Video Overview
Kezang Choden of Chaling village sings a religious song dedicated to a spiritual master, describing the master's golden residence (temple) and his sacred objects including a table in the shape of a lotus, a long life vase, a detachable vase top, the ingredient used in the holy water of the vase, and the blessing that can empower the public to walk a noble path in their future life. The song glorifies the spiritual master and grants welfare to all sentient beings.
༉ སྐལ་བཟང་ཆོས་སྒྲོན་འདི་ བཀྲ་ཤིས་སྒང་རྫོང་ཁག་ ཅ་གླིང་ལས་ཨིནམ་ད་ གླུ་གཞས་བཀྲ་ཤིས་ལུངམ་པའི་ཕུ་ལ་ཟེར་མི་ཅིག་འཐེན་ཏེ་འདུག མོ་གིས་འཐེན་མི་གླུ་གཞས་ བཀྲ་ཤིས་ལུངམ་པའི་ཕུ་ལ་ཟེར་མི་འདི་ བླམ་ལུ་གུས་བཏུད་དང་འདྲཝ་སྦེ་ བླ་མའི་སྐུ་མདུན་ལུ་ཡོད་པའི་བུམ་པ་དང་བུམ་རྫས་ཁྲུས་ཆུ་ཚུ་གི་ཕན་ཡོན་དང་བཅསཔ་སྦེ་བཤད་པ་རྐྱབ་སྟེ་འཐེན་པའི་གླུ་གཞས་ཅིག་ཨིན་མས།
- Chaling
- སྐལ་བཟང་ཆོས་སྒྲོན Kezang Chodenབཀྲ་ཤིས་ལུམ་པའི་ཕུ་ལ་དགའ་བ་ལ། །གསེར་གྱི་ལྷ་ཁང་བཞེངས་ཡོད་ལ་སྐྱིད་པ་ལ། །གསེར་གྱི་ལྷ་ཁང་བཞེངས་ཡོད་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenགསེར་གྱི་ལྷ་ཁང་ནང་དུ་དགའ་བ་ལ། །བླ་མ་བཟང་པོ་བཞུགས་ཡོད་ལ་སྐྱིད་པ་ལ། །བླ་མ་བཟང་པོ་བཞུགས་ཡོད་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenབླ་མ་བཟང་པོའི་དྲུང་དུ་དགའ་བ་ལ། །ཅོག་ཙེ་པདྨ་འདབ་རྒྱས་ལ་སྐྱིད་པ་ལ། །ཅོག་ཙེ་པདྨ་འདབ་རྒྱས་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenཅོག་ཙེ་པདྨ་རྩེ་ལ་དགའ་བ་ལ། །ཀརྨ་ནས་ཀྱི་[གཡུམ་རིང་?]ལ་སྐྱིད་པ་ལ། །ཀརྨ་ནས་ཀྱི་[གཡུམ་རིང་?]ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenནས་ཀྱི་[གཡུམ་རིང་?]ཙེ་ལ་དགའ་བ་ལ། །ཚེ་དབང་བུམ་པ་བཞག་ཡོད་ལ་ སྐྱིད་པ་ལ། །ཚེ་དབང་བུམ་པ་བཞག་ཡོད་ལ་ སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenབུམ་པའི་ཁར་རྒྱན་འདི་ནི་དགའ་བ་ལ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་ལ་སྐྱིད་པ་ལ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenབུམ་པའི་ན་བཟའ་འདི་ནི་དགའ་བ་ལ། །རྒྱ་ཡི་དར་དང་གོས་ཆེན་ལ་སྐྱིད་པ་ལ། །རྒྱ་ཡི་དར་དང་གོས་ཆེན་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenབུམ་པའི་བུམ་རྫས་འདི་ནི་དགའ་བ་ལ། །གངས་ཆེན་བོད་ཀྱི་དྲི་བཟང་ལ་སྐྱིད་པ་ལ། །གངས་ཆེན་བོད་ཀྱི་དྲི་བཟང་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenམགོ་ལ་དབང་མགོ་ཐོབ་ན་དགའ་བ་ལ། །ད་ལྟོའི་བར་ཆད་སེལ་ཡོད་ལ་སྐྱིད་པ་ལ། །ད་ལྟོའི་བར་ཆད་སེལ་ཡོད་ལ་སྐྱིད་པ་ལ། །
- སྐལ་བཟང་ཆོས་སྒྲོན Kezang Chodenཁ་ལ་བདུད་རྩི་བཞེས་ན་དགའ་བ་ལ། །ཕྱི་མ་ལམ་བཟང་གྲོལ་ཡོད་ལ་སྐྱིད་པ་ལ། །ཕྱི་མ་ལམ་བཟང་གྲོལ་ཡོད་ལ་སྐྱིད་པ་ལ། ། ལ་སོ་ ལགས།