Skip to main content Skip to search
05 Jun 2018
8 min 48 sec
Video Overview
Creators: 
Dawa Tshering

Ap Chathey from Bongo sings a local mud wall ramming song (parshing) called “Om Sa La Mani." This parshing says to have started at the time of Zhapdrung Ngakwang Namgyel’s arrival to Bhutan in the 17th century. Zhapdrung was settling in Punakha and asked an extraordinary carpenter to go in search of wood good for ramming. When the tree couldn't be found, Zhapdrung requested it be brought from Tibet. This song is performed while ramming mud walls during house construction, beating the walls to the beat of the song. 

༉  ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་ སྤར་ཤིང་བསྐུལ་ནིའི་ལམ་སྲོལ་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དུས་རབས་ ༡༧ པའི་ནང་ འབྲུག་རྒྱལ་ཁབ་ནང་བྱོན་ཞིནམ་ལས་ཚུར་དར་ཁྱབ་བྱུང་ཡོདཔ་ད་ ད་ལྟོའི་སྤར་ཤིང་འདི་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ལས་ དཔྱལ་ཐེ་གིས་བསྐུལཝ་ཨིན་མས། དེ་བསྒང་ ཞབས་དྲུང་རིན་པོ་ཆེ་ བོད་ལས་ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་སྤུ་ན་ཁ་ལུ་བཞུགས་ནི་སྦེ་ ལུང་བསྟན་བྱུང་བའི་སྐབས་ གཟིམ་ཅུང་བཞེངས་ནིའི་དོན་ལུ་ བཟོཝ་གཞན་དང་མ་འདྲཝ་ཅིག་ལུ་ སྤར་ཤིང་འཚོལ་དགོཔ་སྦེ་བཀའ་གནང་གནངམ་མས། དེ་ལས་ བཟོཝ་དེ་ ག་ཏེ་འགྱོ་སྦེ་འཚོལ་རུང་ སྤར་ཤིང་མ་ཐོབ་པར་ བོད་ལས་མར་གདན་འདྲེན་ཞུདགོཔ་ཐོན་ཏེ་ ཡར་ལས་མར་གདན་འདྲེན་ཞུ་ཡོདཔ་ལས་ ད་རེས་ནངས་པར་ སྤ་འཆམ་ནིའི་རྟེན་འབྲེལ་བརྩི་བའི་སྐབས་ སྤར་ཤིང་བོད་ལས་ཞུཝ་གསེས་འབད་ནི་ཡོདཔ་མ་ཚད་ སྤར་འཆམ་ནི་མཇུག་བསྡུའི་སྐབས་ སྤར་ཤིང་བོད་ལུ་བཀལཝ་གསེས་ སྤར་ཤིང་བསྐུལ་ཐོག་ལས་འབད་ནི་གི་ལམ་སྲོལ་ཡོད།

