Video Overview
Yarmo from Radhi Gewog, Tashigang, sings an old boedra song entitled Thrung Thrung Karmoi Luzhey (Song of a White Crane). The song is about different birds, such as white cranes, swans and the peacock. The dances are offered in front of these birds and the when the birds' right feathers flap, it is said that all the sins of the right side are cleansed. When the birds’ left feathers flap, all the sins of the left sides are said to be cleansed. Since this song has auspicious lyrics, it can be performed during religious occasions, celebrations and gatherings. This song is performed in a circular formation with around five to twenty dancers. The origin and the composer of the song are unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ལས་ ཡར་མོ་གྱི ཁྲུང་ཁྲུང་དཀར་མོའི་གླུ་གཞས་ འབོད་སྒྲ་རྙིང་ཤོས་འདི་ འཐེན་ཡོདཔ་ ཨིན་མས། གླུ་གཞས་འདི་ཡང་བྱཱ་སྣ་ཚོགས་ དཔེར་ན་ ཁྲུང་ཁྲུང་དཀརཔོ་ བྱ་ངང་པ་དང་རྨྱ་བྱ་ཕོ ཚུ་གི་སྐོར་ལས་ཨིན་མས། ཞབས་ཁྲ་འདི་ཡང་ བྱ་འདི་ཚུ་ལུ་ འཕུལཝ་ཨིན་མས། ་ བྱ་ཚུ་གི་ གཤོག་སྒྲོ་གཡསཔ་འདི་གཡབ་པའི་སྐབས་ གཡས་པའི་སྡིག་པ་ཚུ་ དགཔ་ཨིན་མས་ གཤོག་སྒྲོ་གཡོནམ་འདི་ གཡབ་པའི་སྐབས་ གཡོན་་པའི་སྡིག་པ་ཚུ་དགཔ་ཨིན་མས། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས
- Radhi
- Trashigang
- ཡར་མོ Yarmoཁྲུང་ཁྲུང་ལྟ་དཀར་མོའི་གླུ་གཞས། །བཞུགས་ཁྲི་ལྟ་རྩ་བོ་ལས་ཅིག་ཕུལ། །བཞུགས་ཁྲི་ལྟ་རྩ་བོ་ལས་ཅིག་ཕུལ། །
- ཡར་མོ་ Yarmoབཞུགས་ཁྲི་ལྟ་དགུང་གི་ཕུལ་ན། །ཁྲུང་ཁྲུང་ལྟ་གླུ་ལ་ཅིག་གསན། །ཁྲུང་ཁྲུང་ལྟ་གླུ་ལ་ཅིག་གསན། །
- ཡར་མོ་ Yarmoརྒྱ་ཡུལ་ལྟ་པདྨེའི་ཐང་ལ། །[ཚེམས་རིས་?]ལྟ་ངང་པ་ཅིག་ལ། །[ཚེམས་རིས་?]ལྟ་ངང་པ་ཅིག་ལ། །
- ཡར་མོ Yarmo[ཚེམས་རིས་?]ལྟ་ངང་པ་ལ། །གངས་ཆེན་ལྟ་བོད་ལ་ཅིག་འཕུར། །གངས་ཆེན་ལྟ་བོད་ལ་ཅིག་འཕུར། །
- ཡར་མོ་ Yarmoགཤོག་སྒྲོ་ལྟ་གཡས་པ་ལྡིངས་ཤོག །གཡས་ཀྱི་ལྟ་སྒྲིབ་པ་ཅིག་དག །གཡས་ཀྱི་ལྟ་སྒྲིབ་པ་ཅིག་དག །
- ཡར་མོ་ Yarmoགཤོག་སྒྲོ་ལྟ་གཡོན་པ་ལྡིངས་ཤོག །གཡོན་གྱི་ལྟ་སྒྲིབ་པ་ཅིག་དག །གཡོན་གྱི་ལྟ་སྒྲིབ་པ་ཅིག་དག །
- ཡར་མོ་ Yarmoགཡས་གཡོན་ལྟ་མེད་པ་ལྡིངས་ཤོག །འཛམ་གླིང་ལྟ་ས་ཐག་ཅིག་བསྐོར། །འཛམ་གླིང་ལྟ་ས་ཐག་ཅིག་བསྐོར། །
- ཡར་མོ་ Yarmoལགས་སོ་ལགས།། །།