Video Overview
གླུ་གཞས་ཕུ་ལ་མི་ཆགས་ཕུ་ལ་ཆགས་ཟེར་མི་ རྙིང་ཤོས་ཅིག་ཨིན་མི་བོད་སྒྲའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ལས་ མིན་འགྱུར་གྱིས་འཐེནམ་ཨིན་པས། དེ་ཡང་ ཕུ་ལ་མི་ཆགས་ཕུ་ལ་ཆགས། །ཕུ་ལ་ཡས་ཀྱི་གངས་རི་དཀར་པོ་ཆགས། །གངས་རི་དཀར་པོ་ལོས་ཀྱང་ཆགས། །སེང་ཆེན་དཀར་མོ་བརྒྱ་ཡི་གདན་ས་རེད་ཟེར་ ཕུ་ཡས་ཀྱི་གངས་རི་དཀརཔོ་དེ་ གངས་ཀྱི་སེང་ཆེན་དཀརམོ་འཁྱམས་སྡོད་ས་གི་གདན་ས་ཨིན་ཟེར་དང་ དེ་བཟུམ་སྦེ་ར་ ཡས་ཀྱི་དགོན་བཟང་ཁྲ་མོ་དེ་ཡང་ མཚན་ལྡན་བླ་མའི་གདན་ས་ཨིན་ཟེར་ སོ་སོའི་གནས་ཚུ་ངོ་སྤྲོད་འབད་དེ་འཐེནམ་ཨིན་པས།
- མི་འགྱུར། Minjurཕུ་ལ་མི་ཆགས་ཕུ་ལ་ཆགས། །ཕུ་ལ་ཡས་སེ་(ཀྱི་)གངས་རི་དཀར་པོ་ཆགས། །ཕུ་ལ་གཡས་སེ་(ཀྱི་)གངས་རི་དཀར་པོ་ཆགས། །Mountainside won’t settle mountainside had settled, To the top of mountainside settles white peak.
- མི་འགྱུར། Minjurགངས་རི་དཀར་པོ་ལོས་ཀྱང་ཆགས། །སེང་ཆེན་དཀར་མོ་བརྒྱ་ཡི་གདན་ས་རེད། །སེང་ཆེན་དཀར་མོ་བརྒྱ་ཡི་གདན་ས་རེད། །White peak settles, Is the palace of hundreds of white lion.
- མི་འགྱུར། Minjurཤར་གྱི་རྨ་བྱ་སྤུན་གསུམ་འཛོམས། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །There gathers three kin peacocks, The ornaments were hanging to the girl’s body.
- མི་འགྱུར། Minjurཤར་གྱི་རྨ་བྱ་སྤུན་གསུམ་འཛོམས། །ཁྲབ་ལ་ཟེར་ན་བུ་མོའི་མཛུབ་དཀྱི་(ཞབས་ཁྲ་)རེད། །ཁྲབ་ལ་ཟེར་ན་བུ་མོའི་ཞབས་ཁྲ་རེད། །There gathers three kin peacocks, Dance is in girl’s dance.
- མི་འགྱུར། Minjurགཡས་ལ་མི་ཆགས་གཡས་ལ་ཆགས། །གཡས་ལ་ཟེར་ན་དགོན་བཟང་ཁྲ་མོ་ལེ་ཆགས། །གཡས་ལ་ཟེར་ན་དགོན་བཟང་ཁྲ་མོ་ལེ་ཆགས། །Right won’t settle right had settled, Right mean to the abbey.
- མི་འགྱུར། Minjurདགོན་བཟང་ཁྲ་མོ་ལོས་ཀྱང་ཆགས། །མཚན་ལྡན་བླ་མ་བརྒྱ་ཡི་གདན་ས་རེད། །མཚན་ལྡན་བླ་མ་བརྒྱ་ཡི་གདན་ས་རེད། །There exists good abbey, Is the palace of thousands of perfect teacher?
- མི་འགྱུར། Minjurཤར་གྱི་རྨ་བྱ་སྤུན་གསུམ་འཛོམས། །ཁྲབ་ལ་ཟེར་ན་བུ་མོའི་ཞབས་ལ་བྲ་རེད། །ཁྲབ་ལ་ཟེར་ན་བུ་མོའི་ཞབས་ཁྲ་རེད། །There gathers three kin peacocks, Dance is in girl’s dance.
- མི་འགྱུར། Minjurཤར་གྱི་རྨ་བྱ་སྤུན་གསུམ་འཛོམས། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །There gathers three kin peacocks, Had beaten ring for lass.
- མི་འགྱུར། Minjurགཡོན་ལ་མི་ཆགས་གཡོན་ལ་ཆགས། །གཡོན་ལ་ཟེར་ན་ཁང་ཁྱིམ་གྲུ་བཞི་ལེ་ཆགས། །གཡོན་ལ་ཟེར་ན་ཁང་ཁྱིམ་གྲུ་བཞི་ལེ་ཆགས། །Left won’t settle left had settled. Left mean four-sided hut.
- མི་འགྱུར། Minjurཁང་ཁྱིམ་གྲུ་བཞི་ལོས་ཀྱང་ཆགས། །དྲིན་ཅན་ཕ་མ་བརྒྱ་ཡི་གདན་ས་རེད། །དྲིན་ཅན་ཕ་མ་བརྒྱ་ཡི་གདན་ས་རེད། །There exits good four sided hut, Is the palace of benevolent parents?
- མི་འགྱུར། Minjurཤར་གྱི་རྨ་བྱ་སྤུན་གསུམ་འཛོམས། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །There gathers three kin peacocks, Dance is in girl’s dance. Laso
- མི་འགྱུར། Minjurལགས་སོ།། །།Thank you.