Transcript search
No results found for this search
0 of 0
  • ཨ་རྒས་དཔྱལ་ཐེ་
    ད་ཨིན་ན? ད་སྤར་བསྐུལ་ནི་འདི་ང་བཅས་ར་གིས་འབད་ཞིནམ་ལས་ སྔོན་མ་འབདཝ་བཟུམ་ཅིག་འབད་བ་ཅིན་ དང་ཕུ་རོགས་ཕམ་མཁསཔ་ཅན་ཚུ་གིས་འབད་ཞིནམ་ལས་སྟོན་བཞག་མི་འདི་ ད་ལྟོ་ཡང་སྲོལ་མ་ཉམས་པ་ར་ ཏེ་ག་གིས་རང་ནེམ་འབདཝ་ཨིན།
  • ཨ་རྒས་དཔྱལ་ཐེ་
    ཏེ་སྤར་འདི་བསྐུལ་བའི་སྐབས་འདི་ནང་ལུ་འབད་ཞིནམ་ད་འབད་ ད་ཅི་ང་གིས་ཞུ་དོ་བཟུམ་ཨིན། ཏེ་སྤར་ཚིག་བསྐུལ་མི་གི་མི་འདི་གཅིག་འབད་སྡོད་འོང་ ཏེ་སྤར་འཆམ་མི་ཆ་ཁྱབ་འདི་སོ་སོ་སྦེ་ རོགས་ཕོ་མོ་འདི་ཚུ་ག་ར་འབད་ཞིནམ་ད་འབད་ ཏེ་སྔོན་མ་ཀྲིག་ཀྲི་སྦེ་སྡོད་འོང་།
  • ཨ་རྒས་དཔྱལ་ཐེ་
    ཏེ་རྩ་བོ་འདི་གིས་རོགས་ ཇ་དང་ཆང་འདི་ཚུ་རོགས་ མ་བཏུབ་བཏུབ་སྦེ་ ཏེ་ག་ར་ཅ་ལ་འགྲིགས་ཏེ་འབད་ཞིནམ་ལས་ ཏེ་རྟེན་འབྲེལ་འདི་ཚུ་མ་བཏུབ་བཏུབ་སྦེ་འགྲིགས་བཞག་འོང་། འདི་ནང་ལུ་ང་བཅས་ར་གིས་འབད་ཞིནམ་ལས་ ང་བཅས་ར་ག་ར་རྩ་བོ་འདི་གིས་ ཏེ་སྤ་ཟེར་ ང་བཅས་ར་གི་ཚེ་བཀལ་པའི་མགུ་མཇུག་ལུ་ཏེ་ དེ་ལས་སྡོད་ནི་གི་ཁྱིམ་ཨིན་ཕ་ཁྱིམ་མ་ཁྱིམ་ཨིན།
  • ཨ་རྒས་དཔྱལ་ཐེ་
    ད་འདི་ནང་ལུ་ མ་བཏུབ་བཏུབ་སྦེ་ཆོག་སྒྲིག་བཀལ་དགོ་ཟེར་ ཏེ་ཆོག་སྒྲིག་བཀལ་ཏེ་ ཇ་དང་ཆང་འདི་ཚུ་ ཏེ་བཞུགས་གྲལ་ཕུན་སུམ་ཚོགཔ་སྦེ་ར་འབད་ མ་བཏུབ་བཏུབ་འབད་ར་ནེམ་འབད་སྦེ་ ཏེ་དེ་ལས་ཟ་མི་ཚར་འཐུང་མི་ཚར་སྦེ་ར་ ཏེ་ཆོག་སྒྲིག་བཀལ་སྦེ་ར་སྡོད་འོང་།
  • ཨ་རྒས་དཔྱལ་ཐེ་
