Skip to main content Skip to search
01 Sep 2018
5 min 34 sec
Video Overview
Creators: 
Sherig Dentshog

Tendi Zangmo from Lauri village in Samdrupjongkhar district sings a song requesting important people, such as a father and mother in Sakteng, to make an offering of a special cup of Sumchang (locally brewed wine). It also asks a monk in Sakteng to offer clean water and to follow a command to go to Nyesang pass. This lyrics indicate that this song likely originated in Sakteng.

༉  བསམ་གྲུབ་ལྗོངས་མཁར་ལའུ་རི་ལས་ རྟེན་འབྲེལ་བཟང་མོ་གིས་ ཧེ་མ་ལས་གོ་མ་མྱོང་བའི་གླུ་གཞས་ལེ་ཤ་ཅིག་འཐེན་དོ་ཡོདཔ་ད་ མོ་ར་ལོ་ན་རྒས་སུ་ཅིག་ཨིན་རུང་ སྐད་ཡང་གནམ་མེད་ས་མེད་ཧན་ཏོང་ཏོ་འབད་དེ་འཐེན་དོ་ཡོདཔ་ལས་ དང་ཕུ་གི་གླུ་གཞས་འཐེན་ནི་ནང་མཁས་མཆོག་ཅིག་ཨིན་པས། གླུ་གཞས་འདི་ ག་ཏེ་ལས་བྱུང་བྱུངམ་ཨིན་ན་དང་ ནམ་ལས་ག་གིས་བརྩམས་ཅི་གའི་སྐོར་ལས་ཁ་གསལ་ཅིག་མེད་དེ་འབད་རུང་ ཚིག་ནང་ སག་སྟེང་གི་ཨ་པ་དང་ཨ་མ་ དེ་ལས་སག་སྟེང་གི་དགེ་སློང་ཚུ་འཐོན་དོ་ཡོད་མི་ལས་བལྟ་བ་ཅིན་ མེ་རག་སག་སྟེང་ལས་བྱུང་བྱུངམ་བཟུམ་ཅིག་འདུག དེ་ཡང་ སག་སྟེང་ལུང་པའི་ཨ་པ་ཡ་ལ་ཨེ། །དཀར་ཡོལ་ཡག་པོ་ཕུལ་ཤོག་ཡ་ལ་ཨེ། །སག་སྟེང་ལུང་པའི་ཨ་མ་ཡ་ལ་ཨེ། །སིང་ཆང་ཡག་པོ་ཕུལ་ཤོག་ཡ་ལ་ཨེ། །སག་སྟེང་ལུང་པའི་དགེ་སློང་ཡ་ལ་ཨེ། །ཡོན་ཆབ་གཙང་མོ་ཕུལ་ཤོག་ཡ་ལ་ཨེ་ཟེར་ འཐོན་ནི་འདུག

Transcript search
No results found for this search
0 of 0
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    སག་སྟེང་ལུང་པའི་ཨ་པ་ཡ་ལ་ཨེ། །དཀར་ཡོལ་ཡག་པོ་ཕུལ་ཤོག་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    སག་སྟེང་ལུང་པའི་ཨ་མ་ཡ་ལ་ཨེ། །སིང་ཆང་ཡག་པོ་ཕུལ་ཤོག་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    སག་སྟེང་ལུང་པའི་དགེ་སློང་ཡ་ལ་ཨེ། །ཡོན་ཆབ་གཙང་མོ་ཕུལ་ཤོག་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    ཡུལ་ནི་ལྷུན་གྲུབ་མ་འགྲོ་ཡ་ལ་ཨེ། །མ་འགྲོ་རང་དབང་མིན་འདུག་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    ཀྱེ་མ་ཚེ་རིང་ཀརྨ་ཡ་ལ་ཨེ། །སྐུ་ཞོགས་ཚངས་དབྱངས་རྒྱ་མཚོ་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    ལྷ་མོ་ཉིན་སངས་ལྷ་མོ་ཡ་ལ་ཨེ། །བཀའ་ཤོག་ལན་གསུམ་ཕུལ་ཤོག་ཡ་ལ་ཨེ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    མགོན་པོ་[ལ་བྱ་ལེགས་?]མགོན་པོ་ཡ་ལ་ཨེ། །གུ་རུ་མཚོ་སྐྱེས་རྡོ་རྗེ་ཡ་ལ་ཨེ།། །།