Video Overview
Dorji Gyelmo from Chhimoong Gewog sings a local song called "Thridung Sersho". The composer is unknown. It is said the song originated from the village elders who passed it down through the generations. The religious song is sung during local festivals. The lyrics mention that the golden sun is crossing the highest mountain. Even then, it will return shortly. Similarly, lama Ugyen Guru is travelling across the universe. Even if one is on a very long journey, the song asks to take a short rest.
པདྨ་དགའ་ཚལ་རྫོང་ཁག་ ཕྱི་མུང་རྒེད་འོག་ལས་ རྡོ་རྗེ་རྒྱལ་མོ་གིས་ སྐྱོ་གླུ་ཨ་ལོའི་གླུ་གཞས་ ཁྲི་གདུགས་སེར་ཤོག་ཅ་ན་ཟེར་མི་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ དང་ཕུ་ལས་རྒས་ཤོས་ཚུ་གིས་འཐེན་ནི་ཡོདཔ་ལས་ ཕྱི་མུང་ལུ་ཡང་རྒས་ཤོས་ཚུ་ལས་བརྒྱུད་དེ་ དར་ཁྱབ་བྱུང་བྱུངམ་ཨིན་པས། ག་ཟེར་མི་གིས་བརྩམས་བརྩམསམ་ཨིན་ན་དང་ དུས་ཚོད་ནམ་བརྩམསམ་ཨིན་ན་ ཁ་གསལ་ཅིག་ག་ནི་ཡང་མི་ཤེས་དོ་ཡོདཔ་ཨིན་རུང་ གླུ་གཞས་འདི་ ཁོང་རའི་གཡུས་ཁར་ དུས་སྟོན་རེ་འབད་བའི་སྐབས་རྐྱབ་དོ་ཡོདཔ་ད་ གླུ་གཞས་ཀྱི་ཚིག་ནང་ ཁྲི་གདུགས་ཉིམ་འདི་ མཐོ་བའི་ལ་མོ་བརྒལ་དོ་ བརྒལ་ཏེ་འབད་རུང་དུས་ཡུན་མ་རིང་བར་ལོག་ཤོག་ཟེར་ དེ་ལས་བླམ་ཨོ་རྒྱན་གུ་རུ་ཡང་ རྔ་གཡབ་གླིང་ལུ་འབྱོན་དོ་ ཨིན་རུང་ རི་མགོ་མཐོ་རེ་མཐོ་ཚད་གུ་ སྐུ་ངལ་ཨ་ཙི་གནང་ད་ཟེར་ འཐེནམ་ཨིན་པས།
- རྡོ་རྗེ་རྒྱལ་མོ་ Dorji Gyalmoཁྲི་གདུགས་ལ་གསེར་ཤོག་ཅ་ན(ཡོད)། ། ཨའེ་མཐོ་བའི་ལ་མོ་ལ་བརྒལ་དོ། །The golden sun, is crossing the highest mountain.
- རྡོ་རྗེ་རྒྱལ་མོ་ Dorji Gyalmoཡ་མཐོ་བའི་ལ་མོ་བརྒལ་རུང་། ། ཨའེ་ཡུན་མ་ལ་རིང་བར་ལ་ལོག་ཤོག །Even if it crosses the highest mountain, Return, without taking too much time.
- རྡོ་རྗེ་རྒྱལ་མོ་ Dorji Gyalmoའ་ བླ་མ་ལ་ཨྱོན་གུ་རུ། ། ཨའེ་རྔ་ཡབ་ལ་གླིང་ལ་འབྱོན་དོ། །Lama Ugyen Guru, Is travelling across the universe,
- རྡོ་རྗེ་རྒྱལ་མོ་ Dorji Gyalmoརི་མགོ་ལ་མཐོ་རེ་མཐོ་ཚེ། ། ཨའེ་སྐུ་ངལ་ཨ་ལི་ལ་གནང་ཤོག །Even if it is a long journey, Please take little rest.
- རྡོ་རྗེ་རྒྱལ་མོ་ Dorji Gyalmoལགས་སོ།། །།