Skip to main content Skip to search
26 Apr 2019
6 min 14 sec
Video Overview
Creators: 
Dradul Dorjay, Tsegona

Zhé, or song, is type of art representing traditional literature, and it often holds the essence of  traditional oral literature.

གཞས་ནི་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ་དམངས་ཁྲོད་རིག་གནས་ཁྲོད་ཀྱི་ངག་རྩོམ་གྱི་ཉིང་བཅུད་ཀྱང་ཡིན།

གཞས་ལ་མིའི་ནང་སེམས་ཀྱི་ཚོར་བ་དང་དེའི་འགྱུར་ལྡོག མི་དང་རང་བྱུང་ཁམས་བར་གྱི་ཁ་བརྡ་སོགས་མཚོན་ཐུབ་པའི་ནུས་པ་ལྡན་པ་དང་།  གཏམ་དཔེ་དང་ཡུལ་སྲོལ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་རིག་གནས་ཤིག་གི་ཉིང་བཅུད་མཚོན་ཐུབ་པའི་ནུས་པའང་ཡོད།  བོད་གཞས་ལ་དབྱེ་ན་དམངས་གཞས་དང་།  ལ་གཞས།  ལས་གཞས།  ཤགས་འགྱེད། ཀུ་རེ་མཚོན་པའི་གཞས་སོགས་མང་བོ་ཡོད་པ་དང་།  ས་ཕྱོགས་ལྟར་དུ་དབྱེ་ན་ཨ་མདོའི་དམངས་གཞས་དང་།  ཁམས་ཀྱི་དམངས་གཞས།  དབུས་གཙང་གི་དམངས་གཞས། སྟོད་གཞས།  བདེ་ཆེན་དམངས་གཞས་སོགས་མིང་གྲགས་ཆེ་བ་འགའ་ཡོད།  གཞས་ཚིག་གི་ཆ་ནས་ཕལ་ཆེ་བ་ཚིག་བཅད་ཚེག་བར་དྲུག་མ་ཅན་ཡིན།  ཁམས་ཕྱོགས་ཀྱི་ས་ཆ་ལ་ལར་གཞས་ལེན་ཞོར་དུ་འཁྲབ་པའི་ཞབས་བྲོའི་མིང་ལའང་གཞས་ཞེས་འབོད་སྲོལ་འདུག

音乐是民间文学艺术的一种形式,也是民间口头文学的精华。

通过歌曲,我们可以表达人和人之间的交往或关系,关于自然环境和一个人内心感觉的变化等。它还包含代表传统文学本质的谚语和文学。藏族歌曲有民歌、情歌、工作歌曲、对唱歌、幽默歌等多种类型。歌也可以分为地域,安多民歌,康巴民歌,卫藏民歌,或者德庆民歌等。一般来说,歌词是写在四节,每个六个字。在康巴的一些地区,同时表演歌舞也被称为歌。