Skip to main content Skip to search
05 Jan 2016
2 min 4 sec
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing "A Song for the Head of the Banquet Table." This song is part of a collection of folk songs from the Rebgong cultural area.

འདི་ནི་ཆང་བདུད་རྩི་འཐུང་ན་ཕན་ཡོན་མང་པར་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་འདིར་ཚོགས་ཁྲོམ་པའི་གྲལ་མགོ་ན་བཞུགས་པའི་ཨ་ཁུས་ཆང་བདུད་རྩི་འཐུང་ན་ཚེ་ཐག་རིང་བ་དང་།  གྲལ་སྐེད་ཀྱི་སྟག་ཤ་རས་འཐུང་ན་དཔའ་རྩལ་རྒྱས་པ།  གྲལ་རྔའི་མ་སྲུ་མོས་འཐུང་ན་ཟས་སྣ་རིང་བར་བརྗོད་དེ་བདུད་རྩི་ཆང་ལ་བསྟོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ ཡེ་་་་་ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ཞང་ཨ་དབྱངས་ཟེར་ར་གླུ་ཞིག་ལེན། ༽
  • ངས་གྲལ་མགོ་སྐོར་ར་གླུ་ཞིག་ལེན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གྲལ་མགོ་གྲལ་འདི་ཕ་ཁུའི་གྲལ།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • ཕ་ཨ་ཁུའི་འཐུང་ན་ཚེ་ཐག་རིང་།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གྲལ་སྐེད་སྐོར་ར་གླུ་ཞིག་ལེན། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གྲལ་སྐེད་གྲལ་འདི་སྟག་ཤར་གྲལ། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • སྟག་ཤ་རས་འཐུང་ན་དཔའ་རྩལ་རྒྱས། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གྲལ་རྔ་སྐོར་ར་གླུ་ཞིག་ལེན། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གྲལ་རྔའི་གྲལ་འདི་མ་སྲུའི་གྲལ། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • མ་སྲུ་མོས་འཐུང་ན་ཟས་སྣ་རིང་། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན། ། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