Video Overview
This is a video of Tashi Tsomo from Yak Village in Chentsa singing a song called "The Song of the Forest." This song is part of a series of folk songs from the Rebgong cultural area.
- ༼ ཡེ་་་་་་་་ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- གླུ་སིངས་སིངས་རྒྱ་རྫོང་ནགས་ནས་ལེན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- བྱ་ཁུ་བྱུག་གསུང་སྐད་སྙན་སེ་སྙན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- ནགས་མེ་ཏོག་སྐྱེས་པའི་རྟེན་འབྲེལ་ལ། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- ལུས་ལང་ཚོ་དར་བའི་གླུ་ཞིག་ལེན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- གླུ་སིངས་སིངས་རྨ་ཀླུང་འགྲམ་ནས་ལེན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- ཉ་གསེར་མིག་གཤོག་རྩལ་འཁྱུགས་སེ་འཁྱུགས། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- ཆུ་ལྷུང་ལྷུང་འབབ་པའི་རྟེན་འབྲེལ་ལ། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- རྒྱུ་ལོངས་སྤྱོད་འཛོམས་པའི་སྨོན་ལམ་འདེབས། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- གླུ་སིངས་སིངས་ཁྲོམ་ཆེན་གྲལ་ནས་ལེན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- ནང་ཕུ་ནུ་དགོད་སྒྲ་ལྷངས་སེ་ལྷངས། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- དཀྱིལ་ཇ་ཆང་འཛོམས་པའི་རྟེན་འབྲེལ་ལ། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- རྒྱུ་ལོངས་སྤྱོད་འཛོམས་པའི་གླུ་ཞིག་ལེན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། ། ༼ ཤེ་ཡ་རེ་གླུ་བ་ལོ་ལོ། ཡ་རེ་ལེན་དགོ ༽