Skip to main content Skip to search
29 Dec 2015
1 min 32 sec
Video Overview
Creators: 
Tibetan & Himalayan Library

This is a video of Tsethar Bum from Yonru Village in Chentsa singing "A Song of Entrustment." This song is part of a collection of folk songs from the Rebgong cultural area.

འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། སྟོན་མོ་སོགས་ཀྱི་སྐབས་སུ་བུ་མོར་བཅོལ་གདམས་བྱེད་པའི་གླུ་ཞིག་ཡིན།

དུས་རྒྱུན་གཉེན་སྟོན་གྱི་སྐབས་སུ་ཨ་ཞང་དང་ཕ་ཁུ་རྣམས་ཀྱིས་བུ་མོ་བཅོལ་གདམས་བྱེད་པའི་སྲོལ་ཡོད་ལ། དོན་གྱི་ཆ་ནས་བུ་མོ་ལོ་ཆུང་ཡིན་པས། ལག་ལས་ཀ་དང་གང་ཅིའི་ཐད་ནས་ཉམས་མྱོང་ཞན་པ་དང་། གནས་ཡུལ་གྱི་ཨ་མས་བུ་མོར་སྡང་སྡིགས་མི་སྟོན་པར་ཁ་ཏ་སློབ་གསོ་དང་། མཛུབ་སྟོན་བྱེད་དགོས་པར་སྐུལ་ཡོད།

Transcript search
No results found for this search
0 of 0
  • ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
  • དགུང་སྔོན་པོ་ཞིག་ལ༼དུང་ལོ་ལོ་གླུ་རེ་ལེན༽བཅོལ་རྒྱུ་ཡོད། །
  • འབྲུག་ཕོ་ཆུང་ད་རུང༼དུང་ལོ་ལོ་གླུ་རེ་ལེན༽ན་ཆུང་རེད། །
  • དབྱར་ཆར་ཆུའི་ཚད་ལ༼དུང་ལོ་ལོ་གླུ་རེ་ལེན༽ཉམས་རེ་ཞོག །
  • ཁྱིམ་འདི་བ་ཚང་ལ༼དུང་ལོ་ལོ་གླུ་རེ་ལེན༽བཅོལ་རྒྱུ་ཡོད། །
  • ངའི་སྲིང་ཆུང་ད་རུང༼དུང་ལོ་ལོ་གླུ་རེ་ལེན༽ལོ་ཆུང་རེད། །
  • ལག་ལས་ཀའི་ཐད་ལ༼དུང་ལོ་ལོ་གླུ་རེ་ལེན༽ཉམས་རེ་ཞོག །