Skip to main content Skip to search
30 Aug 2018
4 min 27 sec
Video Overview
Creators: 
Sonam Tobgye, Sangay Tshomo

"Tashi" is an auspicious song usually sung during important events. The event will conclude with this particular song, aspiring for good luck and a prosperous coming year. The song desires every individual to live an eternal life and wishes them good fortune. The composer also mentions other renown figures like spiritual masters and businessmen, wishing them an auspicious future.

 

ལྷུན་རྩེ་ཆ་འོག་ སྟོང་ཕུ་སྒང་ལས་བཀའ་འགྱུར་གྱིས་ བཀྲ་ཤིས་གླུ་གཞས་ཅིག་འཐེན་ཏེ་ཡོདཔ་ཨིན་རུང་ ཚིག་ཚུ་དག་ཏོག་ཏོ་ཅིག་མིན་འདུག མ་གཞི་བཀྲ་ཤིས་འདི་ ཆོ་ག་ཅིག་བཏང་རུང་ མཇུག་བཀྲ་ཤིས་ཕབ་སྟེ་བསྡུ་དོ་ཡོད་པའི་འགྲོས་བཟུམ་སྦེ་ ཞབས་ཁྲ་རྐྱབ་རུང་ མཇུག་བཀྲ་ཤིས་ཕབ་སྟེ་བསྡུ་བའི་སྲོལ་ཡོདཔ་ཨིན། གླུ་གཞས་འདི་ནང་ ང་བཅས་རའི་མི་ཚེ་འདི་ དུས་ནམ་ཡང་འགྱུར་བ་མེད་པར་ ལོ་དུས་ཅི་འཛོམས་སར་སང་ཕོད་ཡང་འཛོམས་ཏེ་ དགའ་ཏོག་ཏོ་དང་སྐྱིད་ཏོག་ཏོ་སྦེ་སྡོད་ནི་དང་ བསམ་པའི་རེ་བ་འདི་ཚུ་ཡིད་བཞིན་དུ་སྒྲུབ་བཅུག་ཟེར་ སྨོན་ལམ་གྱི་མཚམས་སྦྱརཝ་མས། ད་རུང་བཀའ་འགྱུར་གྱིས་འཐེན་མི་བཀྲ་ཤིས་ཀྱི་གླུ་གཞས་འདི་ནང་ སྐད་གྲགས་ཅན་གྱི་མི་ངོམ་ དཔེར་ན་མཚན་ལྡན་བླམ་དང་ཚོང་པ་ དེ་ལས་ཁོ་རའི་ཕ་ཡུལ་དང་ཕམ་ཚུ་ དུས་ཨ་རྟག་ར་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་སྡོད་བཅུག་ ཟེར་ཨིན་མས།

