Skip to main content Skip to search
27 Jan 2016
3 min 8 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Alo is a sad kind of song that originated in the eastern part of Bhutan. When men were serving the army, for instance, the women left behind with their kids used to sing alos. In the past, the government periodically recruited in the villages men between the ages of thirty and sixty.  Dokami from Nobgang village in Punakha shows how women carrying their kids on their backs sing this kind of song. They would spin yarn and do other kinds of work, singing alo songs. These songs’ titles always contain the term "alo" in them, but it never appears in the lyrics, which are very sad. Before there was only one tune, today there are two different tunes to which alos are sung. 

 

ཡོངས་གྲགས་ལུ་ ཤར་ཕྱོགས་པའི་ཨ་ལོ་ཟེར་ སླབ་སྲོལ་ཡོད་མི་གི་གླུ་གཞས་ སེམས་སྐྱོ་བའི་གནས་སྟངས་ནང་འཐེན་སྲོལ་ཡོད་པའི་གླུ་གཞས་འདི་ རྡོ་བཀག་མི་གིས་འབད་རུང་ ཨ་ལོའི་གླུ་གཞས་ཀྱི་འབྱུང་ཁུངས་དེ་ ཤར་ཕྱོགས་ཁ་ཐུག་ལས་རང་ བྱུང་བྱུངམ་འཚམས་ཅིག་སྦེ་ར་བཤདཔ་ཨིན་པས། དེ་ཡང་ ཧེ་མ་ ཕོ་རྒས་སྐྱེས་ལོ་༦༠ མན་ཆད་དང་ ༣༠ ཡན་ཆད་དམག་མི་འཐུ་སྦེ་འགྱོཝ་ད་ལུ་ གཡུས་ཁ་ལུས་མི་ཨམ་སྲུ་ཚུ་ ཨ་ལོ་འབག་ ཡོགཔོ་ལག་པར་བཤེད་སྦེ་ སྐུདཔ་འཁལ་ཡི་རང་ དེ་སྦེ་འཐེན་འཐེནམ་ཨིན་ཟེར་ དཔེ་དང་སྦྲགས་ཏེ་འཐེནམ་ཨིན་པས། སྤྱིར་བཏང་གླུ་གཞས་ཀྱི་མིང་ལུ་ ཨ་ལོའོ་ཟེར་སླབ་ཨིན་རུང་ རྡོ་བཀག་མི་གིས་འཐེན་དོ་བཟུམ་སྦེ་ ཨ་ལོ་ཟེར་བའི་ཚིག་མེད་རུང་ སྐྱོ་སི་སི་གི་ཚིག་ཚུ་བཙུགས་ཏེ་འཐེན་ནི་ཡོད། ཨ་ནི་འབདཝ་ད་ གདངས་ཀྱི་ཐད་ཁར་ ལྷམ་པ་གཉིས་སྦེ་འདུག དང་ཕུགས་རྒན་ཤོས་ཚུ་གིས་འཐེནམ་ད་ མང་ཆེ་བ་གིས་ གདངས་ལྷམ་པ་གཅིག་ལས་འཐེན་ནི་མིན་འདུག ད་རེས་ནངས་པའི་ན་གཞོན་དང་ བར་ན་སྐོརམ་ཚུ་གིས་འཐེནམ་ད་ ལྷམ་པ་གཉིས་སྦེ་འཐེན་ནི་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • རྡོ་བཀག་མི་ Dokami;
    ཏེ་དེ་བསྒང་ལགས། ང་བཅས་ལགས་ ལོ་སུམ་ཅུ་སོ་གཉིས་དེ་ཅིག་འབད་བའི་བསྒང་ལུ་ ཏེ་དམག་མི་ཡོད་ཚད་གཅིགཔ་ ག་ར་བཀུགཔ་དེ་སྦེ་ ཏེ་དེ་ལས་ རོགས་ཕར་ ཤར་ཕྱོགས་ཧོངས་ལས་ཕར་ འ་ནཱི་ཚུ་ག་ར་ གནམ་མེད་ས་མེད་ ཕོ་རྒྱ་ད་ག་ར་ ལོ་དྲུག་ཅུ་འོག་མཇུག་དང་ མར་ལས་ལུ་ སུམ་བཅུ་ཡར་ལྟག་ དམག་མི་བཀུགཔ་ ཁྱིམ་ནང་ལུ་ ཕོ་རྒྱ་ཕུད་རྡོག་གཅིག་ཡང་མེད་སྦེ་ སྡོད་པའི་ནམ་དུས་ལུ།
    it was when we are at the age of 30th all the army are commanded to gather together between age 30th & 60th and left only women at home.
  • རྡོ་བཀག་མི་ Dokami;
    ཨམ་སྲུ་ཆ་ཁྱབ་ གནམ་མེད་ས་མེད་ཏེ་ སེམས་དེམ་འབད་ཞིནམ་ན་ དེ་ལས་ཏེ་ ཁོ་དམག་མི་ ཕོ་རྒྱ་ཆ་ཁྱབ་ ག་ར་དམག་ནང་འགྱོཝ་ད་ལུ་ ཏེ་ཁོང་ཨ་ལོ་ ཡར་སྒལ་པ་འབག་སྟེ༌མེན༌པ༌ཞིནམ་ན་ ལག་པ་གིས་འབག་ བལ་འཁལ་ཏེ་ ཨ་ལོ་ མར་སྐེད་པ་ལས་ཕར་བསྡམས་འབད་སྦེ་ ཏེ་ཁོང་གི་རྟིང་ཤུལ་བདའ་དེ་ཏེ་ འ་ནཱེ་སྦེ་ ཨ་ལོ་བཏང་བཏངམ་མས་ལགས།
    and all women seems so sad when their hasband leave for war and feel alone at home with children on their hand and working with cotton. started to sing a sad song after they left home.
  • རྡོ་བཀག་མི་ Dokami;
    ཨའེ་གོང་མའི་ལ་བཀའ་རྒྱ། །ཨའེ་ཕོབ་ཚེ་མ་འགྱོ་རང་ཚེ་ལ་མིན་འདུག་སྨོ། །ད་འགྱོ་ཚེ་ལ་སེམས་པ་ཨའེ་སྐྱོ་བས་སོང་ད་སྡོད་པའི་ལ་ལོ་རྒྱུད་འདི། །ལམ་ཁ་འབྱལ་ལ་གཉིས་ལུ་སླབ་ནི་སེམས་པ་སྐྱོ་སྐྱོ་ལ་མ་གཏང་ཅིག །ཧུ་ཤིག།
    ohh it was order of head, no other choice when it comes to our turn, it has got story of sadness when leave for war, got sad when we apart in diffirent direactions.so please dont get us apart.