    ཏེ་ང་བཅས་ཡར་སྤར་འཆམ་མི་འདི་ཚུ་གིས་ ཏེ་འདི་བཟུམ་སྦེ་འབད་ཞིནམ་ལས་སྦེ་ ཏེ་དེ་ལས་ད་ཨིན་ཅིག་མེན་ཅིག་ ད་རོགས་ཀྱིས་མ་བཏུབ་བཏུབ་འབད་ཆོག་སྒྲིག་བཀལཝ་ལས་ རང་གིས་ཡང་ཏེ་འབད་ཚུགས་རུང་མ་ཚུགས་རུང་རྩ་འགེངས་ཏེ་འབད་ ཏེ་དེ་ལས་ད་སྤར་ཚིག་བསྐུལ་མི་གིས་བསྐུལ་འཆམ་མི་གིས་འཆམ་འབད་ཞིནམ་ན་ལས་ ཏེ་ད་ཆོག་སྒྲིག་བཀལ་དགོ་པས།
  • ཨ་རྒས་དཔྱལ་ཐེ་
    ཏེ་བསྐུལཝ་ད་ལུ་ ད་བསྐུལ་ཐངས་འདི་ ད་ཅི་བཟུམ་སྦེ་ར་ཨིན། དེ་འབད་ཞིནམ་ལས་ འ་ནཱི་ང་བཅས་ར་གིས་འབད་ཞིནམ་ད་སྦེ་ ཏེ་ལ་ལུ་ཅིག་གིས་ ད་རེས་གནམ་ལ་ཚེས་ཏེ་སྐར་མ་བཟང་། །ཟེར་འཐེན་མི་ཅིག་ཡང་ཡོད། ཏེ་ལ་ལུ་ཅིག་གིས་འབད་ཞིནམ་ལས་ ད་ཅི་འཐེན་མི་བཟུམ་སྦེ་ གནམ་འཁོར་ལོ་རྩིབས་བརྒྱད་སྤུབས་པའི་འོག་ཟེར་ འཐེན་མི་ཅིག་ཡང་ཡོད།
  • ཨ་རྒས་དཔྱལ་ཐེ་
    ཏེ་ལ་ལུ་གིས་ འདི་མ་ཤེས་མི་ཚུ་གིས་ ད་འགོ་བཙུགས་ད་ཞིནམ་ལས་ མགུ་འདི་ད་ཅི་བཟུམ་སྦེ་བཙུགས་དགོཔ་མམ། ད་མཇུག་ལས་ཕར་འདི་རང་གི་སེམས་ཁར་ག་འོང་མི་འདི་ ག་དེམ་ཅིག་སྦེ་འཇའ་ཚིག་ཡོད་མི་འདི་ ཏེ་འདི་རང་འཐེན་དེ་འབད་ཞིནམ་ལས་ འཐེན་བདའ་ནི་རང་ཨིན།
  • ཨ་རྒས་དཔྱལ་ཐེ་
    ཏེ་འ་ནཱི་འཐེན་པའི་བསྒང་ལས་ ཏེ་འཐེན་ཐངས་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ང་བཅས་ར་གི་ད་བློ་ཟེ་འཕྱདཔ་ལུ་ ཏེ་བློ་ཟེ་ནང་ག་ཡོད་མི་འདི་ག་ཧན་མི་དི་ ག་འཇའ་མི་འདི་རང་འབད་ཞིནམ་ད་སྦེ་ ཏེ་འ་ནཱི་འཐེན་ཏེ་སྦེ་ ད་དེ་ལས་ ནཱ་ལས་བསྐུལཝ་ད་ དང་པ་ཐེངས་ཕོག་གཅིགཔོ་འདི་ ད་རུང་ཡང་ཡར་ལས་མར་གྱི་ཨོཾ་ས་ལ་མ་ཎི་ ཚར་གཅིག་རང་གིས་རང་བསྐུལ་དགོ་ བསྐུལཝ་ད་ལུ་འབད་ཞིན་ད་སྦེ་ ད་ནེ་སྦེ་ར་འཐེན་དགོ།
  • ཨ་རྒས་དཔྱལ་ཐེ་
