Skip to main content Skip to search
01 Sep 2018
4 min 17 sec
Video Overview
Creators: 
Norzin Lhamo

The song has four stanzas, each with its own theme and metaphors. The song describes that in the land of golden mountain, there flowed a stream resembling the purest milk and if one looks carefully, one will see the lustral water of the lama. However, the song was not widely popular throughout Bhutan. 

 

ཧེ་མ་མ་པ་ལས་ར་ གོ་མ་མྱོང་བའི་གླུ་གཞས་འདི་ནང་ གསེར་གྱི་གང་དང་ལྡན་པའི་ས་གཞི་འདི་ཁ་ལས་ ཆུ་བབས་མི་འདི་ གཙང་ཞིང་དག་ཏོག་ཏོ་སྦེ་ཡོད་པའི་ ཨོམ་དང་འདྲ་བས་ཟེར་ཨིནམ་ད་ འདི་ནང་ལེགས་ཤོམ་སྦེ་ལྟ་བའི་སྐབས་སུ་ མཚན་ལྡན་བླ་མའི་ཞལ་གྱི་དཀྱིལ་འཁོར་འདི་མཇལ་ཚུགས་ཟེར་མས་ དཔེ་དང་དོན་གྱི་ཐོག་ལས་སླབ་མས། ཏེ་གླུ་གཞས་འདི་ཧན་ཏོང་ཏོ་ཡོད་རུང་ ང་བཅས་རའི་ས་གནས་ མང་ཤོས་ཅིག་ནང་ཡོངས་གྲགས་སྦེ་ ཁྱབ་སྟེ་མེདཔ་ལས་ འདི་ཤེས་མི་ཡང་དག་པ་རེ་མིན་འདུག།  

 

Transcript search
No results found for this search
0 of 0
  • སེང་གེ་སྒྲོལམ། Singye Dem
    རི་འདི་ལ་དང་པ་ལ་མི་ཆགས་དང་པ་ཆགས། ཡ་ལ་ནི་དང་པ་ཆགས། རི་འདི་ལ་དང་པ་ལ་གསེར་གྱི་རི་ལུ་ཆགས། ཡ་ལ་ནི་རི་ལུ་ཆགས། །(??)
  • སེང་གེ་སྒྲོལམ། Singye Dem
    གསེར་གྱི་ལ་རི་གི་ལ་གཞུང་ལ་ཨོ་མ་ལུ། ཡ་ལ་ནི་ཨོ་མ་ལུ། སྣང་སྲིད་ལ་ཨོ་མ་ལ་མ་རེད་ཁྲུས་ཆུ་རེད། ཡ་ལ་ནི་ཁྲུས་ཆུ་རེད། མཚན་ལྡན་ལ་སྐུ་ཁྲུས་ལ་གནང་མི་ཁྲུས་ཆུ་རེད། ཡ་ལ་ནི་ཁྲུས་ཆུ་རེད། །(??)
  • སེང་གེ་སྒྲོལམ། Singye Dem
    རི་འདི་ལ་གཉིས་པ་ལ་མི་ཆགས་གཉིས་པ་ཆགས། ཡ་ལ་ནི་གཉིས་པ་ཆགས། རི་འདི་ལ་གཉིས་པ་ལ་དངུལ་གྱི་གཞུང་ལུ་ཆགས། ཡ་ལ་ནི་གཞུང་ལུ་ཆགས། །
  • སེང་གེ་སྒྲོལམ། Singye Dem
    དངུལ་གྱི་རི་གི་ལ་གཞུང་ལ་ཨོ་མ་ལུ། ཡ་ལ་ནི་ཨོ་མ་ལུ། སྣང་སྲིད་ལ་ཨོ་མ་ལ་མ་རེད་ཁྲུས་ཆུ་རེད། ཡ་ལ་ནི་ཁྲུས་ཆུ་རེད། དབང་ཆེན་ལ་སྐུ་ཁྲུས་གནང་མི་ཁྲུས་ཆུ་རེད། ཡ་ལ་ནི་ཁྲུས་ཆུ་རེད། །
  • སེང་གེ་སྒྲོལམ། Singye Dem
    རི་འདི་ལ་གསུམ་པ་ལ་མི་ཆགས་གསུམ་པ་ཆགས། ཡ་ལ་ནི་གསུམ་པ་ཆགས། རི་འདི་གསུམ་པ་ལ་དུང་གི་རི་ལུ་ཆགས། ཡ་ལ་ནི་རི་ལུ་ཆགས། །
  • སེང་གེ་སྒྲོལམ། Singye Dem
    དུང་གི་ལ་རི་གི་ལ་གཞུང་ལ་ཨོ་མ་ལུ། ཡ་ལ་ནི་ཨོ་མ་ལུ། ཡབ་ཆེན་ལ་སྐུ་ཁྲུས་གནང་མི་ཁྲུས་ཆུ་རེད། ཡ་ལ་ནི་ཁྲུས་ཆུ་རེད། །