Skip to main content Skip to search
29 Aug 2018
4 min 40 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ ཟེར་བའི་བོད་སྒྲའི་གླུ་གཞས་རྙིང་ཤོས་འདི་ ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ལས་ ཤེས་རབ་དཔལ་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་ཀྱིས་ཚིག་དང་འཁྲིལ་བ་ཅིན་ བླམ་ཅིག་གིས་ གནས་ཁྱད་པར་ཅན་ཅིག་ནང་ ལྷ་ཁང་ཅིག་བཞེངས་ཏེ་ ཁོ་ར་དེ་ཁར་བཞུགས་པའི་སྐབས་ མི་སེར་ཚུ་གིས་ ཁོ་ལས་ བྱིན་རླབས་ཞུ་ནིའི་གོ་སྐབས་ཐོབ་ཅི་ ཟེར་ཨིན་མས། ནཱི་བཟུམ་སྦེ་ར་ ང་བཅས་རའི་དཔོན་ཚུ་གིས་ཡང་ རྫོང་བཞེངས་ཞིནམ་ལས་ ཁོང་ར་དེ་ནང་བཞུགས་ཏེ་ མི་སེར་ལུ་བཀའ་རྒྱ་ཚུ་གནངམ་ཨིན་ཟེར་ མདོར་བསྡུ་བ་ཅིན་ གླུ་གཞས་འདི་གིས་ མཚན་ལྡན་བླམ་དང་འགོ་ཁྲིདཔ་ཚུ་ དེ་ལས་ང་བཅས་རའི་མི་ཚེ་གཅིག་གི་ཕམ་ཚུ་ལུ་ གུས་ཞབས་འབད་དེ་ཕུལཝ་ཨིན་མས།

Show More

  • ཤེས་རབ་དཔལ་མོ། Sherab Pemo
    ས་རྒྱ་ནག་ནོར་བུ་རི་གི་(ཡི་)ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་(ཡི་)ལ་ནི་ཚུར་རྒྱབ་ན། །
    To the other part of jewel hill, To this part of jewel hill.
  • ཤེས་རབ་དཔལ་མོ། Sherab Pemo
    བཞེངས་པ་རྣམས་སུ་དགོན་བཟང་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་མཚན་ལྡན་ལ་ནི་བླ་མ་བཞུགས། །བཞུགས་པ་རྣམས་སུ་མཚན་ལྡན་ལ་ནི་བླ་མ་བཞུགས། །
    There built hermitage, There resides perfect teacher.
  • ཤེས་རབ་དཔལ་མོ། Sherab Pemo
    མཚན་ལྡན་བླ་མའི་ཐུགས་རིག་ལ་ནི་དགོངས་པ་བཞུགས་ལ། །བྱིན་རླབས་སྲུང་སྐུད་བསྟན་པ་ལ་ནི་དར་སེ་དར། །བྱིན་རླབས་སྲུང་སྐུད་བསྟན་ལ་ནི་དར་སེ་དར། །
    Let it be blessed with perfect teacher, There be flourished of blessings.
  • ཤེས་རབ་དཔལ་མོ། Sherab Pemo
    ས་རྒྱ་ནག་ནོར་བུ་རི་གི་(ཡི་)ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་(ཡི་)ལ་ནི་ཚུར་རྒྱ་ན། །
    To the other part of jewel hill, To this part of jewel hill.
  • ཤེས་རབ་དཔལ་མོ། Sherab Pemo
    བཞེངས་པ་རྣམས་སུ་རྫོང་ཆེན་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་དབང་ཆེན་ལ་ནི་དཔོན་པོ་བཞུགས། །
    There built huge fortress, There resides mighty king.
  • ཤེས་རབ་དཔལ་མོ། Sherab Pemo
    དབང་ཆེན་དཔོན་པོའི་ཐུགས་རིག་ལ་ནི་དགོངས་པ་བཞུགས་ལ། །ཁ་དབང་ཚིག་གསུམ་བསྟན་པ་ལ་ནི་དར་སེ་དར། །ཁ་དབང་ཚིག་གསུམ་བསྟན་པ་ལ་ནི་དར་སེ་དར། །
    Let it be blessed with might king, There be flourished of empowerment.
  • ཤེས་རབ་དཔལ་མོ། Sherab Pemo
    ས་རྒྱ་ནག་ནོར་བུ་རི་གི་(ཡི་)ལ་ནི་ཕར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་(ཡི་)ལ་ནི་ཚུར་རྒྱབ་ན། །ཨོ་ལོ་ནོར་བུ་རི་གི་(ཡི་)ལ་ནི་ཚུར་རྒྱབ་ན། །
    To the other part of jewel hill, To this part of jewel hill.
  • ཤེས་རབ་དཔལ་མོ། Sherab Pemo
    བཞེངས་པ་རྣམས་སུ་གཡུས་བཟང་ལ་ནི་ཁྲ་མོ་བཞེངས་ལ། །བཞུགས་པ་རྣམས་སུ་ཡབ་ཡུམ་ལ་ནི་གཉིས་ཀུ་བཞུགས། །
    There built pretty village, There reside parents.
  • ཤེས་རབ་དཔལ་མོ། Sherab Pemo
    ཡབ་ཡུམ་གཉིས་ཀུའི་ཐུགས་རིག་ལ་ནི་དགོངས་པ་བཞུགས་ལ། །རྒྱུ་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་དར། །རྒྱུ་ནོར་ལོངས་སྤྱོད་བསྟན་པ་ལ་ནི་དར་སེ་དར། །
    Let it be blessed with parents, There be flourished of wealth.
  • ཤེས་རབ་དཔལ་མོ་ Sherab Pemo
    ལགས་སོ།། །།
    Thank you.