    ད་ཆ་མཉམ་རང་མར་གྲ་འགྲིག་སྦེ་སྡོད་འོང་ སྡོདཔ་ཅིག་ཕྲང་ཕྲང་རང་ ང་གིས་ཡར་ལས་སྤར་ཚིག་བསྐུལ་མི་འདི་ ཟུར་ཁར་འཚམས་སུ་ཅིག་སྦེ་སྡོད་པའི་བསྒང་ལས་ ཕྲང་ཕྲང་འདི་གིས་བསྐུལ་འོང་ ཨོཾ་ས་ལ་མ་ཎི་པདྨེ་ཆོས་ལ་ཧཱུྃ་ཧྲཱི་ཟེར་ འ་ནཱི་བསྐུལ་ཚརཝ་ཅིག་ དེ་ལས་ང་བཟུམ་སྦེ་ཁོང་གིས་ཡང་མར་ལས་ཀྱི་ སྤར་ཚིག་བསྐུལ་མི་ཆ་མཉམ་གྱིས་རང་ཤོ་གཅིག་སྦེ་བསྐུལ་འོང་། བསྐུལཝ་ཅིག་ དེ་ལས་ང་གིས་ ད་རུང་ཡར་ལས་མར་གྱི་ རང་གི་སེམས་ཁར་ག་ཅིག་འཁྲིལཝ་ཅིག་ དེ་དང་འཁྲིལ་འབད་ཞིནམ་ལས་ འ་ནཱི་སྦེ་འཐེན་སྦེ།
  • ཨ་རྒས་དཔྱལ་ཐེ་
    ཧཱུྃ་ལོ་ཡར་རི་མགོ་བླ་མའི་སྨོ་གདན་ས་ཨིན་ཡ་ཟེར་ ད་རུང་ཡང་ ནཱ་ལས་ཨོཾ་ས་ལ་མ་ཎི་འདི་བསྐུལ་འོང་ ཁོང་གིས། ཨོཾ་ས་ལ་མ་ཎི་པདྨེ་ཆོས་ལ་ཧཱུྃ་ཧྲཱི་ཟེར་ ཧཱུྃ་ལོ་མར་རི་མཇུག་དཔོན་པོའི་སྨོ་ཕོ་བྲང་ཨིན་ཡ་ཟེར་ ད་རུང་ནཱ་ལས་ ཨོཾ་ས་ལ་མ་ཎི་པདྨེ་ཆོས་ལ་ཧཱུྃ་ཧྲཱི་ཟེར་ ཧཱུྃ་ལོ་ཡར་བལྟ་ཤིག་དགུང་གི་སྨོ་རྐྱབ་ས་ལུ་ཡ་ཟེར་ ཧཱུྃ་ལོ་མར་ཁམ་ཤིང་འབྲས་བུ་སྨོ་མཉམ་ས་ལུ་ཡ་ཟེར་ ཧཱུྃ་ལོ་མར་མཚོ་སྨན་རྒྱལ་མོའི་སྨོ་ཨོམ་ཆུ་ཡོད་ཡ་ཟེར་
  • ཨ་རྒས་དཔྱལ་ཐེ་
    ཧཱུྃ་ལོ་ཕྱེ་དར་གྱིས་ཕྱེ་རུང་སྨོ་ཕྱེ་མ་བཏུབ་ཡ་ ཧཱུྃ་ལོ་དབོག་ག་ཊས་དབོག་རུང་སྨོ་དབོག་མ་བཏུབ་ཡ་ཟེར་ ཧཱུྃ་ལོ་རང་མཚོ་མ་གཅིག་གིས་སྨོ་དབོག་འདི་གིས་ཡ་ཟེར་ ཧཱུྃ་ལོ་ཡར་མཆོད་བཤམ་ཁྲ་མོ་སྨོ་ཕུལ་བཞག་གེ་ཡ་ཟེར་ ད་འ་ནཱི་སྦེ་ ཏེ་མཇུག་བསྡུ་གཏང་དགོ ཟེར་ཞུ་ནི།
  • ཟླ་བ་ཚེ་རིང་
    ཏེ་སྨོ་ཨ་པ་ ད་ཨ་ནཱི་ ཡང་ཅིན་སྤར་འདི་ཚུ་བརྡུངམ་ད་ལུ་ ད་དེ་ནང་ལུ་བཅའ་མར་གཏོགས་མི་གྱངས་ཁ་འབད་བ་ཅིན་ ག་དེ་རེ་རྩིས་འོངམ་ཨིན་ན་ལགས།
  • ཨ་རྒས་དཔྱལ་ཐེ་
    ད་བཅའ་མར་གཏོགས་མི་འདི་ ང་བཅས་ར་གི་ སྣ་ཚོགས་ཨིན་ ད་དེ་ལས་ ང་བཅས་ར་གི་མང་ཤོས་ར་ང་བཅས་ར་གི་ གཉེན་དང་ཉེཝ་འདི་ཚུ་ ད་དཔེན་མ་ཤེསཔ་བཟུམ་ཅིག་འབད་བ་ཅིན་ ང་བཟུམ་ཅིག་ཁྱིམ་རྐྱབ་པ་ཅིན་ ངེ་གི་བུ་དང་བུམོ་ཡོད་ཡུང་ དེ་ལས་ཕར་གྱི་རྨགཔ་མནའམ་དེ་ཚུ་ག་ར་ ང་རའི་ཁྱིམ་ཚང་ང་བཅས་ར་འཆམ་ཏོག་ཏོ་ཚུ་ག་ར་བཅའ་མར་གཏོགས་ཏེ་འོང་དེ་ནང་ལུ།