Transcript search
No results found for this search
0 of 0
  • བཀའན་འགྱུར། Kanjur
    རྟེན་འབྲེལ་བཟུང་པའི་ཤར་ཕྱོགས་ལ་མཇུག་གི་ཡིན། །ང་གཡུས་ལས་ཅགས་པའི་གནམ་ལོ་ཆགས་གི་ཡིན། །
    Auspicious to the end of east, I from village wants to eastabish year.
  • བཀའན་འགྱུར། Kanjur
    ཕུང་པོ་གཡས་གཡོན་འཛོམས་པ་རྡོ་ནེ་ཡིན། །བཤད་པ་བཟུང་པ་རྟེན་འབྲེལ་བཀྲིས་ཡིན། །
    Gathering of left and right body is {Doney}, Holding of an account is omen auspicious.
  • བཀའན་འགྱུར། Kanjur
    བཀྲིས་སྨོན་ལམ་བཏབ་པ་བཀྲིས་ཤོག །གྲུབ་ཐོབ་ཚེ་ལྔ་ལུས་ནི་འགྱུར་དོག་མེད་པའི་བཀྲིས། །
    Praying for auspiciousness is auspicious, There won't be change in saint, there be auspiciousness.
  • བཀའན་འགྱུར། Kanjur
    ས་དག་ཀླུ་ལ་ཕུལ་བ་རྟེན་སྲུང་འདི། །གནས་པའི་ཚོགས་ཚོགས་བཀྲིས་ང་བཀྲིས་སྒོ་མང་བཞུགས་ཡོད། །
    The relics offered to local lord and serpent, Let there be stable and auspicious, i possess many auspicious door.
  • བཀའན་འགྱུར། Kanjur
    ང་བཀྲིས་ལུས་ཀྱི་ནོར་བུ་འདི་ལས་ལུ། །དོད་པ་སྨོན་ལམ་ཡིན་ནོ་ང་རང་བཀྲིས་སྨོན་ལམ། །
    The jewel of auspicious body, There is devotion, omens and auspiciousness.
  • བཀའན་འགྱུར། Kanjur
    ང་བཀྲིས་སྨོན་ལམ་ཞུ་ས་ཡ། །གཡུས་བལྟ་གཡུས་སྨད་བསྐོར་ཏེ་ང་ཚོགས་ཚོགས་སྣ་ལྔ་བཀྲིས། །
    Where i pray for auspiciousness, There is five types of auspiciousness from upper and lower villages.
  • བཀའན་འགྱུར། Kanjur
    བཀྲིས་བཀྲིས་སྨོན་ལམ་ཡ། །ཨའི་འགྱུར་དོག་མེད་པ་འགྱུར་རོ་བཀྲིས་སྨོན་ལམ་ཞུ། །
    The prayers of auspicious auspiciousness, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    ཚོང་ལ་ནོར་བུ་བཟང་པོ་བཀྲ་ཤོག་ཤིག །མཚོ་མོ་འདི་གི་སྨོན་ལམ་ ང་བཀྲིས་སྨོན་ལམ་ཞུ། །
    Let marchant Norbu Zangpo be auspicious, The oceans prayer be auspicious.
  • བཀའན་འགྱུར། Kanjur
    ང་རི་མཐོ་རྩ་བའི་བླ་མ་གཡས་ལས་སུ་རེད། །འགྱུར་དོག་མེད་པ་བཀྲིས་ ང་བཀྲིས་སྨོན་ལམ་ཞུ། །
    I being root teacher at hige ridges, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    ལྷ་ཁང་ཀླུ་ཁང་ཡིན་ཀྱང་ཡ། །བཙན་དང་ཀླུ་ཡང་བཀྲིས་ན་ཟུག་མེད་པའི་བཞུགས་ཡོད། །
    Even its god and serpents room, Let the diety and serpent be auspicious without dieases.
  • བཀའན་འགྱུར། Kanjur
    ང་ན་ཟུག་ངོས་སུ་མེད་པ་ཡ། །འགྱུར་དོག་མེད་པའི་བཀྲིས་ ང་རང་སྨོན་ལམ་ཞུ་ཡོད། །
    Let me free away from dieases, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    འགྱུར་དོག་ས་ལ་སྣོན་པའི་གཡས་སུ་འདི་ལས། །འདི་ཡང་ནོར་བུ་ལུས་ལས་ང་རང་བཀྲིས་སྨོན་ལམ་ཡིན་ནོ། །
    Where the changeable resiste on earth, Its too the body of jewel and there be auspicious.
  • བཀའན་འགྱུར། Kanjur
    ཚོགས་ཚོགས་སྣ་ལྔའི་ཚང་ལའི་ཡ། །འདི་ཡང་བཀྲིས་སྨོན་ལམ་ང་འདི་ལས་སྨོན་ལམ་བཏབ། །
    Summoning of five types gathering, Let there be auspicious as i pray.
  • བཀའན་འགྱུར། Kanjur
    ཐུགས་རྗེ་རྩ་བའི་བླ་མ་འདི་ལས་ནི། །ཕྱག་མཇལ་བསྣམས་པ་ཙམ་གྱི་ང་བཀྲིས་སྨོན་ལམ་ཡིན་ནོ། ། འ་ནི་འབད་རྐྱབ་དགོ་སྦེ་སྟེ། ག་ཏེ་འོང་པ་སྟེ་ ང་བཅས་རྐྱབ་ཚེ་སྟེ་ དུམ་རེ་དུམ་རེ་སྟེ་རྐྱབ་དགོ་འབད་སྟེ།
    Blessing from root teahcer, Just holding of offering, there is auspiciousness. Have to sing like this, when we sing have to sing little litte.