞིག་བཞག་ནས།
- གང་ཞིག་ལ་འགྲོ་འདོད་ནས་འདང་རྒྱག་དུས།
- རྒྱལ་བོའི་བཙུན་མོ་ཡག་པོ་ཞིག་རེད།
- ཁོ་ཡིས་དེའི་ངོར་ཡང་ཡང་བལྟས།
- དེ་ནས་རྒྱལ་བོ་བཙུན་མོ་ཡིས་ལྕགས་ཀྱི་མཆུ་ཞིག་བསྲིང་ནས་ཡོང་སྟེ།
- ཁོས་བྲག་ཏོའི་མགོ་ན་གང་ལ་འགྲོ་དགོས་འདོད་ནས་བསྡད་དུས།
- རྒྱལ་བོའི་བཙུན་མོས་ལྕགས་ཀྱི་མཆུ་ཞིག་བསྲིང་ནས་ཡོང་སྟེ།
- མཛོ་དེས་ལྕགས་ཀྱི་ར་ཞིག་མགོར་བཞག་ནས།
- བྲག་དེའི་ནང་ནས་རྒན་མོ་མགོ་གཟེངས་ཤིག་བུད་ཡོང་།
- ཁོ་ཚོ་གསུམ་པོ་མཉམ་དུ་ཡོང་ནས།
- རྒྱལ་བོའི་བཙུན་མོས་ཨ་རོགས་གཉིས་ཀ་ཁྱོད་ཤེས་ཨེ་ཡོད་གི་ཟེར།
- ཤེས་ཡོད་གི་ཟེར།
- ཁྱོད་ཤེས་ཡོད་གི་ཟེར།
- ང་ཡང་ཤེས་ཡོད་གི
- ཁྱོད་ཅི་བྱེད་གི་ཟེར།
- ང་ལ་མིག་སྡང་གིས་བལྟ་གི་ཟེར།
- མཛོ་ལ་ཁྱོད་ཅི་བྱེད་གི་ཟེར།
- འགྲོ་དུས་ངའི་སྣ་ལ་རྡོག་རྒྱག་བྱས་ནས་བུད་ཐལ།
- ཡང་རྒན་མོ་མགོ་གཟེངས་ལ་ཁྱོད་ཤེས་ཡོད་གི་ཟེར།
- ང་ཡང་ཤེས་ཡོད་ངའི་མགོ་ཡི་རྭ་བབས་ནས་ཕ་རོལ་ལ་བཞག
- ང་ཚོ་གསུམ་པོ་ཤེས་ཡོད།
- ཡ་ང་ཚོ་ཚང་མ་ཤེས་སོང་བས་འཆོར་ས་ཡོད་རྒྱུ་མ་རེད།
- སང་ཉིན་འབྱུང་བོ་སྟོན་འཛིན་ལ་སྟོན་དགོས་རྒྱུ་རེད།
- མ་སྟོན་ན་འདུག་ས་ཡོད་རྒྱུ་མ་རེད།
- ཁོ་ཚོའི་གྲོས་བྱས་པ་ཁོ་ཡིས་གོ་སོང་།
- དེ་ནས་ནད་རྟགས་ཚོ་དེ་ཡིན་པ་རེད།
- ཁོ་ཡིས་ཤེས་སོང་།
- དེ་ནས་དགའ་ནས་ཕྱིར་ཡོང་སྟེ་ཉལ་ནས་བསྡད།
- ཕྱི་ཉིན་བསྡད་དང་དེའི་ཕྱི་ཉིན།
- དེ་རིང་ངས་རྒྱལ་བོའི་ནད་རྟགས་བསླང་ལ་འབུད་རྒྱུ་ཡིན་ཟེར།
- ཁྱེད་ཀྱི་ལྡིང་གི་མཛོ་སྔོ་ལངས་དེ་བཏགས་ནས་ཞོག་ཟེར།
- ཡ་ཟེར་ནས་མཛོ་སྔོ་ལངས་བཏག་ནས་བཞག
- དེ་ནས་ནོར་རྟ་ཕག་མགོ་ཡིས་བཙུན་མོ་ལ་བརྒྱབ་ནས།
- ཨ་རོད་འབྱུང་བོ་སྟོན་ཟེར།
- ལྕགས་ཀྱི་མཆུ་ཞིག་སྔོ་སེང་ངེར་བསྲིང་ནས་ཡོང་།
- དེ་ནས་མཛོ་དེར་རྒྱབ་ནས།
- ཨ་རོད་འབྱུང་བོ་སྟོན་ཟེར།
- ལྕགས་ཀྱི་ར་སྔོ་སེང་ངེར་བསྲིང་ནས་ཡོང་།
- རྒྱུགས་ནས་སོང་སྟེ་བྲག་ཏོ་ལ་བརྒྱབ་ནས།
- འབྱུང་བོ་སྟོན་ཟེར།
- རྒན་མོ་མགོ་གཟེངས་ཞིག་ཐོན་ནས་ཡོང་།
- ཁོ་ཚོ་གསུམ་པོ་མཉམ་དུ་བཏགས་ནས།
- རྒྱལ་བོའི་ནད་བདག་འདི་ཚོ་རེད་ཟེར་ནས་སྦྱིན་བསག་བྱས།
- དེ་ཚོ་ཚང་མ་སྦྱིན་བསག་ལ་བླུགས།
- རྒྱལ་བོ་དྲགས་སོང་།
- ཡང་དགའ་ནས་ཁོ་ལ་འབུལ་བ་བྱིན་ནས།
- ཁོ་ལ་ཡིད་ཚིམ་པ་ཞིག་བྱིན་ནས་བསྡད།