  • ཨ་རྒས་དཔྱལ་ཐེ་
    ཏེ་རང་གིས་ཤོག་ཟེར་ཡང་སླབ་མི་དགོ་ ཁོང་ར་གིས་ ཨའོ་ད་ནངས་པར་འབད་བ་ཅིན་ འ་ནཱི་ནང་འགྱོ་དགོ་སྨ་རེད་ ཟེར་བའི་བསྒང་ལས་ ཏེ་ཕྱི་རུ་ ཏེ་བྱ་པོད་མ་འབོཔ་ལས་ལོང་ དེ་ལསན་ཏེ་ ཁོང་གིས་ཏེ་ གཟབ་སྤྲོས་འདི་ཚུ་རྡིགས་ ཏེ་གོ་ལ་འདི་ཚེ་ག་རྔམ་སྦེ་ ལཱ་འབད་སར་བཟུམ་སྦེ་གྱོན་ནི་མེད།
  • ཨ་རྒས་དཔྱལ་ཐེ་
    མ་བཏུབ་བཏུབ་སྦེ་ ཏེ་ཕོ་རྒྱ་འདི་ཚུ་ཡང་གོ་གྱོན་ ཨམ་སྲུ་འདི་ཚུ་ཡང་དཀྱི་ར་གྱོན་ སྟོད་གོ་གསརཔ་བཙུགས་ འོང་ཇུ་གསརཔ་བཙུགས་ཏེ་འབད་ཞིན་ན་སྦེ་ དེ་ལས་ཕར་ཕོ་གིས་མོ་ལེགས་ཧིང་བལྟ་ མོ་གིས་ཕོ་ལེགས་ཧིང་བལྟ་སྦེ་ དགོད་བྲོ་སླབ་ དེ་ལས་ ང་བཅས་སྤྲོ་བ་བཏོན་ཏེ་གནམ་མེད་ས་མེད་ སྤྲོ་བ་འདི་འ་ནཱ་ལུ་བཏོན་ཏེ་འབད་ཞིནམ་ན་སྦེ་ ཏེ་འ་ནཱི་སྦེ་འགྱོ་དགོ།
  • ཟླ་བ་ཚེ་རིང་
    ཏེ་ད་འ་ནཱི་ ད་དཔེར་ན་ལུ་ ནཱ་ལས་ཕར་བཟུམ་ཅིག་ཁ་ལུ་ད་ སྤར་བརྡུང་ནི་ཟེར་འབདཝ་ད་ལུ་ད་ འདི་གི་ནཱ་ལས་ཕར་འདི་ལུ་ད་ སྤར་བརྡུང་པར་འགྱོཝ་ད་ལུ་ ཏེ་དེ་ནང་ལུ་གནསཔ་འདི་ [མགྱོནམ་འདི་ཚུ་བྱོན་ཐངས་?] ད་ག་དེ་སྦེ་ར་ཡོདཔ་ཨིན་ན་ལགས།
  • ཨ་རྒས་དཔྱལ་ཐེ་
    ད་ང་བཅས་ནཱ་ལས་ཕར་ སྤར་འཆམ་པར་འོང་དོ་ཟེར་བའི་བསྒང་ལས་ ད་མི་འདི་ཚུ་ག་ར་ནཱེམ་འབད་བའི་བསྒང་ལས་ རོགས་ནཱ་ནང་གི་ཨམ་འདི་དང་ ཁྱིམ་ནང་གི་བཟའ་དཔོན་འདི་གིས་འབད་ཞིནམ་ན་སྦེ་ ཏེ་ཡར་སྤར་འཆམ་ས་གི་ས་གོ་ནང་ལས་ཕར་སྒོ་ཁ་ལུ་ ཏེ་དེ་ལས་ རྟེན་འབྲེལ་འདི་ག་ཅི་བཞག་དགོ་ཟེརཝ་བཟུམ་ཅིག་འབད་བ་ཅིན་ དེ་ལས་ད་ བསྐལཔ་འོ་མའི་ཞོ་འདེ་ཆགས་དགོ་ཟེར་ འབད་ཞིནམ་ལས་ ལ་ལུ་ཅིག་གིས་ ཚིག་ནང་ཡང་དེ་སྦེ་འཐེན་ནི་ཡོད་རོགས་ ནེམ་འབད་ཞིནམ་ལས།
  • ཨ་རྒས་དཔྱལ་ཐེ་
