Skip to main content Skip to search
01 Sep 2018
4 min 48 sec
Video Overview
Creators: 
Sherig Dentshog

The song "Phunm Tshogpa Nga Chey Gyelkhap" seems to be composed by the disciples of Dungsey Rinpoche because the song praises him as well as his song Garab Rinpoche and their residence in eastern Bhutan, popularly known as Rangjung Yoedsel Choeling Goenpa. The song initially praises the country that was under the golden rule of the fourth king Jigme Singye Wangchuck, where the people enjoy happiness. In the later part of the song it praises his sacred monastery of Rangjung Yoedsel Choeling Goepa, the residence of their Holiness Dungsey Rinpoche and wishes his lineage to remain peaceful forever.

༉  བསམ་ལྗོངས་མཁར་ གླང་ཆེན་ཕུག་རྒེད་འོག་ཇམ་པཱ་ཎི་ལས་ཕུན་ཚོགས་ཀྱིས་ གླུ་གཞས་ ཕུན་སུམ་ཚོགས་པ་ང་ཚོའི་རྒྱལ་ཁབ་ཟེར་མི་འདི་ སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་ དེ་ལས་ཤར་ཕྱོགས་ཀྱི་བཞུགས་གནས་ཡོངས་གྲགས་ལུ་ རང་འབྱུང་འོག་གསལ་ཆོས་གླིང་གི་སྐོར་ལས་བསྟོད་པ་སྦེ་བརྩམས་བརྩམས་ཅིག་ཨིན་མས། གླུ་གཞས་འདི་ནང་ དང་པ་ར་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོ་ མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་གསེར་ཁྲིའི་མངའ་འོག་ལུ་ དགའ་སྐྱིད་དང་ལྡནམ་སྦེ་སྐྱོང་གནང་མི་ལུ་བསྟོད་པ་དང་ དེ་ལས་སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་དང་ཁོ་གི་རྗེས་འཇུག་ཚུའི་གདན་ས་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པའི་བསྟོད་པ་སྦེ་བརྩམས་ཏེ་འདུག

