Skip to main content Skip to search
01 Sep 2018
28 min 39 sec
Video Overview
Creators: 
Penchela

Norbu from Taktse in Trongsa district sings a Yuedra song called "Sung Buelo". The lyrics speak of a mother and father having only one son. The fathers wants to send his son away but the mother doesn't. The son decide to move away anyway. The song deals with the sad mood of the son.

༉  ཀྲོང་གསར་སྟག་རྩེ་ལས་ཨིན་མི་ ནོར་བུ་གིས་འཐེན་ཏེ་ཡོད་མི་གླུ་གཞས་ གསུང་འབུལ་ལོ་ཟེར་མི་འདི་ གཡུས་སྒྲ་ཅིག་ཨིན་མས། གླུ་གཞས་འདི་ ཨའི་དང་ཨ་པ་ལུ་བུ་གཞི་ཡོད་མི་དེ་ ཨ་པ་གིས་སོ་སོ་གཏང་ནི་ཟེར་རུང་ བུ་ཕུད་རྡོག་གཅིག་ལས་མེདཔ་ལས་བརྟེན་ ཨའི་གི་གཅེས་གཅེས་འབདཝ་ལས་ ག་ཏེ་ཡང་མི་གཏང་ཟེར་ཨིན་པས། ཨིན་རུང་ ཡབ་ཀྱི་བཀའ་མ་ཆོག་པར་བརྟེན་ བུ་འདི་འགྱོ་ནི་སྦེ་ཐག་བཅད་དེ་ ནང་ན་ལས་སེམས་མ་དགའ་བའི་འཁྲུལ་སྣང་ཚུ་ གླུ་གཞས་ཐོག་ལས་འཐེན་འཐེནམ་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • ནོར་བུ། Norbu
    གསུང་འབུལ་ལོ་གསུང་འབུལ་ལོ། །གཡུས་སྟག་རྩེ་རྟེན་འབྲེལ་(?)ཙམ་ལས་སྨོ། །ངེའི་བདག་གི་ཡབ་ཆེན་ཨ་པ་གིས། །
  • ནོར་བུ། Norbu
    ནོརནི་རང་དང་ཆ་དགོ་ཟེར་མས་སྨོ། །བུནི་རོགས་དང་ཆ་དགོ་ཟེརཝ་མས་སྨོ། །
  • ནོར་བུ། Norbu
    དནི་བདག་གི་ཡུམ་ཆེན་ཨ་མ་གིས། །ཁྱོད་ཕ་རྡོག་གཅིག་ལུ་བུ་རྡོག་གཅིག །ང་མ་རྡོག་གཅིག་ལུ་བུ་རྡོག་གཅིག །ང་བསོད་ནམས་མི་བཏང་ཐག་ཆོད་ཨིན། །
  • ནོར་བུ། Norbu
    ངེའི་བུ་ཚུ་ལོ་ན་ཆུང་ཀུ་མས། །ཁོ་རི་གུ་བསྐོར་གནི་གཏང་ནི། །ང་རྒྱགས་སྐལ་ཨིན་པ་སྒྲིགས་ཏེ་གིས། །ད་ནོར་རྫིཔ་གཞན་ལུ་སྤྲོད་ནི་ཨིན། །