    ཏེ་སྒོ་ཁར་བསང་བཏང་ དེ་ལས་ཆུ་དང་ཨོམ་སླ་བསྲེས་འབད་ཞིནམ་ད་སྦེ་ ཏེ་དང་ཕུ་གི་ཁྲོ་དང་འདི་ཚུ་ཟངས་ལེགས་ཤོམ་ཡོད་པ་ཅིན་ཨིན་མས། མེདན་ ཏེ་ད་རེས་ནངས་པར་གྱི་ཀ་ལ་རྫམ་གསརཔ་འདི་ཚུ་ལུ་ ཏེ་འ་ནི་ནང་ལུ་ཆུ་བཀང་ དེ་ལས་ ཏེ་བསང་རྫས་ཅིག་འདི་ནང་ཆག་པ་བསྡམས་འབད་སྦེ་འདི་ནང་བཙུགས་བཞག་སྦེ་ རྟེན་འབྲེལ་འདི་ནང་མངའ་འབད་བའི་བསྒང་ལས་ མར་ལས་སྤར་འཆམ་པར་འོང་མི་མི་འདི་ཚུ་གིས་ ག་ར་ཏེ་སྔོན་མ་ར་ ཁྱིམ་ནང་མ་འགྱོ་བའི་དང་པ་ར་
  • ཨ་རྒས་དཔྱལ་ཐེ་
    ཏེ་ཁྱིམ་ནང་མ་འགྱོཝ་ཅིག་གི་སྔོན་མ་སྒོ་ཁ་ལས་ ཏེ་རོགས་བསང་བཏང་བཞག་པའི་བསྒང་ལས་ ཏེ་ག་ར་ཨ་ནཱི་གིས་ ཏེ་ཕོ་རྒྱ་དང་ཨམ་སྲུ་ག་ར་འབད་ས་ཅིག་རུང་ འདི་གིས་ཏེ་ བསྐལཔ་ཨོ་མའི་ཞོ་འདེ་ཆགས་དགོ་ཟེར་བའི་བསྒང་ལས་ རྟེན་འབྲེལ་ལ་མངའ་དགོ་ཟེར་ ཏེ་ག་གིས་ར་ཨ་ནཱི་གི་ ཏེ་ཨོམ་ནང་བཙུགས་བཞག་མི་འདི་ ཨ་ཙི་རེ་ཨ་ཙི་རེ་ ཨ་ནཱི་སྦེ་ཆུ་ཕུད་གཏོར་ཡི་གཏོར་ཡི་འབད་ཞིན་ན་ལས་ ཏེ་ག་ར་རིམ་པ་བཞིན་དུ་འབད་ ཏེ་ག་ར་ཕར་ཁྱིམ་ནང་འགྱོ་འོང་།
  • ཨ་རྒས་དཔྱལ་ཐེ་
    ཏེ་ཕར་འགྱོ་བའི་བསྒང་ལས་ དང་པ་ར་ཕར་ལྷོདཔ་ཅིག་ དང་པ་ར་ཇ་ ཏེ་ཇ་དང་གཅིག་ཁར་འབད་ཞིནམ་ལས་ ཏེ་དེ་ལས་ཆང་ ཏེ་བཞུགས་གྲལ་འདི་ཚུ་ཡང་བཏང་ ཏེ་བཞུགས་གྲལ་བཏང་འབད་བའི་བསྒང་ལས་འབད་ཞིནམ་ལས་ ཏེ་དྲོ་པ་གི་བཞུགས་གྲལ་འདི་ཏེ་ག་ར་ ལ་ལུ་ཅིག་གིས་འདི་གནམ་མེད་ས་མེད་ ཤིང་འབྲས་འདི་ཚུ་ཡང་བཏང་སྦེ་མ་འདྲཝ་འབད་ནི་འདུག
  • ཨ་རྒས་དཔྱལ་ཐེ་
    རོགས་ཅ་ལ་ཚུད་མི་གིས་འདི་ མ་ཚུད་མི་གིས་ ད་ང་བཅས་ར་ཇ་གི་ཤུལ་ལས་ བཞུགས་གྲལ་ཅིག་བཏང་སྦེ་ཞིནམ་ལས་ དེ་ལས་ཏེ་ བཞུགས་གྲལ་བཏང་ཚར་ཞིནམ་ལས་ ཏེ་དེ་ལས་ལོག་སྟེ་ ག་ར་ལོག་སྟེ་ཡར་འགྱོ་བའི་བསྒང་ལས་ ཏེ་རོགས་ཡར་ སྤར་འཆམ་ས་གི་ས་གོ་འདི་ག་ཏེ་འབད་རུང་འདི་ནང་ལུ་འགྱོ།
  • ཨ་རྒས་དཔྱལ་ཐེ་
