Video Overview
Tashi Wangmo from Tshenkhar Gewog sings a sentimental song. The suffering in the universe stimulates the composer to leave her earthly life and attain Buddhahood. She remembers the hardships she faced herself. She wanted to disappear like a seasonal rainbow from the sky. She wanted to leave samsara and practice dharma for the benefit of her future life.
ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ལས་ བཀྲ་ཤིས་དབང་མོ་གིས་འཁྲུལ་སྣང་ཅན་གྱི་གླུ་གཞས་ བསམ་པ་ལྷ་ཆེན་བསམས་ཀྱང་ ཟེར་མི་ཅིག་འཐེན་ཏེ་འདུག འཁྱམས་ས་འཁོར་བའི་ནང་ཟེར་ ཇི་སྐད་དུ་ བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཟེར་གསུངས་ཏེ་ཡོདཔ་བཟུམ་སྦེ་ མནོ་བསམ་ལྷ་ཡི་བདེ་བ་འདོད་ཀྱང་ ཚེ་སྔ་མ་རང་གིས་ལས་ངན་པ་བསགས་པ་ལས་བརྟེན་ཏེ་ འཁྱམས་ས་འཁོར་བ་ནང་ལུ་འཁྱམས་ཏེ་ཡོདཔ་ལས་ འདི་ལུ་སྐྱོ་བ་སྐྱེས་ཏེ་བརྩམས་བརྩམས་ཀྱི་སྐྱོ་གླུ་ཅིག་ཨིན་པས། ད་རུང་ འཇིག་རྟེན་དང་བསྟུན་པའི་ལས་དང་བྱ་བ་གིས་ འུ་སྡུག་ཐང་ཆད་དེ་འབད་རུང་ སེམས་ཁར་དྲན་རེ་དྲན་ཚད་ དམ་པའི་ཆོས་ར་དྲནམ་མས་ཟེར་ འཁྲུལ་ལྷང་ལྷང་འབད་འཐེན་ཏེ་འདུག
- བཀྲིས་དབང་མོ། Tashi Wangmoབསམ་པ་ལྷ་ཆེན་བསམས་ཀྱང་། །འཁྱམས་ས་འཁོར་བའི་ནང་། །འཇིག་རྟེན་ལས་ཀྱིས་སྡུག་ཀྱང་། །དྲན་ནི་དམ་ཆོས་དྲན། །འཇིག་རྟེན་ལས་ཀྱིས་སྡུག་ཀྱང་། །དྲན་ནི་དམ་ཆོས་དྲན། །Even thinking of god, Are here in samsara. Even its difficult with works, Remembers dharma.
- བཀྲིས་དབང་མོ། Tashi Wangmoལུས་ལྟ་ལུས་རང་སྡུག་ཚེ། །སེམས་ལྟ་སེམས་རང་སྐྱོ། །ནམ་གྱི་འཇའ་ཤར་ལྟ་བུ། །ཡལ་རྒྱུ་ཡོད་ན་དགའ། །ནམ་གྱི་འཇའ་ཤར་ལྟ་བུ། །ཡལ་རྒྱུ་ཡོད་ན་དགའ། །When body suffers, Mind is disturb (sad). Would be happy if it disappears like rainbow in sky.
- བཀྲིས་དབང་མོ། Tashi Wangmoཉི་མ་དགུང་ལ་སྐྱེ་བ། །ཚེ་སྔོན་ལས་ཀྱིས་བཀོད། །ང་ཚོ་སྤྲང་པོ་སྤྲང་མོ། །མི་ཡུལ་བསྐོར་དུ་ལོག །ང་ཚོ་སྤྲང་པོ་སྤྲང་མོ། །མི་ཡུལ་བསྐོར་དུ་ལོག །Its fate of sun to be on sky, Its fate of humble man and woman to be on earth.
- བཀྲིས་དབང་མོ། Tashi Wangmoསང་ཕོད་ད་རེས་ཙམ་དུ། །འཛོམས་པའི་སྨོན་ལམ་ཞུ། །སང་ཕོད་ད་རེས་ཙམ་དུ། །མཇལ་བའི་སྨོན་ལམ་ཞུ།། ལགས་སོ།། །།Will pray for next year at this moment to meet again. Thank you.