  • ནོར་བུ། Norbu
    འ་ནཱི་འདི་ ཨའི་གིས་གསུངས་གསུངསམ་ཨིན་ལགས། ངེའི་བསོད་ནམས་མི་བཏང་ཐག་ཆོད་ཨིན། །
  • ནོར་བུ། Norbu
    ད་རུང་ཨ་པ་གིས། ད་རུང་ཨའི་ལུ་སླབ་ནུག་ལགས།
  • ནོར་བུ། Norbu
    བནི་ལེགས་པའི་གཡང་ལེགས་འཛོམས་འདི། །ཐགཔ་ཚབ་ཐག་མུ་ཐག་བཏགས་རུང་། །ཡངནི་གཡང་ལེགས་འཛོམས་བསྒུག་མ་བཏུབ། །
  • ནོར་བུ། Norbu
    གངས་རི་གུ་བསྐོར་བ་འགྱོ་དགོ་ལོ། །རྩྭ་ལེགས་པའི་ཧོ་རྩྭ་ཨིན་པ་ཟ་དགོ་ཟེརཝ་མས་སྨོ། །ཆུ་གངས་ཆུ་ཨིན་པ་འཐུང་དགོ་ལོ། །ང་བསོད་ནམས་མ་བཏང་ཐག་ཆོད་ཨིན། །ད་བསོད་ནམས་འགྱོ་དགོཔ་ཐག་ཆོད་ཨིན། །
  • ནོར་བུ། Norbu
    དེ་ལས་བུ་གིས་ཞུ་ནུག་ ཨའི་ལུ།
  • ནོར་བུ། Norbu
    ང་བསོད་ནམས་མ་འགྱོ་ཐབས་ཤེས་མེད། །ངེའི་བདག་གི་ཡུམ་ཆེན་ཨམ་གིས། །དནི་ལམ་ཆང་ཨིན་པ་སྐོལ་སྨ་རེད། །རང་རྒྱགས་སྐལ་ཨིན་པ་སྒྲིགས་སྨ་རེད། །
  • ནོར་བུ། Norbu
    ང་ཡབ་ཆེན་ཨ་པའི་བཀའ་མ་ཐེག་སྨོ། །ངེའི་བདག་གི་ཡུམ་ཆེན་ཨ་མ་གིས། །ད་ཆང་ཐབ་ཁར་ལུ་ཆང་བསྐོལ་ནུག །ཇ་ཐབ་གུ་ལུ་ཇ་བསྐོལ་ནུག །
  • ནོར་བུ། Norbu
    ནཱ་ཇ་ཐང་ཐབ་ལས་ཤོར་སོང་འདུག །ནཱ་ཆང་ཐབ་རྦ་ལུད་འགྱོ་ནུག་སྨོ། །ང་བསོད་ནམས་རང་རའི(?)། །ང་བརྟན་འབྲེལ་མ་ལེགས་སྨོ།
  • ནོར་བུ། Norbu
    ཡངན་བསོད་ནམས་ན་ཚ་འོང་ནི་ཡ། །ཡངན་ཡུམ་ཆེན་སྡུག་བསྔལ་ཕོག་ནི་ཡ། །ཡངན་གཡང་ལེགས་འཛོམས་རྒུད་ཆག་འོང་ནི་ཡ། །ང་བསོད་ནམས་རྟེན་འབྲེལ་མ་ལེགས་སྨོ། །
  • ནོར་བུ། Norbu
    ནཱ་ལྟ་ཅི་གཡང་ལེགས་འཛོམས་ཙ་ན་རེད(?)། །ད་འཁྱིད་ནི་(?)ཨིན་པ་འཁྱིད་སྨ་རེད། །རང་བསོད་ནམས་རི་གུ་(?)འགྱོ་དགོཔ་ཐག་ཆོད་མས། །
  • ནོར་བུ། Norbu