    ཏེ་སྤར་འཆམ་ས་གི་ས་གོ་འདི་ནང་འགྱོ་སྟེ་འབད་ཞིནམ་ད་ ག་ར་ཡར་འགྱོ་བའི་བསྒང་ལས་ ད་དེ་ལས་ཆ་མཉམ་ར་ཡར་ས་གོ་དེ་ནང་ལྷོད་འབད་བའི་བསྒང་ལས་ ཏེ་དེ་ལས་ཉི་མ་གི་ ཁོང་ར་ཆ་ཁྱབ་ཀྱིས་ཉི་མ་གི་གསོལཝ་ཅ་ལ་སྒྲིག་སྡོད་འོང་ བཞེས་སྒོ་འདི་ཚུ་གི་ཅ་ལ་བསྒྲིགས་ཏེ། དེ་འབདཝ་ད་ ད་ཡར་ལྷོད་པའི་བསྒང་ལས་འདི་ ཉེཝ་འདི་ཚུ་གིས་ ལ་ལུ་ཅིག་གིས་ད་ ཇ་ཆང་འབག་འོང་ནི་ཡོད།
  • ཨ་རྒས་དཔྱལ་ཐེ་
    དེ་ལས་ཇ་འཐུང་ དེ་ལས་ ཆང་ཕུད་ ཆང་འབག་འོང་པ་ཅིན་ ཆང་ཕུད་འདི་གཏོར་ར་གཏོར་དགོ་ དེ་ལས་ཏེ་ཆང་ཕུད་གཏོར་ཏེ་ར་གཏང་དགོ་ ཏེ་དེ་སྦེ་འབག་འོངམ་ཅིག་ ཨ་ཁྱོད་འབག་འོང་ནུག་ཟེར་ རྩ་བར་སྡོད་དེ་མ་པ་ལས་འཐུང་ནི་མེད། དེ་ལས་རྩ་བར་སྡོད་དེ་འཐུང་ནི་མེད་ ག་ར་རོགས་ལོངམ་ལོང་ས་རང་ཆང་ཕུད་འདི་གཏོརཝ་འབདཝ་ཅིགན་ ཏེ་ཆང་འདི་འཐུང་།
  • ཨ་རྒས་དཔྱལ་ཐེ་
    དེ་ལས་ད་རུང་ རོགས་འབད་རུང་བཞུགས་གྲལ་གཏང་འོང་རོགས་ ཆ་མཉམ་རེ་རེ་བཞིན་དུ་འབད་ ད་གཉེན་དང་ཉེཝ་ག་དེམ་ཅིག་ཡོདཔ་ཅིག་ དེ་ཚེ་ཉིནམ་གཅིག་ལུ་ ཏེ་ཟ་ཚར་མི་ཚར་སྦེ་གཏང་ནི་ར་ཨིན། ཏེ་ལ་ལུ་གིས་ ཏེ་བསུ་ཇ་འབྲས་སེར་སྦེ་བཟོ་འབག་འོང་ནི་འདུག ཏེ་རྟེན་འབྲེལ་ལུ་མངའ་སྟེ་འབད་ཞིནམ་ད་སྦེ་ ཏེ་ཆོག་སྒྲིག་འདི་ཨ་ནཱི་སྦེ་བཀལ་འགྱོ་དགོ་ ཟེར་སླབ་ནི་ཨིན། བཀའ་དྲིན་ཆེ།
  • ཟླ་བ་ཚེ་རིང་
    ལགས་སོ་ལགས། ཏེ་ཨ་ཞང་གིས་ གནམ་མེད་ས་མེད་ཏེ་རྒྱས་ཤིང་རྒྱསཔ་སྦེ་ར་ ང་བཅས་ར་སྔར་སྲོལ་ལམ་ལུགས་འདི་ཚུ་གི་སྐོར་ལས་ ཏེ་མ་བཏུབ་བཏུབ་སྦེ་ར་ ཏེ་ལྷག་པར་དུ་ང་བཅས་ཁྱིམ་འདི་ཚུ་རྐྱབ་འབདཝ་ད་ལུ་ རང་ལུགས་ཀྱི་ཐོག་ལས་ སྤར་འདི་ཚུ་ག་དེ་སྦེ་བརྡུང་ནི་ཨིན་ན་ འ་ནཱི་གི་སྐོར་ལས་ ནཱ་ཨ་ཞང་གིས་མ་བཏུབ་བཏུབ་སྦེ་ར་གསུངས་གནང་མི་འདི་ལུ་བཀའ་དྲིན་ཆེ་ ཟེར་ཞུ་ནི།
  • ཨ་རྒས་དཔྱལ་ཐེ་
    ལགས་སོ་ བཀའ་དྲིན་ཆེ།། །།