Skip to main content Skip to search
01 Sep 2018
4 min 5 sec
Video Overview
Creators: 
Sherig Dentshog

Tandi Zangmo from Sampdrumpjongkhar district sings a Zhungdra song called "Phari Tshenden Lama". Its lyrics celebrate happiness for the presence of spiritual masters, powerful leaders, parents and lovers. The song is an offering to provide for the welfare of all living beings. It seems unpopular in the western parts of the country as it is not listed in the song books composed by the Royal Academy for Performing Arts and other private agencies and individuals who perform research on songs.

༉  གླུ་གཞས་ ཕར་རི་ཏ་མཚན་ལྡན་བླ་མ། །ཚུ་རི་ཏ་མཚན་ལྡན་བླ་མ་ཟེར་མི་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་ལས་ སྨིན་དྲུག་ཆོས་འཛོམས་ཀྱིས་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ མདངས་རིངམོ་སྦེ་ཡོད་པའི་གུ་ལུ་ བླམ་དང་དབང་ཆེན་དཔོན་པོ་ དེ་ལས་ཡབ་ཆེན་ཨ་པ་དང་ཡུམ་ཆེན་ཨ་མ་ཚུ་ལུ་བསྟོད་པའི་ཚིག་ཚུ་ཡོདཔ་ལས་ གཞུང་སྒྲའི་དབྱེ་ཁག་ནང་ཚུད་ནི་ཨིན་མས། གླུ་གཞས་འདི་ ནུབ་ཕྱོགས་ཁ་ཐུག་ལུ་དར་ཁྱབ་དང་ཡོངས་གྲགས་མེད་མི་ཅིག་ཨིནམ་ད་ དང་ཕུ་ལས་ཡོད་པའི་གླུ་གཞས་ཅིག་ཨིན་རུང་ ཧེ་མ་ལས་ཡོད་པའི་གླུ་དེབ་ཚུ་ནང་ཡང་མེདཔ་ལས་ ད་ལྟོ་ང་བཅས་ཀྱི་རྣམ་ཅོ་ཁ་ལུ་ གསརཔ་སྦེ་གོ་དོ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ཕར་རི་ཏ་མཚན་ལྡན་བླ་མ་ལ་ནི་ཚུར་རི་ནི་མཚན་ལྡན་བླ་མ། །ཆོས་ཀྱི་ཏ་ཕར་ན་ཚུར་ན་དོན་འབྲས་ཏ་ཞུ། །
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ཕར་རི་ཏ་དབང་ཆེན་དཔོན་པོ་ལ་ནི་ཚུར་རི་ནི་དབང་ཆེན་དཔོན་པོ། །ཁྲིམས་གཞུང་ཏ་ཕར་ན་ཚུར་ན་དོན་འབྲས་ཏ་ཞུ། །
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ཕར་རི་ཏ་ཡབ་ཆེན་ཨ་པ་ལ་ནི་ཚུར་རི་ནི་ཡབ་ཆེན་ཨ་པ། །དམ་གཙང་ཏ་ཕར་ན་ཚུར་ན་དོན་འབྲས་ཏ་ཞུ། །
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ཕར་རི་ཏ་ཡུམ་ཆེན་ཨ་མ་ལ་ནི་ཚུར་རི་ནི་ཡུམ་ཆེན་ཨ་མ། །ཆང་དང་ཏ་ཨ་རག་བདུད་རྩི་དོན་འབྲས་ཏ་ཞུ། །
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ཕར་རི་ཏ་སྨན་ཆུང་བུ་མོའི་ལ་ནི་ཚུར་རི་ནི་སྨན་ཆུང་བུམོ། །གླུ་གར་ཏ་མཆོད་པ་ཕུལ་ཤོག་དོན་འབྲས་ཏ་ཞུ། །གླུ་གར་ཏ་མཆོད་པ་ཕུལ་ཤོག་དོན་འབྲས་ཏ་ཞུ། །
  • མིན་གྲུ་ཆོས་འཛོམས་ Mindu Chezom
    ལགས་སོ། བཞག་དགོ་པས་དེམ་ཅིག་སྦེ་ མིན་འདུག་ང་བཅས་ཀྱིས་ ཨེ་ཧི་ཧི་ཧི་་་།། །།