Transcript search
No results found for this search
0 of 0
  • ཕུན་ཚོགས་ Phuntsho
    ལགས་སོ། ང་ཧེ་མ་ ཡར་བཀྲ་ཤིས་བསྒང་ ཡར་དགེ་ལོང་དགོན་པ་ཟེར་ས་ལུ་ ང་བཅས་རའི་སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་གི་ཕྱག་ཞུ་སྟེ་སྡོད་པའི་སྐབས་སུ།
  • ཕུན་ཚོགས་ Phuntsho
    དེ་ལས་ཨ་ནཱ་ལས་ ཡབ་གདུང་སྲས་རིན་པོ་ཆེ་གིས་ ང་བཅས་ར་ གཅེས་གཅེས་ཕངས་ཕངས་འབད་དེ་ ག་ཅི་འདེ་སློབ་སྦྱོང་གནངམ་མ་ཚད་ ང་ལུ་ཁོ་རའི་སྲས་སྲོས་ལས་ལྷགཔ་སྦེ་བརྩེ་བ་ ཁག་ཆེཝ་ཡོདཔ་ལས་བརྟེན།
  • ཕུན་ཚོགས་ Phuntsho
    ཏེ་ ཡར་ཐེག་མཆོག་དགའ་རབ་ཡངས་རྩེ་ཟེར་ དགོན་པའི་སྒོ་ཁར་ མཚན་ཡང་དེ་སྦེ་བཏགས་ཏེ་ཡོད་ཟེར་ཞུ་ནི་ལགས། འདི་བཟུམ་སྦེ་ ཐེག་མཆོག་དགའ་རབ་ཡངས་རྩེ་འདི་ ག་ལུ་ཞུ་ནི་ཨིན་ན་ཟེརཝ་ད་ འ་ནི་མི་འདི།
  • ཕུན་ཚོགས་ Phuntsho
    ནངས་པར་གནངས་ཚེ་འབྱོན་ནི་ཨིན་ འ་ནི་འབྱོན་ནི་ཨིན་ ཁྱེད་ཆ་ཁྱབ་ལུ་ ང་གིས་གཏང་ནི་ཨིན་ ཟེར་གསུངས་དེས། ང་འདི་ མི་ལོ་ན་ཚོད་རྒན་རྒས་འགྱོ་སྟེ་ དེ་འབད་ནི་དེ་གིས་ ན་ཚ་ལེ་ཤ་ཡོད་ནི་དེ་གིས་ ཕྱི་རྒྱལ་སྨན་བཅོས་ལུ་བསྟེན་ནི་ཨིན་ཟེར་ འབྱོན་འོང་ཟེར་གསུངས་ཞིནམ་ལས་ཡར།
  • ཕུན་ཚོགས་ Phuntsho
    ང་བཅས་རའི་ཐེག་མཆོག་དགའ་རབ་ཡངས་རྩེ་ ད་ལྟོ་སྤྲུལ་སྐུ་དགའ་རབ་ཟེར་མི་འདི་ བཀྲ་ཤིས་བསྒང་ ཤར་ཕྱོགས་ཁ་ཐུག་ལུ་བྱོན་ཏེ་ ང་བཅས་ར་ འབྲུག་རང་འབྱུང་འོད་གསལ་ཆོས་གླིང་ཟེར་མི་ཅིག་ནང་དགོན་པ་གཅིག་ཡོད་ ཧེ་མ་མུན་གསལ་གླིང་ཨིན་ཟེར་ཞུ་ནི།
  • ཕུན་ཚོགས་ Phuntsho
    ཧེ་མ་མུན་གསལ་གླིང་ཟེར་མི་འདི་ མུན་པ་གསལ་ནི་གི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་བཙུགསཔ་ད་ འཇིག་རྟེན་གྱི་མུན་པ་སེལ་དགོ་ཟེར་ མཚན་ཅིག་གསོལ་ཏེ་སྡོད་ཅི་ འ་ནཱི་འདི་ཡབ་རིན་པོ་ཆེ་གིས་ མི་བཏུབ།
  • ཕུན་ཚོགས་ Phuntsho
    འོད་གསལ་ཆོས་གླིང་ཟེར་བཏགས་ཟེར་ མཚན་འདི་ བཀའ་སློབ་མར་ལས་ཡར་ ཡབ་རིན་པོ་ཆེ་གིས་བཀའ་སློབ་གནངམ་ལས་ཚུར་ རང་འབྱུང་འོད་གསལ་ཆོས་གླིང་ཟེར་ དགོན་པའི་མིང་འདི་ འ་ནཱི་ཨིན་ཟེར་ཞུ་ནི།
  • ཕུན་ཚོགས་ Phuntsho
    འ་ནཱི་ཐོབ་ཞིནམ་ལས་ རིན་པོ་ཆེ་ལུ་རྐྱེན་བར་ཆད་ག་ཡང་མེད་པར་ ཁྱེད་སློབ་མ་ཚུ་དང་ བླ་མ་ཚུ་གི་བར་ན་ གནམ་མེད་ས་མེད་ རྒྱལ་ཁབ་ཀྱི་ནད་མུག་འཁྲུགས་རྩོད་ཞི་ནི་ལ་སོགས་པ་ ང་བཅས་ག་ར་ འ་ནཱི་གསུམ་གྱི་ཚིག་འདི་ མདོར་བསྡུས་ཏེ་ ང་གིས་ད་ཅི་ཞུ་དོ་བཟུམ་སྦེ་ ནོར་བ་རེ་ཡོད་པ་ཅིན།
  • ཕུན་ཚོགས་ Phuntsho
    ཁྱེད་ཚུ་གིས་ཐུགས་ཀྱི་བཟོད་པ་བཞེས་གནང་དགོ་ ཏེ་ང་གི་སྐྱོན་མ་གཟིགས་པར་ ང་གིས་ཁྱད་ཆོས་འདི་ ཕར་ཁྱེད་ཚུ་གིས་ ཕར་བཞེས་གནང་དགོ་ཟེར་ཞུ་ནི་ལགས། འ་ནཱི་འབད་ནི་དེ་གིས་ ལགས་སོ། ང་གི་འདི་འགོ་བཙུགས་གེ་ཟེར་ཞུ་ནི།
  • ཕུན་ཚོགས་ Phuntsho
    ཕུན་སུམ་ཚོགས་པ་ང་ཚོ་རྒྱལ་ཁབ། །གང་ཡིན་ཞེ་ན་ཆོས་ལྡན་རྒྱལ་ཁབ། །གང་ཡིན་ཞེ་ན་ཆོས་ལྡན་རྒྱལ་ཁབ། །
  • ཕུན་ཚོགས་ Phuntsho
    ཆོས་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག །གཟི་བརྗིད་དབང་ཐང་མཚུངས་པ་མེད་པ། །གཟི་བརྗིད་དབང་ཐང་མཚུངས་པ་མེད་པ། །
  • ཕུན་ཚོགས་ Phuntsho
    གཞུང་དང་མི་སེར་མཐུན་པ་ལ་ནི། །མ་དང་བུ་ཡི་བརྩེ་བ་འདྲ་ཡོད། །མ་དང་བུ་ཡི་བརྩེ་བ་འདྲ་ཡོད། །
  • ཕུན་ཚོགས་ Phuntsho
    ཉམ་ཆུང་ང་ཚོ་གསེར་གྱི་རྒྱན་ཆ། །རང་འབྱུང་འོད་གསལ་ཆོས་གླིང་དགོན་པ། །རང་འབྱུང་འོད་གསལ་ཆོས་གླིང་དགོན་པ། །
  • ཕུན་ཚོགས་ Phuntsho
    ངེ་གི་བླ་མ་དགའ་རབ་རྡོ་རྗེ། །དམ་ཆོས་གནང་བ་ལྷང་ལྷང་དྲན་ནོ། །དམ་ཆོས་གནང་བ་ལྷང་ལྷང་དྲན་ནོ། །
  • ཕུན་ཚོགས་ Phuntsho
    ཐུགས་རྗེ་གཟིགས་ཤིག་ངེ་གི་བླ་མ། །རེ་བ་འགྲུབ་པའི་དངོས་གྲུབ་གནང་དང་། །རེ་བ་འགྲུབ་པའི་དངོས་གྲུབ་གནང་དང་། །
  • ཕུན་ཚོགས་ Phuntsho
    སྐྱེས་པའི་ཡུལ་འདི་བདེ་ཞིང་ལོ་ལེགས། །བཀྲ་དང་ཤིས་པ་(པའི་)གླུ་གར་ཞུ་འོ། །བཀྲ་དང་ཤིས་པ་(པའི་)གླུ་གར་ཞུ་འོ། །
  • ཕུན་ཚོགས་ Phuntsho
    ལགས་སོ་ལགས། ང་གིས་ལེགས་ཤོམ་ཞུ་མ་ཤེས་ ཨིན་རུང་བཟོད་པ་གཞེས་གནང་ད་ལགས།། །།