27 Jan 2016
2 min 22 sec
Video Overview
Creators:
Sonam Chophel, Khandu, Enchung Lhamo, Jamyang Lhamo
This song is a paean song. Its composer is not known, but we know it was composed in honor of religious teachers. This song of praise can also help in motivating or encouraging human beings to accomplish religion and dharma.
སྤུ་ན་ཁ་ནོརཔ་སྒང་ལས་ རྡོ་བཀག་མི་གིས་འཐེན་མི་གླུ་གཞས་འདི་ བླ་མའི་བསྟོད་གླུ་ཟེར་ བླ་མའི་བསྟོད་གླུ་ཨིན་པའི་ཁ་ལུ་ བསྐུལ་མ་བཟུམ་ཅིག་ཡང་འདུག དེ་ཡང་ ཁྱེད་རང་རྣམ་པ་མ་ཎི་གྲོངས། འབངས་དང་འཁོར་ཡུག་ནམ་མཁའི་སྐར་མ་འདྲ། ནམ་མཁའི་སྐར་མ་བཞག་ནས་དམ་པའི་ཆོས་ལ་འགྲོ། སྤུན་དང་སྤུན་ཆ་ནམ་མཁའི་སྐར་མ་འདྲ། ནམ་མཁའི་སྐར་མ་བཞག་ནས་དམ་པའི་ཆོས་ལ་འགྲོ། ཟེར་འཐེན་ནི་འདུག འ་ནི་འབདཝ་ད་ དམ་པའི་ཆོས་བསྒྲུབ་ནི་གི་བསྐུལ་མ་བཟུམ་ཅིག་ཡང་ གླུ་གཞས་འདིའི་ཚིག་ནང་ལས་ཐོན་ནི་འདུག།
- Talo
- རྡོ་བཀག་མི Dokamiལའི་ཨོ་མོ་ཨོ་མོ་མ་ཎི་སུ་པདྨེ་ཧཱུཾ་ཡ་ལ་པདྨེ་ཧཱུཾ།
- རྡོ་བཀག་མི Dokamiལའི་ཁྱོད་རང་གཡུས་བཟང་ལ་མ་ཎི་སུ་པདྨེ་ཧཱུཾ་ཡ་ལ་པདྨེ་ཧཱུཾ།
- རྡོ་བཀག་མི Dokamiལའི་[བཞེངས་བཞེངས་?]མ་ཎི་ཞབས་དྲུང་གིས་རྐྱབ་ས་ཡོད་ཡ་ལ་རྐྱབ་ས་ཡོད།
- རྡོ་བཀག་མི Dokamiལའི་འབངས་དང་འཁོར་ཡུག་གནམ་ཁའི་སུ་སྐར་མ་འདྲ་ཡ་ལ་སྐར་མ་འདྲ་ལ། །
- རྡོ་བཀག་མི Dokamiལའི་གནམ་ཁའི་སྐར་མ་བཞག་ནས་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
- རྡོ་བཀག་མི Dokamiལའི་ཁྱོད་རང་རྣམ་པ་གཡུས་བཟང་ལ་མ་ཎི་བགྲོངས་ཡ་ལ་མ་ཎི་བགྲོངས་ལ། །
- རྡོ་བཀག་མི Dokamiལའི་བླ་མ་བཟང་པོ་ཤཱཀྱ་གི་རྒྱལ་མཚན་བཞུགས་ཡ་ལ་རྒྱལ་མཚན་བཞུགས་ལ། །
- རྡོ་བཀག་མི Dokamiལའི་ཨ་ཞེ་སྣང་ས་ང་ནི་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
- རྡོ་བཀག་མི Dokamiལའི་[སྤུན་ཟླ་?]གཉིས་ཀུ་གནམ་ཁའི་སུ་སྐར་མ་འདྲ་ཡ་ལ་སྐར་མ་འདྲ་ལ། །
- རྡོ་བཀག་མི Dokamiལའི་གནམ་ཁའི་སྐར་མ་བཞག་ནས་སུ་ཆོས་ལ་འགྲོ་ཡ་ལ་ཆོས་ལ་འགྲོ་ལ། །
- རྡོ་བཀག་མི Dokamiལ་སོགས་ལགས། །འ་ནཱི་འབད་ཕུལ་ཕུལཝ་ཨིན་མས་ལགས། ཏེ་འདི་གི་རྟིང་མ་ལུ་ ཏེ་དེ་ལས་ ཏེ་[གངས་སྟོད་?]ལུ་ ཏེ་སྟོད་ལ་མངའ་རིས་མི་ཆགས་ཟེར་མི་འདི་ ཕུལ་ཞིནམ་ལས་ དེ་ལས་འ་ནཱི་ཕུལ་ཕུལཝ་ཨིན་མས།། །།
- རྡོ་བཀག་མི Dokamiཡར་(ཤར་)ལས་སྐར་མ་ཅིག་ཤར་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiནུབ་ལས་སྐར་མ་གཉིས་ཤར་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiསྐར་མ་བརྒྱ་ཤར་སྟོང་ཤར་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiགནམ་ཁའི་སྦུག་ལུ་ཤར་བྱུང་སྣང་བ་སྐྱིད་པོ་ལགས་སོ། །
- རྡོ་བཀག་མི Dokamiལ་མོ་གཅིག་བརྒལ་གཉིས་བརྒལ་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiས་ཐག་རྒྱང་ལས་རིང་སོང་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiཨོ་ལོ་སྐྱེས་པའི་ཕ་མ་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiཧིང་གི་དཀྱིལ་ལས་དྲན་བྱུང་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiབཀྲིས་ལུང་མའི་(པའི་)ཕུག་ལས་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiགསེར་གྱི་རྒྱ་གླིང་འཕུ་བྱུང་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiགསེར་གྱི་རྒྱ་གླིང་མ་རེད་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiང་ཛོ་(ང་ཚོ་)བླ་མའི་གསུང་སྐད་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiའཇམ་ནི་ཨ་མ་འཇམ་མས་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiམ་ཡང་ལས་ཀྱིས་བསྐོས་བྱུང་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiལས་ཀྱིས་བསྐོས་པའི་མ་ཡུལ་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiང་ནི་ག་ལས་འོང་མ་(བ་)སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiགོས་ཆེན་ཁ་གང་གྲུ་བཞི་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiམེ་ཏོག་བརྒྱ་དང་རྩ་བརྒྱད་སྣང་བ་སྐྱིད་པོ་ལགས། །
- རྡོ་བཀག་མི Dokamiགོས་ཆེ་འགྱོ་ས་གཡུས་ལུ་སེར་མོ་ཁྲ་མོ་ལ་ཟེར་ན། །
- རྡོ་བཀག་མི Dokamiརི་མོ་ཡལ་ས་མི་ནུག་སྣང་བ་སྐྱིད་པོ་ལགས།། །།