Skip to main content Skip to search
02 Jan 2019
6 min 14 sec
Video Overview
Creators: 
Norbu Dradul

This song is composed by well-known author Ju Kelzang, and it extols happiness through praising the sound of the dharma, among others.

གདངས་དབྱངས་སྙན་པའི་གཞས་འདི་ནི་འཇུ་སྐལ་བཟང་ལགས་ཀྱིས་གཞས་ཚིག་བརྩམས་པའི་གཞས་ཤིག་ཡིན།གཞས་ལས་ཕྱུགས་ཀྱི་འཕེལ་ཁ་དང་བུང་བུའི་མགྲིན་གླུ།ཆོས་སྒྲ་སོགས་བདེ་སྐྱིད་ཀྱི་དཔལ་ལ་བསྔགས་ཡོད།གཞས་ཚིག་གི་ཚན་པ་རེ་རེ་ནི།ཨ་སྔོན་དབྱིངས་ནས་ཆར་སྤྲིན་འཁྲིགས།།ཆར་སྤྲིན་ནང་ནས་འབྲུག་སྒྲ་སྒྲོག།འབྲུག་སྒྲ་གྲགས་ནས་སྦྲང་ཆར་འབབ།།སྦྲང་ཆར་བབས་ནས་རྩི་ཏོག་འཁྲུངས།།རྩི་ཐོག་འཁྲུངས་ནས་སྒོ་ཕྱུགས་འཕེལ།།སྒོ་ཕྱུགས་འཕེལ་ནས་དབུ་ནག་སྐྱིད།།དོག་མོ་ས་ནས་རྩི་ཤིང་སྐྱེས།།རྩི་ཤིང་རྩེ་ནས་ལོ་མ་བཞད།།ལོ་མའི་དབུས་ནས་མེ་ཏོག་འཁྲུངས།།མེ་ཏོག་ཚལ་ནས་བུང་བ་ལྡིང་།།བུང་བ་ལྡིང་ནས་མགྲིན་གླུ་ལེན།མགྲིན་གླུ་བླངས་ནས་དབུ་ནག་སྐྱིད།།རྒྱ་མཚོའི་དབུས་ནས་སྡོང་པོ་སྐྱེས།།སྡོང་པོ་རྩེ་ནས་པད་མ་བཞད།།པད་མའི་དབུས་ནས་གེ་སར་ལྡེམ།།གེ་སར་རྩེ་ནས་སངས་རྒྱས་འཁྲུངས།།སངས་རྒྱས་འཁྲུངས་ནས་ཆོས་སྒྲ་སྒྲོགཆོས་སྒྲོག་སྒྲོག་ནས་དབུ་ནག་སྐྱིད།།

是诗人居·格桑所作的一首诗歌,其中对牲畜的增长和蜜蜂的歌唱,以及诵经声进行了歌颂。

歌词:天上聚乌云,雷声彻大地,降下细小雨,地上草木旺,牛羊得增长,藏人心欢喜;大地生草木,草木繁叶增,叶中花儿开,花中蜜蜂飞,蜜蜂唱赞歌,歌中藏人欢;海中长大树,树上开妙莲,莲中花蕊妙,蕊中诞佛陀,佛陀宣教法,法中藏人喜。