Skip to main content Skip to search
06 Jul 2018
9 min 13 sec
Video Overview
Creators: 
Rinchen Dorji

Lady Pema Seldon of Tsangkha Village sings the Mangdepi Zhem (Song Dance Performed by the Ladies of Trongsa). Bhutan recognizes three kinds of zhems: Mangdepi Zhem (Trongsa), Talpoi Zhem (Punakha) and Dagapi Zhem (Dagana). Each has a unique tune and is not performed in other parts of the country. Lady Pema Seldon chose to sing this particular zhem, Mijay Tshoje, is one of the most precious and beautiful zhems. It is performed during Trongsa Tshechu, Drupchen and during high profile visits to Trongsa District. Each zhem has specific tunes and steps and is always led by a woman; her role is called the tsepön.

༉  ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ ཚངས་ཁ་གཡུས་ཚན་ལས་པདྨ་གསལ་སྒྲོལ་གྱིས་ དང་ཕུའི་མང་སྡེ་པའི་གཞསམོ་འདི་འཐེནམ་ཨིནམ་ད་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཀྲོང་གསར་མང་སྡེ་པའི་གཞསམོ། སྤུ་ན་ཁ་སྟོད་པའི་གཞསམོ། དར་དཀར་པའི་གཞསམོ་ཟེར་ ལྷམ་པ་གསུམ་དེ་ཅིག་འདུག གཞས་དང་གཞསམོ་ཚུ་ལུ་ ལེའུ་དང་གོམ་སྤོ་ཐངས་མ་འདྲཝ་སྦེ་ཡོདཔ་ལས་ ཁྱད་དུ་འཕགསཔ་སྦེ་བརྩིཝ་ཨིནམ་ད་ གཞས་དང་གཞསམོ་འདི་ རྫོང་ཁག་དག་པ་རེ་ནང་མ་གཏོགས་ རྫོང་ཁག་ག་རའི་ནང་རྐྱབ་སྲོལ་མིན་འདུག པདྨ་གསལ་སྒྲོལ་གྱིས་ད་ལྟོ་འཐེན་མི་ མི་རྗེ་ཆོས་རྗེ་ཟེར་མི་གཞསམོ་འདི་ གནམ་མེད་ས་མེད་ཁྱད་དུ་འཕགསཔ་ཅིག་ཨིནམ་སྦེ་འདུ་ཤེས་བསྐྱེདཔ་ཨིནམ་ད་ གཞསམོ་འདི་ཀྲོང་གསར་ཚེས་བཅུ་དང་སྒྲུབ་ཆེན་ དེ་ལས་ཀྲོང་གསར་ལུ་དཔོན་ཁག་ཚུ་བྱོན་པའི་སྐབས་རྐྱབ་ཨིན་མས། གཞསམོ་རེ་རེ་ལུ་ ལེའུ་དང་རྐངམ་གྱི་གོམ་སྤོ་ཐངས་སོ་སོ་སྦེ་ཡོདཔ་ད་ ཨམ་སྲུ་རྩོད་དཔོནམོ་ཅིག་གིས་འཁྱིད་དེ་རྐྱབ་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ང་གཡུས་འདི་ཚང་ཁ་ལས་ཨིན་ལགས། ཏེ་ང་གི་མིང་འདི་ ཨམ་པདམ་གསལ་སྒྲོན་ཟེར་སླབ་ཨིན་ལགས། ཏེ་ང་ཞབས་ཁྲ་འདི་ ཨ་ནཱི་ང་བཅས་མང་སྡེ་པའི་གཞསམ་རང་ཟེར་ མི་རྗེ་ཚོ་རྗེ་ཨ་ནཱི་ལུ་ཆ་བཞགཔ་ཨིན་ལགས། ག་ཏེ་ར་འབད་རུང་གཞསམ་ཟེར་ མང་སྡེ་པའི་གཞསམ་ཅིག་ཡོད། ང་འ་ནཱི་ཚར་གཅིག་འཐེན་བལྟ་གེ་ལགས།
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ཡ་གི་གསེར་རིའི་བུ་མོའི་གཞས་གླུ། །སྐུ་འཁྲུངས་བ་ཡ་མཁའ་འགྲོ་གཡུས་ལུ་འཁྲུངས་ཡ། །
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ང་མཁའ་འགྲོ་གཡུས་ལུ་[བཙུགས་སྒོ་?]ཕུལ། །ཡ་རྒྱ་ནག་ཡ་རྒྱལ་པོ་མཆོད་རྟེན་བཞེངས་ཡ། །
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ཕྱི་བལྟ་ཚེ་བཀྲ་ཤིས་སྒོ་མང་ཡ། །ནང་སངས་རྒྱས་ཡ་སྟོང་གི་ཕོ་བྲང་བཞེངས་ཡ། །
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ཕྱག་གཡས་པ་གསེར་གྱི་བུམ་པ་བསྣམས། །ཕྱག་གཡོན་པ་ཡ་གསེར་གྱི་བུམ་པ་འདི་ཡ། །
  • ཨམ་པདྨ་གསལ་སྒྲོན་/ Pema Seldon:
    ཕུགས་གསེར་དང་གསེར་བའི་ཁས་ལེན་ཡ།། །།