    ཡུམ་ཨ་མ་སྤྲོད་པའི་ཆར་བཀབ་འདི། །ང་ཆར་བཀབ་བརྙ་བ་མ་ཐེག་སྨོ། །རང་གསེར་གྱི་ཨུམ་ད་བརྙ་བཏགས་ཏེ་གིས(?)། །ལགཔ་ཨོ་ཟོ་(?)ལག་པ་འབག་སྟེ་གིས། །
  • ནོར་བུ། Norbu
    རང་ཁོད་སྨན་འདམ་མར་ཐིམ་སོང་ཡི་སྨོ། །ང་ཁོད་སྟོད་ཆར་པ་ཡ་སྦང་སྟེ་བསོད་ནམས་རང་། །དེ་བསྒང་ཨ་ནཱ་ལས་འགྱོ་དོ་ཡོདཔ་མས་ལགས་ལམ་ཨ་ནཱ་ལས་སྦེ་ ནོར་འདི་ཨ་ཕར་བཏགསཔ་མས་ལགས།
  • ནོར་བུ། Norbu
    དནི་རྟ་གཅིག་སྤང་ལས་བལྟ་སྨ་རེད། །ང་གསེར་གྱི་ཨུམ་༼གླིངམ་༽ཡ་ལན་གཅིག་འཕུ་སོང་པ། །ངེའི་བདག་གི་ཡུམ་ཆེན་ཨ་མ་འདི། །ལུས་དྲན་མེད་གཉིད་ལས་ཡ་བརྒྱལ་སོང་ཡི། །
  • ནོར་བུ། Norbu
    ལོ་ཆུང་ལས་འཕྱད་པའི་བརྩེ་བཟའ་དཔལ་སྒྲོན་ཁྱོད། །ངེའི་ཡུམ་ཆེན་དྲན་མེད་གཉིད་ལས་ལྷོང་སྨ་རེད། །ལགཔ་གཡས་པ་ཟ་ཏི་མར་ནང་སྒྱེས་ཏེ་གིས། །ལགཔ་གཡོན་པ་ལྟག་ཀོ་ལྷོང་སྟེ་གིས། །ངེའི་ཡུམ་ཆེན་དྲན་མེད་གཉིད་ལས་ལྷོང་སྨ་རེད། །
  • ནོར་བུ། Norbu
    ང་ས་ལས་གྱེན་ལས་་་(?)འགྱོ་མི་འདི། །ངེའི་བདག་གི་ཡུམ་ཆེན་ཨ་མ་འདི། །དནི་ལཱ་དང་གཡོག་ཡང་བཀོག་བཞག་སྟེ། །ང་བསོད་ནམས་རྟིང་ཤུལ་བདའ་སྟེ་བལྟ་སྡོད་ནུག །
  • ནོར་བུ། Norbu
    ང་ས་ལས་གྱེན་ལས་བལྟ་སོང་པ། །དནི་ལག་པའི་་་(?)ཅུང་ནཱ་དཔྱལ་བ་བཀལ་ཏེ་གིས། །རང་བསོད་ནམས་རང་རང་བལྟ་(?)སྡོད་ནུག ། ང་གསེར་གྱི་ཨུམ་༼གླིངམ་༽འཕུ་སོང་པ། །ངེའི་ཡུམ་ཆེན་དྲན་མེད་གཉིད་ལས་བརྒྱལ་སོང་ནུག །
  • ནོར་བུ། Norbu
    ཁྱོད་གདང་རས་ཁྱིམ་ཚང་་་་(?)ཚུ། །ངེའི་ཡུམ་ཆེན་དྲན་མེད་གཉིད་ལས་ལྷོང་སྨ་རེད། །ད་དེ་ལས་ཡར་ལས་སྤང་ཟེར་ས་ལྷོདཔ་ཨིན་ལགས།
  • ནོར་བུ། Norbu
    ད་སྐུ་ངལ་གནང་ཅིག་སྐུ་ངལ་གནང་། བ་ལེགས་པའི་གཡང་ལེགས་འཛོམས་སྐུ་ངལ་གནང་། རང་བསོད་ནམས་རང་རེ། །ང་མནོ་བསམ་ག་དེ་གཏང་ནི་མ་ཤེས་སྨོ། །
