Video Overview
༉ སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ ཨོ་མ་ཎི་པདྨེ་ཧཱུཾ་བཙུགས་ཏེ་ཡོད་མི་གླུ་གཞས་འདི་ནང་ འབྲུག་དང་བོད་ལུ་ཡོད་མི་ལྷ་ཁང་དང་རྫོང་གཞི་ དེ་ལས་ཕོ་བྲང་ཚུའི་སྐོར་ལས་བཤད་པ་རྐྱབ་ཨིནམ་ད་ ཚིག་གི་གོ་རིམ་དང་པའི་ནང་ ཇོ་བོ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་པའི་གནས་ ལྷ་ས་པོ་ཏ་ལའི་གནས་ཆེན་དང་ གོ་རིམ་གཉིས་པའི་ནང་ བླམ་ནམ་མཁའི་སྙིང་པོའི་གདན་ས་ ལྷོ་བྲག་མཁར་ཆུའི་གཙུག་ལག་ཁང་ དེ་ལས་གོ་རིམ་གསུམ་པའི་ནང་ རྒྱ་གར་གྱི་ཕོ་བྲང་དང་ཐིམ་ཕུག་བདེ་ཆེན་ཆོས་གླིང་ དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་དང་ སྤུ་ན་ཁ་རྫོང་གི་སྐོར་ལས་བཤད་པ་རྐྱབ་ཨིན་མས། གླུ་གཞས་འདི་ བོད་སྒྲའི་གྱལ་ཁར་ཚུདཔ་ཨིནམ་ད་ མི་དབང་འབྲུག་རྒྱལ་ ༤ པའི་སྐབས་སུ་ གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་ད་ ད་རེས་ནངས་པར་ཡང་ གླུ་གཞས་འདི་ ང་བཅས་རའི་ལྷ་ཁང་དང་རྫོང་གཞི་ ཁྱིམ་དང་མཆོད་རྟེན་ཚུ་བཞེངས་ས་ལུ་ གོང་གི་དཔེ་ཚུ་བཀོད་ཐོག་ལས་ ཡོངས་གྲགས་སྦེ་ར་འཐེན་སྲོལ་ཡོད།
- Loong-Go
- དབང་རྒྱལ་དང་ཆ་རོགས། Wangyel & Group སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་ལ་པདྨེ་ཧཱུཾ། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་དང་པ་མི་ཆགས་དང་པ་ཆགས། །གདན་ས་དང་པ་ཆོས་འཁོར་ལྷ་ས་ཆགས། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་གཉིས་པ་མི་ཆགས་གཉིས་པ་ཆགས། །གདན་ས་གཉིས་པ་ལྷོ་བྲག་མཁར་ཆུ་ཆགས། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་གསུམ་པ་མི་ཆགས་གསུམ་པ་ཆགས། །གདན་ས་གསུམ་པ་རྒྱ་གར་གཞུང་ལུ་ཆགས། །
- དབང་རྒྱལ། Wangyel སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་བཞི་པ་མི་ཆགས་བཞི་པ་ཆགས། །གདན་ས་བཞི་པ་བདེ་ཆེན་ཆོས་སྒྲོན་(གླིང་)ཆགས། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་ལྔ་པ་མི་ཆགས་ལྔ་པ་ཆགས། །གདན་ས་ལྔ་པ་བསྟན་སྐྱོང་གླིང་ལུ་ཆགས། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གདན་ས་དྲུག་པ་མི་ཆགས་དྲུག་པ་ཆགས། །གདན་ས་དྲུག་པ་སྤུང་ན་(ཐང་)བདེ་ཆེན་ཆགས། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ ཡབ་ཆེན་ཨ་པ་གསེར་གྱི་ཀ་བ་འདྲ། །གསེར་གྱི་ཀ་བ་བཞག་ནས་ཆོས་ལ་འགྲོ། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ ཡུམ་ཆེན་ཨ་མ་ཡུངས་ཀར་(དངུལ་དཀར་)མེ་ལོང་འདྲ། །ཡུངས་ཀར་(དངུལ་དཀར་)མེ་ལོང་བཞག་ནས་ཆོས་ལ་འགྲོ། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །
- དབང་རྒྱལ། Wangyel སྭོ་ལ་ གཡས་དང་གཡོན་བསྐོར་ནམ་མཁའི་སྐར་མ་འདྲ། །ནམ་མཁའི་སྐར་མ་བཞག་ནས་ཆོས་ལ་འགྲོ། །
- ཚེ་རིང་རྒྱལམོ་དང་ཆ་རོགས། Tshering Gyam & Friend སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །Omo Omo mani Padmai Hung (the mantra of Avalokeshtravara), Sungyi Sala Mani Padmai Hung
- དབང་རྒྱལ། Wangyel སྭོ་ལ་ དགའ་བ་རང་སོའི་སྤང་གི་མེ་ཏོག་འདྲ། །སྤང་གི་མེ་ཏོག་བཞག་ནས་ཆོས་ལ་འགྲོ། །The one i like is similar to the that of lotus flower in a plain.
- དབང་རྒྱལ་དང་ཆ་རོགས། Wangyel & Group སྭོ་ལ་ ཨོ་མོ་ཨོ་མོ་མ་ཎི་པངྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ཎི་པངྨེ་ཧཱུཾ། །ལགས་སོ་བཀའ་དྲིན་ཆེ།། །།Omo Omo mani Padmai Hung (the mantra of Avalokeshtravara), Sungyi Sala Mani Padmai Hung