Skip to main content Skip to search
05 Sep 2018
8 min
Video Overview
Creators: 
Rinzin Dema

The ladies of Katsho Geowg perform two bodra songs during the Haa Festival. The dance style is distinctive to bodra songs. The dance begins with one song but this song will be performed for only a stanza and then the main performance will be of another song, which will be fully performed. These two songs consist of religious lyrics, which is why people preform them during special occasions, celebrations, and gatherings. To make the performances more presentable and entertaining, people dress themselves uniformly with different dance steps just like the one in this clip.

༉  ཧཱ་རྫོང་ཁག་ དཀར་མཚོ་རྒེད་འོག་གི་ ཨམ་སྲུ་ཚུ་གིས་ ཧཱ་ཚེས་བཅུའི་སྐབས་སུ་ བོད་སྒྲའི་གླུ་གཞས་ ཟམ་པ་མི་བཙུགས་ཟེར་མི་འདི་ འཐོན་འཆམ་དང་བཅསཔ་སྦེ་འཁྲབ་སྟེ་འདུག ཞབས་བྲོ་འདི་ ཟམ་པ་མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་གསེར་གྱི་ཟམ་པ་བཙུགས་ཟེར་ གསེར་གྱི་ཟམ་པ་སྤྲིངས་ཞིན་ན། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །མཚན་ལྡན་བླ་མའི་འབྱོན་ལམ་བཟང་རེད་ཟེར་ གསེར་གྱི་ཟམ་པ་འདི་མཚན་ལྡན་བླ་མ་འབྱོན་པའི་འབྱོན་ལམ་ཨིན་ཟེར་ མཚན་ལྡན་བླམ་དང་ དབང་ཆེན་དཔོན་པོ་ དེ་ལས་ཡབ་ཆེན་ཨ་པ་ དེ་བཟུམ་གྱི་སྐུ་ཆེནམོ་ཚུ་ལུ་གུས་བཏུད་ཀྱི་ཚུལ་སྦེ་ཕུལ་བའི་གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    དགུང་སངས་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ན་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་ཅུང་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གངས་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ན་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་ལ་གསེར་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་ལ་གསེར་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གསེར་གྱི་ལ་ཟམ་པའི་(ཟམ་པ་)སྤྲིངས་ཞིན་ན། །གསེར་གྱི་ལ་ཟམ་པའི་(ཟམ་པ་)སྤྲིངས་ཞིན་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །མཚན་ལྡན་ལ་བླ་མའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །མཚན་ལྡན་ལ་བླ་མའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་ལ་དངུལ་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་ལ་དངུལ་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    དངུལ་གྱི་ལ་ཟམ་པའི་(ཟམ་པ་)སྤྲིངས་ཞིན་ན། །དངུལ་གྱི་ལ་ཟམ་པའི་(ཟམ་པ་)སྤྲིངས་ཞིན་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །དབང་ཆེན་ལ་དཔོན་པོའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །དབང་ཆེན་ལ་དཔོན་པོའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་ལ་མི་བཙུགས་ཟམ་པ་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་ལ་དུང་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་ལ་དུང་གྱི་ཟམ་པ་ལས་བཙུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    དུང་གྱི་ལ་ཟམ་པའི་(ཟམ་པ་)བརྟན་གཞི་ན། །དུང་གི་ལ་ཟམ་པའི་(ཟམ་པ་)སྤྲིངས་ཞིན་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཡབ་ཆེན་ལ་ཨ་པའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཡབ་ཆེན་ལ་ཨ་པའི་འབྱོན་ལམ་བཟང་རེད། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    དགུང་སངས་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལམ་མའི་ཚུར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ན་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གངས་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ་ཡ། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ན་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ་ལ། །དུས་ཅི་མཇལ་བའི་ཞལ་རས་དཀར་སོང་སྭོ་ཡ།། །།