  • ནོར་བུ། Norbu
    རང་བསོད་ནམས་རྟེན་འབྲེལ་མ་ལེགས་སྨོ། །ཡང་བསོད་ནམས་ན་ཚ་ཕོག་ནི་ཡ། །ཡངནི་ཡུམ་ཆེན་བར་ཆད་རྐྱབ་ནི་ཡ། །ཡངནི་གཡང་ལེགས་ན་ཚ་རྒུད་ཆག་འོང་ནི་ཡ། །་་་་་(?)ང་རའི་གཡང་ལེགས་འཛོམས་་་(?)སྨ་རེད། །
  • ནོར་བུ། Norbu
    ལམ་རྒྱ་འདི་བྲག་ལས་ལྷོདཔ་འདི་གུ་མས། །དནི་རྒྱ་འདི་ཉལ་ས་ལྷོདཔ་ད་ལུ། །ད་དགུང་སྔོན་ཡིན་པ་བཞུགས་དགོ་པས།
  • ནོར་བུ། Norbu
    ངེའི་བདག་གི་ཡུམ་ཆེན་ཨ་མ་གིས། །ཉིནམ་ད་ཚེ་དྲོ་པ་ནཱ་བཅིང་མི་ལྟོ་མཛར་འདི། །ང་ལྟོ་མཛར་ཡིན་པ་ཟ་དགོ་པས། །ང་ལྟོ་རས་མཐའ་མ་བཤུབ་མ་ཚུགས། །ང་ལྟོ་ཕུད་ཡིན་པ་གཏོར་དགོ་པས། །
  • ནོར་བུ། Norbu
    ཡབ་ཨ་པ་བསྟེན་པའི་དགྲ་ལྷ་བཞེས། །ཡུམ་ཨ་མ་བསྟེན་པའི་མོ་ལྷ་བཞེས། །རང་བསོད་ནམས་བསྟེན་པའི་གསུང་ལྷ་བཞེས། །ནཱ་ས་ཕྱོགས་འདི་ལུ་བཞུགས་པའི་གནས་བདག་གཞི་བདག་བཞེས། །ང་ཨ་ཁ་ལན་གཅིག་རྐྱབ་སོང་པན། །ང་ཨ་ཁ་ལྐོད་མ་འགྱོ་མ་བཏུབ། །
  • ནོར་བུ། Norbu
    ཁྱི་ལེགས་པའི་ལྟག་དཀར་བསྟན་འཛིན་འདི། །ཁྱོད་བསྟན་འཛིན་ཁྱོད་རང་ཟ་སྨ་རེད། ནཱ་ལས་ཡར་གྱི་འདི་འ་ནེམ་ཅིག་སྦེ་མཇུག་བསྡུཝ་ཨིན་ མཇུག་བསྡུཝ་ཨིན་ལགས།
  • ནོར་བུ། Norbu
    དེ་ལས་ ཡར་ལས་མར་གྱི་ གནམ་དགུན་ཡར་ལས་མར་གྱི་འདི་ལུ་ ཁོ་ཡར་ལས་མར་ལོགཔ་ད་གཅིག་ཡོདཔ་ཨིན་ལགས།
  • ནོར་བུ། Norbu
    མདང་ཞག་ཡར་བྱོན་པ་སྨོ་ལགས་ འ་ནཱི་འདི་ ཡར་རི་འདི་ལུ། ང་བཅས་བྱང་ས་འདི་ན་ རོགས་མར་ནོར་སྤོ་བདའ་འོངམ་ད་ རོགས་གཞན་མི་ཚུ་ག་ར་ནོར་སྤོ་མི་འོང་ ཁོ་ནོར་སྤོ་མི་མ་འོང་ ཨ་པ་གིས་ ད་རིས་ཡར་ར་སྡོད་ཤིག་ ང་ནངས་པ་དྲོ་པ་ བྱ་པོད་འབོཝ་ད་ བྱ་པོད་སྐད་དང་སྦྲགས་ཏེ་ ནོར་སྤོ་བ་འཐོན་འོང་ཟེར་སླབ་ཤིག་ཟེར་ ནོར་སྤོ་མི་གཞན་མི་ཚུ་ལུ་ ཁོ་གི་ཨ་པ་གིས་ འཐེན་འ་ནེ་སྦེ་བཏང་ནུག་ཟེར་ཨིན་པས་ལགས།