- ཁོ་ཡི་མཚན་སྙན་གྲགས་གྲགས་སོང་།
- དེ་ནས་བསྡད་པས་ཉིན་ཞིག་ལ་ཡང་།
- རྒྱལ་བོ་ཚང་ལ་རྐུན་མ་འཛུལ་ནས་བཀོལ་པ་མེད།
- རྐུན་མ་ཡིས་ཅི་བྱས་ནས་བཀོད་པ་མེད་པས།
- ཡང་དེ་ན་དེ་འདྲིའི་ངར་བ་ཞིག་ཡོད་གི་ཟེར་ནས།
- ཁོའི་རྗེས་ལ་ཐོན་པ་ཡིན།
- ཡང་དེ་ལྟར་རྐུན་མ་བཙལ་དགོས་ཟེར་ནས་བསྡད།
- བསྔགས་ཤེས་པ་དེ་བཏོན་ནས་བསྡད་དུས་མ་ཤེས་པར།
- ཅི་ཡང་མ་ཤེས་པར་བསྡད་པས།
- ཉིན་ཞིག་མི་ཤེས་འདོད་ནས།
- དགོང་མོ་སེམས་སྡུག་བྱས་ནས་གཉིད་ཀྱི་མ་ཡོང་།
- དགོང་མོ་ཉལ་དུས་གཉིད་ཀྱི་མི་ཡོང་གི་འདོད་ནས།
- གཉིད་ཀྱི་མ་ཡོང་ན་སྒོར་ཡང་ནས་ཡང་དུ་ཡོང་ནས་གཅིན་བཏང་།
- དགོང་མོར་དོ་དགོང་ཡང་གཉིད་ཡོང་ནི་མ་རེད།
- གཅིན་བཏང་ནས་འདུག་དགོས་རྒྱུ་རེད་འདོད་ནས།
- སྒོར་འབུད་ཞོར་དུ་དོ་དགོང་གཅིན་མ་ཡོང་གཉིད་ཤོག
- གཅིན་མ་ཡོང་གཉིད་ཤོག་ཟེར།
- རྐུན་མ་གཉིས་ཀྱིས་གཅིག་འོན་པ་རེད།
- གཅིག་འོན་པ་མ་རེད།
- ཁོ་གཉིས་ར་ཡི་འོག་ན་བསྡད་ཡོད་པས་གོ་སོང་།
- དེ་ནས་གཅིག་གིས་ངེད་གཉིས་ཤེས་ཡོད་གི
- ཅི་ཟེར་ཞེས་དྲིས་པར།
- གཅིག་མ་ཡོང་གཉིས་ཤོག་ཟེར།
- གཅིག་མ་ཡོང་གཉིས་ཤོག་ཟེར།
- ངེད་གཉིས་འགྲོ་དགོས་རྒྱུ་རེད།
- ངེད་གཉིས་ཤེས་ཡོད་པ་རེད།
- ངེད་གཉིས་འགྲོ་དགོས་ཟེར།
- ཁོ་ཡིས་འདབས་ལ་ཐོན་ཡོང་།
- ངེད་གཉིས་ཡོང་ཡོད་ཟེར།
- དེ་ནས་ཁོ་ཡིས་བཟུང་ནས་ཡང་ཤེས་སོང་།
- དེ་ནས་ཁོ་གཉིས་ཀྱིས་མགོར་རྟགས་བརྒྱབ་ནས།
- ཁྱོད་གཉིས་བུད་ལ་སོང་།
- རྗེས་ནས་ངས་འཚོགས་ཟེར་དུས་ཁྱེད་གཉིས་ཡོང་དགོས་ཟེར།
- ངས་ཁྱེད་གཉིས་ལ་རྟགས་བརྒྱབ་ཡོད།
- ཁྱོད་གཉིས་འཆུག་ས་ཡོད་ནི་མ་རེད་ཟེར།
- ཤོར་ས་ཡོད་ནི་མ་རེད།
- ཡ་ཟེར་ནས་བུད་སོང་།
- རྗེས་ནས་ཡང་ཉིན་ཞིག་ལ་སེམས་ཅན་ཐམས་ཅད་འཚོགས་ལ།
- ངས་རྒྱལ་བོ་ཚང་གི་རྐུན་མ་འཛིན་དགོས་ཟེར་ནས།
- སེམས་ཅན་འཚོགས་སུ་བཅུག་ནས།
- ནོར་རྟ་ཕག་མགོ་ཞིག་གིས་བརྒྱབ་ནས།
- འདི་མ་རེད་འདི་མ་རེད་སོང་ནས།
- ཁོ་ཡིས་རྟགས་བརྒྱབ་ཡོད་པའི་མི་གཉིས་ལ་ཐུག་དུས།
- འདི་གཉིས་རེད་ཟེར་ནས་བཟུང་བ་རེད།
- ཡང་རྐུན་མ་བཟུང་བ་རེད།
- ཁོ་ཡི་མཚན་སྙན་གྲགས་གླིང་ལ་བཀྲམ་སོང་།
- ཕྱུག་པོ་ངོ་མ་ཞིག་ཏུ་གྱུར་སོང་།
- ཁོ་ལ་སེམས་ཅན་གྱིས་འབུལ་བ་བྱིན་ནས།
- ཁོ་ངར་བ་ཞིག་ཏུ་གྱུར་ནས་སྐྱིད་པོ་བྱས་ཏེ་བསྡད།