  • ནོར་བུ། Norbu
    དེ་ལས་རོགས་གཞན་མི་ཚུ་བདའ་འོང་ ཁོ་ཡར་ལུས་སྦེ་ ཏེ་ བྱང་ས་ནང་ལུས་ དེ་ལས་ཏེ་ ཡུདཔ་གཅིག་ལས་ ཏེ་ ཉིམ་ཕར་ལ་ཁར་ ཉི་མའི་ཟེར་ནཱ་་་་་དེ་ལས་ཏེ་ ཁོ་སེམས་འཁྲུལ་ཏེ།
  • ནོར་བུ། Norbu
    དེ་ལས་ འ་ནཱ་ཡང་འཐེན་ནུག་ ད་རུང་ལགས་ ད་རུང་ལོག་ཁོ་གིས་མར་ལས་འཐེནམ་ཨིན་ལགས།
  • ནོར་བུ། Norbu
    ངེའི་བདག་གི་ཡུམ་ཆེན་ཨ་མ་གིས། །ད་ཆང་ཐབ་ཁར་ལུ་ཆང་བསྐོལ་ཡི། །ད་ཇ་ཐབ་ཁར་ལུ་ཇ་བསྐོལ་ཡི། །ཆང་རྦ་ལུད་ཡར་སོང་འདུག །ད་ཇ་ཐང་ཐབ་ལས་ཤོང་སོང་ནུག །ང་བསོད་ནམས་མ་ལོག་ཐག་ཆོད་མས། །
  • ནོར་བུ། Norbu
    ད་ཉི་ཟེར་ཆུ་ལུ་གཏམས་མཆི་ཡི། །ང་བསོད་ནམས་རང་རའི་མི་ནུམ་པས། །ངེའི་བདག་གི་ཡབ་ཆེན་ཨ་པ་གིས། །ང་བསོད་ནམས་མངོན་ཤེས་ལུས་མི་ན། །ང་་་་་་་་་་་་ལུས་མི་་མི་འོང་། །
  • ནོར་བུ། Norbu
    ང་བསོད་ནམས་རང་རའི་མི་ནུམ་པས། །ལོ་སྔོན་ལས་འཕྱད་པའི་བརྩེ་བཟའ་དཔལ་སྒྲོན་ཁྱོད། །ཚེས་ཕྱི་མ་ཡིན་པ་འཕྱད་སྨ་རེད། །
  • ནོར་བུ། Norbu
    ང་དངོས་ཅན་ཅན་གྱི་མི་འདི་སྨོ། །ད་དངོས་མེད་མི་ལུ་འགྱུར་དོ་གོ །ང་བསོད་ནམས་རང་རའི་མི་ནུམ་པས། །
  • ནོར་བུ། Norbu
    བ་ལེགས་པའི་གཡང་ལེགས་འཛོམས་ཏེ་སྨོ། །ནོར་སྦོམ་ཚད་ཐག་པ་བསྡམས་ཡི་པ། །ནོར་ཆུང་ཚད་ཐག་པ་བསྡམས་མ་ཚུགས། །མོ་མཐའ་བསྐོར་རྐྱབ་སྟེ་སྡོད་སྨ་རེད། །
  • ནོར་བུ། Norbu
    ང་བསོད་ནམས་རང་རེ་མི་ནུམ་པས། །ཁྱི་ལེགས་པའི་ལྟག་དཀར་བསྟན་འཛིན་ཁྱོད། །ད་ཕར་དང་ཚུར་ལུ་ལོང་མ་ཚུགས། །ང་བསོད་ནམས་སྦོ་ལོགས་སྡོ་དསྨ་རེད། །ཁ་ཕྱི་ཁར་བལྟ་སྟེ་ཧབ་སྨ་རེད། །རང་བསོད་ནམས་རང་རའི་མི་ནུམ་པས་སྨོ། །